མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་འབྱོར་གསལ་ལ། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་རྔ་པ་རྫོང་ཁྲོམ་གཞུང་ནས་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག

ད་ལྟ་རང་གནས་ཚུལ་བཏང་འབྱོར་ལ། དེ་རིང་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཚུར་དྲིས་ཚང་གི་ཕ་ཚུར་དྲིས་དང་མ་བདེ་མཆོག་གཉིས་ཀྱི་བུ་རང་ལོ་ ༡༧ ཡིན་པའི་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་སྐལ་བཟང་དབང་ཕྱུག་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ཏེ་རང་ལུས་ལ་མེ་སྦར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག་མོད། དེ་མ་ཐག་རྒྱ་དམག་གིས་བསྐོར་ནས་མེ་བསད་ཅིང་གཅར་རྡུང་དྲག་པོ་གཏོང་བཞིན་ཁྱེར་ཡོད་འདུག་པས་ཁོང་གི་རྨས་སྐྱོན་ག་འདྲ་ཡིན་མིན་སོགས་ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་མ་ཐུབ།

གནས་ཚུལ་དེ་བྱུང་མ་ཐག་གཡས་གཡོན་གྱི་མི་མང་གིས་སྐད་འབོད་བྱེད་བརྩིས་བྱས་འདུག་ཀྱང་དྲག་ཆས་ཉེན་རྟོག་པ་དང་དྲག་ཆས་དམག་མི་སོགས་ཀྱིས་མེ་མདའ་གཏད་དེ་མི་མང་གཏོར་ཡོད་འདུག དེ་མཚུངས་སུ་གཡུལ་ས་ལྟ་བུའི་གནས་སྟངས་འོག་ཡོད་པའི་རྔ་པ་རྫོང་མཁར་དང་ཀིརྟི་དགོན་པ་སོགས་ལ་སྔར་བས་དམག་མི་མང་དུ་བཏང་ནས་ཕྱི་ནང་གི་འགྲུལ་བཞུད་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་དམ་དྲགས་ཤུགས་ཆེ་རུ་བཏང་ཡོད་འདུག

དེ་མིན་ཉིན་ཤས་སྔོན་ཀིརྟི་དགོན་པའི་གླིང་བར་དང་རྔ་པའི་ཁྲོམ་གཞུང་སོགས་ལ་ཡི་གེ་མང་པོ་སྦྱར་འགྲེམས་བྱས་ཡོད་པ་དང་། ཡི་གེའི་ནང་འཁོད་དོན་མུ་མཐུད་གནས་སྟངས་འདི་ལྟར་ལྷག་ན་མི་མང་པོས་རང་སྲོག་བློས་གཏོང་གིས་ངོ་རྒོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཚུལ་བཀོད་ཡོད་འདུག

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བོད་མི་སྙིང་སྟོབས་མཚོན་ཞེས་གསུངས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩

མཆན། 25

  1. འཇའ་ཐང་འབྲོག་བུ། says:
    ལོ་ 15 སྔོན།

    ང་ཚོ་བོད་མི་རིགས་འདིའི་ལས་སྐལ་དེ་ངོ་མ་འདི་འདྲ་ཞིག་རེད། ཨ་ཁ་ད་བཤད་ན་ཚར་ས་མ་རེད། ད་ཅི་ཞིག་བྱེད་དགོས་སམ་སྤུན་ཟླ་ཚོ། ངོ་མ་བོད་མི་རིགས་ཀྱི་ཚེ་སྲོག་དང་རྒྱ་མི་རིགས་ཀྱི་ཚེ་སྲོག་ལ་ཕྲ་སྦོམ་ཞིག་གང་ན་ཡོད། དེས་ན་ང་ཚོ་འདི་ལྟར་ཁོང་ཚོའི་རྩེད་སྤྱད་ཀྱི་ཚུལ་དུ་འཆི་དགོས་དོན་གང་ཡིན་ནམ། དཀོན་མཆོག་གིས་གཟིགས། ངོ་མ་ཡིད་ཕངས་པ་ཞིག་རེད། མཐའ་དོན་རྒྱ་གཅེས་པ་དེ་ཚོ་ལ་རྗེས་སུ་ཡི་རངས་ཞུ། ཨྃམཎིཔདྨེཧཱུྃ༔ ཨྃམཎིཔདྨེཧཱུྃ༔ ཨྃམཎིཔདྨེཧཱུྃ༔ ཨྃམཎིཔདྨེཧཱུྃ༔ ཨྃམཎིཔདྨེཧཱུྃ༔ ཨྃམཎིཔདྨེཧཱུྃ༔ ཨྃམཎིཔདྨེཧཱུྃ༔

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    གངས་ཅན་བོད་ནས་ཚེ་སྲོག་མེ་ལ་འབར།།
    དཔའ་བོའི་རྗེས་དྲན་ཟེར་བའི་ཚིག་སྐམ་འོག
    རྡ་སའི་རི་གྲོང་རྩེད་མོས་རྒྱལ་ཕམ་འདྲེན།།
    ཁོག་སྡུག་མེད་པའི་ཀི་ཤར་འུ་རུ་རུ།།
    གཞིས་བྱེད་གཉིས་ཀྱི་བསམ་བློའི་བར་ཐག་དེ།།
    གནམ་སའི་ཚད་ཀྱིས་འཇལ་བར་ག་ལ་ནུས།།
    རྒྱབ་སྐྱོར་བྱ་བའི་རྣམ་པ་མང་མོད་ཀྱང།།
    དགོད་སྒྲས་རྒྱབ་སྐྱོར་བྱ་བ་མཐོང་ལགས་སམ།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་གངས་ལྗོངས་ནས་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་མེ་ལ་སྒྲོན་ནས་མེ་ལྕེ་དམར་ལྷབ་ལྷབ་དེ་མ་ཆད་གོང་།
    རྡ་ས་ནས་སཱ་ར་མཐོ་རིམ་སློབ་ཟུར་ཚོ་དང་འབྲོགས་པ་རུ་ཁག་སོགས་ཀྱིས་རྩེ་འདྲེན་གྱི་ཀི་ཤར་འཐེན་དུས་ངའི་བློ་སྙིང་བྲང་གསུམ་གཡོ་འགུལ་བཏང་སོང།
    རྡ་ས་ནས་ཡང་བསྐྱར་རེ་བ་རྫོག་ཏུ་བཅུགས་སོང།
    ཀླད་མེད་དེ་ཚོས་ངོ་དེབ་སོགས་ནས་ཀྱང་དགའ་བའི་ཀི་ཤར་བར་མེད་དུ་སྒྲོག་གིན་འདུག
    རྡ་ས་ནས་བོད་མི་རིགས་ཀྱི་རྒྱ་ཟེར་བ་འདི་མགྲིན་པ་ཡན་ཆོད་ཀྱི་སྐད་ཆ་རེདཟེར་ནས་བཤད་དགོས་དོན་གནས་སྟངས་འདི་འདྲའི་མང་པོ་ཞིག་ལ་ཐུག་ཡོད།
    མི་རིགས་ཀྱིས་རྐང་འདྲེན་པའི་སློབ་ཟུར་དེ་ཚོས་ང་སྙིང་ན་རུ་བཅུགས་སོང།

    Reply
  4. ལྷ་སའི་འཁྱམ་ཕྲུག says:
    ལོ་ 15 སྔོན།

    ཐུ་བྷོད་ལ་གཞལ་བའི་མཆོད་སེམས།
    དེ་རིང་ཧི་མ་ལ་ཡའི་རྒྱབ་ལྗོངས་ན་གནས་པའི་མི་རིགས་ཀྱི་སེམས་ཁོང་དུ་
    ཆོལ་གསུམ་ཆིག་སྒྲིལ སྐྱིད་སྡུག་མཉམ་མྱོང་། ལ་རྒྱ་དང་གདུང་སེམས་ངར་གྱིས་བཞུར། ཉོན་དང ཁྱེད་ཀྱི་ཐོས་ཨེ་བྱུང་། མེ་མདའི་སྒྲ་སྐད་
    ཐ་ན་ལུས་སེམས་གཉིས་པོ་ཡང་རྒྱལ་ཞེན་གྱི་དོན་དུ་གཡོ་ཟོལ་མེད་པར་ལེགས་སྐྱེས་སུ་ཕུལ་བར་མཐོང་སོང་ངམ།
    དྲག་གནོན་དང་གདུག་རྩུབ་སླར་ཡང་རིན་མེད་ཀྱི་མགུལ་དུ་སྤུངས། མནར་གཅོད་ཀྱི་སྨག་རུམ་ན་ལུས་པ་ནི་ཁོང་རྣམ་པའི་བློ་སྟོབས་ཀྱིས་བཞེངས་པའི་དྲང་བདེན་གྱི་དཔང་རྟགས་ཡིན།
    བློ་རྩེ་ལ་གཙགས་བུས་སྣོན་ཐེངས་རེར་དྲན་མེད་དུ་བརྒྱལ། གནམ་ལྕགས་དང་འགྲོགས་པའི་གློག་དམར་ལན་མང་འཁྱུག་ནས་མགོ་ཐོག་གི་འོད་སྣང་གཏོར་བར་བྱས། ད་དུང་ཁྱེད་ཅག་གིས་དཔའ་ངར་ཞུམ་མེད་ངང་གོམས་ཁ་མདུན་བསྐྱོད་བྱེད་ནུས་པ་ནི་ཅི་འདྲའི་ངོ་མཚར་རེད་ཨང།
    སོམས་དང་། གཞིས་ལུས་དགེ་འདུན་པ་དེ་དག་གིས་ཀྱང་རང་མི་རིགས་དང་རྒྱལ་ཁབ་དོན་དུ་རང་ཉིད་ཀྱི་མ་འོངས་ཕུགས་བསམ་རྒྱབ་ལྗོངས་སུ་བསྐྱུར་ནས་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་བསམ་ཡུལ་ལས་འདས་པའི་བློས་གཏོང་བྱས་སོང་། རྒྱལ་སྤྱིའི་གར་སྟེགས་སུ་མིག་དཔེར་འོས་པའི་མཛད་རྗེས་ང་ཚོ་ཧང་སངས་སུ་བཅུག་ཡོད། དེ་ལྟ་ན་ངེད་ཅག་རང་དབང་ལུང་པར་འཚོ་སྡོད་བྱེད་མཁན་བོད་རིགས་ཡོངས་ལ་ཚོར་བ་རྣོན་པོ་དེ་འདྲ་ཞིག་མེད་པ་ག་ལ་ཡིན། ཚེ་སྲོག་གིས་དྲིལ་བརྡ་གྲགས་སོང་བས། ང་ཚོ་ཡང་ལམ་ལ་ཆས་རན་རེད། ང་ཚོ་ངེས་པར་དུ་ལམ་ལ་ཆས་རན་རེད།

    །

    Reply
  5. ལྷ་སའི་འཁྱམ་ཕྲུག says:
    ལོ་ 15 སྔོན།

    དེ་རིང་ཧི་མ་ལ་ཡའི་རྒྱབ་ལྗོངས་ན་གནས་པའི་མི་རིགས་ཀྱི་སེམས་ཁོང་དུ་
    ཆོལ་གསུམ་ཆིག་སྒྲིལ སྐྱིད་སྡུག་མཉམ་མྱོང་། ལ་རྒྱ་དང་གདུང་སེམས་ངར་གྱིས་བཞུར། ཉོན་དང ཁྱེད་ཀྱི་ཐོས་ཨེ་བྱུང་། མེ་མདའི་སྒྲ་སྐད་
    ཐ་ན་ལུས་སེམས་གཉིས་པོ་ཡང་རྒྱལ་ཞེན་གྱི་དོན་དུ་གཡོ་ཟོལ་མེད་པར་ལེགས་སྐྱེས་སུ་ཕུལ་བར་མཐོང་སོང་ངམ།
    དྲག་གནོན་དང་གདུག་རྩུབ་སླར་ཡང་རིན་མེད་ཀྱི་མགུལ་དུ་སྤུངས། མནར་གཅོད་ཀྱི་སྨག་རུམ་ན་ལུས་པ་ནི་ཁོང་རྣམ་པའི་བློ་སྟོབས་ཀྱིས་བཞེངས་པའི་དྲང་བདེན་གྱི་དཔང་རྟགས་ཡིན།
    བློ་རྩེ་ལ་གཙགས་བུས་སྣོན་ཐེངས་རེར་དྲན་མེད་དུ་བརྒྱལ། གནམ་ལྕགས་དང་འགྲོགས་པའི་གློག་དམར་ལན་མང་འཁྱུག་ནས་མགོ་ཐོག་གི་འོད་སྣང་གཏོར་བར་བྱས། ད་དུང་ཁྱེད་ཅག་གིས་དཔའ་ངར་ཞུམ་མེད་ངང་གོམས་ཁ་མདུན་བསྐྱོད་བྱེད་ནུས་པ་ནི་ཅི་འདྲའི་ངོ་མཚར་རེད་ཨང།
    དེ་རིང་ཧི་མ་ལ་ཡའི་རྒྱབ་ལྗོངས་ན་གནས་པའི་མི་རིགས་ཀྱི་སེམས་ཁོང་དུ་
    ཆོལ་གསུམ་ཆིག་སྒྲིལ སྐྱིད་སྡུག་མཉམ་མྱོང་། ལ་རྒྱ་དང་གདུང་སེམས་ངར་གྱིས་བཞུར། ཉོན་དང ཁྱེད་ཀྱི་ཐོས་ཨེ་བྱུང་། མེ་མདའི་སྒྲ་སྐད་
    ཐ་ན་ལུས་སེམས་གཉིས་པོ་ཡང་རྒྱལ་ཞེན་གྱི་དོན་དུ་གཡོ་ཟོལ་མེད་པར་ལེགས་སྐྱེས་སུ་ཕུལ་བར་མཐོང་སོང་ངམ།
    དྲག་གནོན་དང་གདུག་རྩུབ་སླར་ཡང་རིན་མེད་ཀྱི་མགུལ་དུ་སྤུངས། མནར་གཅོད་ཀྱི་སྨག་རུམ་ན་ལུས་པ་ནི་ཁོང་རྣམ་པའི་བློ་སྟོབས་ཀྱིས་བཞེངས་པའི་དྲང་བདེན་གྱི་དཔང་རྟགས་ཡིན།
    བློ་རྩེ་ལ་གཙགས་བུས་སྣོན་ཐེངས་རེར་དྲན་མེད་དུ་བརྒྱལ། གནམ་ལྕགས་དང་འགྲོགས་པའི་གློག་དམར་ལན་མང་འཁྱུག་ནས་མགོ་ཐོག་གི་འོད་སྣང་གཏོར་བར་བྱས། ད་དུང་ཁྱེད་ཅག་གིས་དཔའ་ངར་ཞུམ་མེད་ངང་གོམས་ཁ་མདུན་བསྐྱོད་བྱེད་ནུས་པ་ནི་ཅི་འདྲའི་ངོ་མཚར་རེད་ཨང།
    སོམས་དང་། གཞིས་ལུས་དགེ་འདུན་པ་དེ་དག་གིས་ཀྱང་རང་མི་རིགས་དང་རྒྱལ་ཁབ་དོན་དུ་རང་ཉིད་ཀྱི་མ་འོངས་ཕུགས་བསམ་རྒྱབ་ལྗོངས་སུ་བསྐྱུར་ནས་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་བསམ་ཡུལ་ལས་འདས་པའི་བློས་གཏོང་བྱས་སོང་། རྒྱལ་སྤྱིའི་གར་སྟེགས་སུ་མིག་དཔེར་འོས་པའི་མཛད་རྗེས་ང་ཚོ་ཧང་སངས་སུ་བཅུག་ཡོད། དེ་ལྟ་ན་ངེད་ཅག་རང་དབང་ལུང་པར་འཚོ་སྡོད་བྱེད་མཁན་བོད་རིགས་ཡོངས་ལ་ཚོར་བ་རྣོན་པོ་དེ་འདྲ་ཞིག་མེད་པ་ག་ལ་ཡིན། ཚེ་སྲོག་གིས་དྲིལ་བརྡ་གྲགས་སོང་བས། ང་ཚོ་ཡང་ལམ་ལ་ཆས་རན་རེད། ང་ཚོ་ངེས་པར་དུ་ལམ་ལ་ཆས་རན་རེད།

    བུ་ཟླ་བ། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང།
    རིག་གནས་རབ་འབྱམས་པ་ལོ་རིམ་གཉིས་པ།

    Reply
  6. འཇམ་བཟང་། says:
    ལོ་ 15 སྔོན།

    དསལཇངa༠༩ེཝཇའངལདཔྀ༩ང༨༢ཊ༷༠འུཔང

    Reply
  7. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    ཆོས་དང་སྲིད་ཀྱི་བདེ་དོན་ཁོ་ནའི་ཆེད། །
    རང་ལུས་མེ་རུ་སྦར་བའི་སྙིང་སྟོབས་འདི། །
    རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ཡིན་ངེས་པས། །
    བསྔགས་བརྗོད་མི་མཛད་འདི་ན་སུ་ཞིག་ཡོད། །

    Reply
  8. གྲྭ་རྒོད says:
    ལོ་ 15 སྔོན།

    རྔ་བ་ནས་གྲྭ་བ་ཞིག་མེ་བསྲེགས་བཏང་བ་འདི་བོད་མི་སུ་གཞི་ཡིན་ནའང་སྙིང་ལ་རྨ་ཁ་ཞིག་ཏུ་གྱུར་ཡོད་ངེས་རེད། ལྷག་པར་དུ་ན་གཞོན་དེ་ལྟ་བུ་ཞིག་ཡིན་པས་བསམ་ཡུལ་ལས་འདས་པ་ཞིག་ཡིན་ངེས་རེད། ཡིན་ནའང་ང་ཚོ་ལ་ཆིག་སྒྲིལ་དགོས་མཐུན་འབྲེལ་དགོས་སེམས་ཤུགས་དགོས་སྟོབས་ཤུགས་དགོས་དེ་དག་མེད་དུ་མི་རུང་བས་བསམ་སེས་བྱེད་དགོས་ས་དེ་ཡིན། བོད་གཞི་ལས་མང་ཚོགས་ཀྱི་བོད་ཀྱི་བདེན་མཐའ་སེལ་ཕྱིར་རིགས་གཞུང་རྒྱུན་སྐྱོང་ལ་གཟིགས་དང་། ང་ཚོའི་དེ་འདྲ་བྱེད་ཐུབ་ཡོད་དམ། གཅིག སྲོལ་རྒྱུད་རྒྱུན་ལ་གཟིགས་དང་། ང་ཚོ་གང་འདྲ་འདུག རང་དབང་ཁྱེད་ལས་འགུལ་སྤེལ་སྟེང་གང་འདྲ་འདུག་གཟིགས་དང་། ང་ཚོའི་ལས་འགུལ་སྤེལ་སྟེང་འདྲ་བོ་རེད་དམ། འཁྲབ་སྟོན་ལྟར་དངུལ་རག་ཐུབ་ཙམ་ལས་དམིགས་ཡུལ་མེད་པ་དེ་འདྲ་རེད་དམ། དུསཚོད་ཀྱི་དབང་གི་བྲི་ཐུབ་མ་སོང་དགོངས་དག་ཞུ།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    བསྲེགས་བྱེད་མི་ཡིས་རུ་རྐང་འབར་ཡང།།
    ཨུ་ཚུགས་ཁ་པོ་ཤུགས་ཀྱི་བཅང་ནས།།
    མི་རིགས་ཤིག་གི་ལས་དབང་འབོད་བཞིན།།
    མི་ཡུལ་འདི་ནས་དེ་ལྟར་བུད་ཐལ།།

    ཁ་ཆེམས་ནང་དུ་ཅི་ཞིག་བྲིས་ཡོད།།
    ཤི་བའི་མིག་གིས་སུ་ལ་བལྟས་ཡོད།།
    རྣམ་ཤེས་འཆམ་པོས་གང་དུ་སྒུགས་ཡོད།།
    རིན་ཆེན་མི་ལུས་སུ་ལ་ཕུལ་ཡིན།།

    Reply
  10. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    ང་ཚོས་རྒྱལ་གཅེས་དཔའ་བོ་དག་ལ་མྱ་ངན་གྱི་གུས་འདུད་ཞུས་ནས་སྡོད་རན་ཞིག་མ་རེད། གནས་ཚུལ་འདི་ནི་ཤིན་ཏུ་ཚབས་ཆེན་ཞིག་རེད། རླབས་ཆེ་བའི་རྒྱལ་གཅེས་དཔའ་བོ་དེ་དག དེ་དག་དེ་ལྟར་མེ་ནང་དུ་གཅིག་རྗེས་གཉིས་མཐུད་དུ་མཆོངས་པ་ནི་ང་ཚོའི་མི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་རེད། འདི་ཡང་ད་ལྟ་ཤུགས་རྐྱེན་རང་བཞིན་གྱི་རྣམ་པར་གྱུར་ཏེ་ཛ་དྲག་གི་རང་བཞིན་དུ་འགྱུར་བཞིན་མཆིས་པས། ང་ཚོས་གོང་ས་མཆོག་ལ་འདིའི་ཐད་དུ་བཀའ་སློབ་ཅིག་གནང་དུ་བཅུག་ན་ལེགས་པར་མཐོང་། དེ་མིན་ང་ཚོའི་མི་རབས་ཕྱི་མའི་རེ་བཞག་ཆེ་བའི་དཔའ་བོ་མང་པོ་ཞིག་འཕྲོ་བརླགས་སུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ།

    Reply
  11. བརྩོན་རྒྱམ། says:
    ལོ་ 15 སྔོན།

    མི་རིགས་དང་རྒྱལ་ཁབས་ཀྱི་ཆེད་དུ་རང་ལུས་མཆོད་མེ་སྒྲོན་མཁན་འདི་ཚོ་ནི་དཔའ་འཛངས་སྙིང་སྟོབས་ཀྱི་ངང་ནས་བོད་མིའི་བདེ་སྡུག་ལ་བདེན་དཔང་བྱས་པ་ཞིག་མ་ཡིན་ནམ།   རྒྱ་གཞུང་གི་བོད་ནང་ཡ་རྒྱས་གཏོང་གི་ཡིན་ཞེས་པ་དེ་རྫུན་གཏམ་བསླུ་བྲིད་བྱེད་བཞིན་ཡོད་པ་ར་སྤྲོད་གསལ་བོ་ཞིག་བྱས་པ་རེད།  

    Reply
  12. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 15 སྔོན།

    གྲྭ་པ་འདི་ཚོས་མ་འོངས་པའི་བོད་རང་བཙན་གྱི་ཆེད་དུ་རང་ལུས་བསྲེགས་པ་རེད་དམ། བོད་རྒྱ་གཉིས་ཕན་ལམ་དབུ་མའི་ཆེད་དུ་རང་ལུས་བསྲེགས་པ་རེད། ངས་འདི་ངོ་མ་ཅིག་ཤེས་ན་འདོད།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཅི་འདི་རེ་བ་བརླགས་པའི་རང་བརླགས་སམ།
    ཡང་ན་རེ་བ་ཆེན་པོའི་རེ་འབོད་དམ།
    རང་དབང་བདེན་དོན་རྩོད་པའི་དཔལ་འབར་ཅིག
    དཔའ་བོའི་སྣང་ཚུལ་འདི་ཡིས་བདག་ཡིད་བསྲེགས།
    ཕྱག་ཟུང་སྤྱན་ཟུང་སྤྱན་རས་གཟིགས་ཀྱིས་མཁྱེན།

    Reply
  14. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

    ཨ་མའི་བུ།

    མེ་རླབས་དྲག་ཏུ་འབར་བའི་ངར་ཤུགས་ཀློང་།།

    ལུས་སྲོག་ཕང་མེད་བསྲེགས་པའི་ཨ་མའི་བུ།།

    རྔ་ཡུལ་གཡང་ལྡན་ས་ན་འབར་སོང་སྐད།།

    མིག་ཆུ་བཞུར་བ་རྔ་ཆུའི་རྒྱུན་དུ་གྱུར།།

    གཞན་དོན་ཁུར་དུ་འཁྱེར་བའི་དགེ་འདུན་པ།།

    བདེན་ངག་དབྱངས་ལ་གྱེར་པའི་ཨ་མའི་བུ།།

    མི་རིགས་བདེན་དོན་སྲོག་གིས་བརྩད་སོང་སྐད།།

    སེམས་གདུང་དྲག་པོ་རྔ་ཆུའི་རླབས་ལྟར་འཕྱོ།།

    དམར་ནག་སྤྲིན་པ་སྟུག་པོའི་ཁོང་གསེང་ནས།།

    གཡོ་སྒྱུའི་གློག་ཞགས་འགོག་པའི་ཨ་མའི་བུ།།

    གཞན་གྱི་ཕན་བདེའི་དོན་དུ་འབར་སོང་སྐད།།

    སྐྱོ་གདུང་འཚུབ་མ་སྙིང་གི་དབུས་ན་འཕྱུར།།

    བདེ་བ་དོན་དུ་གཉེར་བའི་མང་ཚོགས་ལ།།

    བདེ་བའི་ལམ་ཞིག་འཚོལ་བའི་ཨ་མའི་བུ།།

    མུན་ཀློང་ཁྲོད་ན་འོད་ཅིག་བསྒྲོན་སོང་སྐད།།

    སྨྲེང་སྐྱོའི་ངུ་ངག་རྔ་ཆུའི་སྒྲ་དང་འདྲེས།།

    ཚེ་གཅིག་རང་བདེའི་དོན་ལ་མ་ཆགས་པར།།

    བདག་གཞན་མཉམ་པར་བརྗེ་བའི་ཨ་མའི་བུ།།

    བདེན་པའི་དཔའ་སྐད་བསྒྲགས་ནས་འབར་སོང་སྐད།།

    སྐྱོ་བའི་མིག་ཆུ་བཞུར་ནས་འཛད་འཐའ་བྲལ།།

    Reply
  15. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    གཞིས་ལུས་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་དང་གདུང་སེམས་མཉམ་བསྐྱེད་བྱེད་དང་བྱེད་བཞིན་ཡོད།

    Reply
  16. རོ་ལངས། says:
    ལོ་ 15 སྔོན།

    གཞིས་ལུས་བོད་མི་མེ་ལྕེས་རྔམ་ཟ་བྱས།།
    ཡུལ་གྱར་བོད་མིའི་རྩེད་འགྲན་ངར་གྱིས་མཆེད།།
    གཞིས་བྱེས་གཉིས་སུ་གྱེས་པའི་བོད་པ་ཚང་།།
    བསམ་བློ་གཅིག་ཏུ་སྒྲིལ་སྟངས་ཅི་འདྲ་རེད།།

    Reply
  17. ཁ་བའི་བུ། says:
    ལོ་ 15 སྔོན།

    ངོ་མ་ཁོང་རྣམས་ཀྱི་མཛད་རྗེས་ལ་ཡི་རངས་དང་བསྟོད་ཅིང་བཀུར་རོ།
    བོད་ལ་ཞེན་ཅིང་དུང་བའི་གཞིས་ལུས་བོད་ཀྱི་དཔའ་བོ་ཚོ་ཐལ་བ་དང་འདྲེས་ཞིང་། སྤྱི་དོན་དང་སྤྱི་སེམས་ཀྱི་དྲི་མས་མ་གོས་པའི་བཙན་བྱོལ་སྤྱི་ཚོགས་པའི་བོད་མི་ཚོས་རྒྱལ་བའི་སྐུ་དྲིན་དང་། སོ་སོའི་རྒྱལ་ཁབ་དང་མི་རིགས། ལྷག་པར་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱིས་དབུས་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་རང་དབང་དང་། བདེ་སྡུག་ལ་མ་བསམ་པར་རྒྱུ་ནོར་ལོངས་སྤྱོད་དང་། མིང་རྐྱང་ཞིག་གི་རྐུབ་ལ་རྒྱུག་པ་ནི་གཞིས་ལུས་བོད་མིའི་སེམས་ཤུགས་དང་སྙིང་སྟོབས་ཉམས་གུད་དུ་གཏོང་བའི་ས་བོན་ངན་པ་ཞིག་ཡིན་པས་ངོ་མ་ང་ཚོ་བཙན་བྱོལ་བ་ཚོ་ཐབས་སྐྱོ་ལ་། གཞིས་ལུས་རྒྱ་ཆེའི་མང་ཚོགས་ལ་ངོ་ཚ་ཨ།
    ལྷག་པར་༸གོང་ས་མཆོག་ལ་རྒྱབ་གཏོད་བྱེད་པོོ་དོལ་རྒྱལ་དང་ཆོས་ལུགས་རང་དབང་ཁ་ལ་འཁྱེར་ནས་རྒྱ་མིའི་རྐུབ་གཡོག་བྱེད་མཁན་དགེ་ལྡན་ཁྲི་ཟུར་སོགས་དོལ་ཚོགས་རྣམས་ཀྱི་སྔ་ཕྱིའི་བྱ་ངན་རྣམས་དེ་མུར་འཇོག་ཐབས་མ་མཆིས་ཞིང་། ཞར་ཞོར་དུ་སྐྱག་གཟན་དེ་ཚོར་སྐྱབས་འགྲོའི་བསླབ་བྱ་ཡང་དག་ཞིག་ཤེས་སུ་མི་འཇུག་ཐབས་མེད་རེད། དེ་ཚོས་བོད་དེ་འགྱེལ་པ་ནས་ཡང་ལང་ཏུ་བཅུག་རྒྱུ་ཕར་བཞག ད་དུང་མེད་པར་བཟོ་ཉེ་བའི་བོད་དང་། རིག་གཞུང་བླ་མ་དང་བཅས་པ་མེད་པར་བཟོ་རྒྱུའི་གྲོགས་མགོན་ཡིན་པས་སྤྱི་སྒེར་ཚང་མས་དེ་རིགས་ལ་གཟབ་གལ་ཆེ་བར་སྙམ།

    Reply
  18. འཇམ་དབྱངས། says:
    ལོ་ 15 སྔོན།

    བོད་བཙན་པོའི་གདུང་རྒྱུད་ཀྱི་དཔའ་བོ་འདི་དག་གི་སྙིང་སྟོབས་ལ་དུས་ནམ་ཡང་རྗེས་དྲན་ཞུ། ཕལ་ཆེར་རང་དབང་ལུང་པར་མར་མེ་ཁྲོམ་སྐོར་རེ་གོ་སྒྲིག་གིས་ཆོག་ཤེས་སྒོམ་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་སོགས་ཚོགས་སྡེ་ཁག་དང་། ལྷག་པར་རང་རིགས་ལ་དུང་བ་ཟབ་དྲགས་པའི་རྐྱེན་གྱིས་༧གོང་ས་མཆོག་ལའང་སྐྱོན་བརྗོད་བྱེད་ཕོད་པའི་རྒྱལ་ཞེན་པ་འགྱུར་མེད་བསྟན་འཛིན་དང་རྭ་ལོ་གཉིས་ཀྱིས་ཀྱང་རང་སྲོག་དམར་པོ་འབེན་ལ་བཞག་ནས་བོད་ནང་གི་དཔའ་བོ་དེ་དག་གི་རྒྱབ་སྐྱོར་མཚོན་ཆེད་རླབས་ཆེན་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་ཤས་ཆེ།

    Reply
  19. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ཕ་ཡུལ་ཨ་མདོ་རྔ་བ་ནས་ཡིན་པའི་འབྲེལ་ཡོད་ཚང་མ་ལག་གཉིས་ཐལ་མོ་སྦྱར་ནས་སེམས་ཚོར་དྲག་པོས་ཞུ་རྒྱུ།
    བོད་མི་ཞིག་ཡིན་ན་བོད་མི་རིགས་ཀྱི་ལས་འགན་སྒྲུབ་དགོས་བ་དེ་རང་ཉིད་ཀྱི་ལས་འགན་ཡིན་ཡང་རང་ལུས་མེར་བསྲེགས་བཏང་ནས་མི་ཞིག་གི་ཚེ་སྲོག་ཐད་ཀར་མེད་པར་བཟོ་བའི་བྱེད་སྟངས་འདིའི་རིགས་མཚམས་བཞགས་བའི་འབོད་བསྐུལ་བྱ་རོགས།

    ཐབས་ཤེས་གཞན་པའི་ཐོག་ནས་བོད་མི་རིགས་ཀྱི་ལས་འགན་བསྒྲུབ་ན་བཟང་།

    Reply
  20. ཕྱུགས་རྫི says:
    ལོ་ 15 སྔོན།

    མི་རིགས་དང་རྒྱ་ཁབ་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་ཕུར་མཁན་སྐུ་ཞབས་གྲྭ་སྐལ་བཟང་དབང་ཕྱུག་ལགས་ལ་གསོན་ན་ཚེ་གཟུངས་དང་འདས་ན་མ་ཎི་སོགས་གདུང་སེམས་མཉམ་སྐྱེད་ཡོད་དམ་པ་ཁོང་གི་བཞེས་དགོངས་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་ བོད་རྒྱལ་ལོ།།

    Reply
  21. ཐུབ་བསྟན། says:
    ལོ་ 15 སྔོན།

    མེ་འབར་སོང།
    ཤ་ཚིགས་སོང་།
    ཁྲག་བཞུར་སོང་།
    དུ་བ་འཕྱུར་འཐིབས་སོང་།
    རྒྱ་དམག་སླེབས་སོང་།
    དྲག་གནོན་བྱས་སོང་།

    Reply
  22. རིན་འཕེལ། says:
    ལོ་ 15 སྔོན།

    ཛ་དྲག་གི་འབོད་སྐུལ་རིང་མོ་ཞིག་པེ་ཅིན་དང་། ཝ་ཤིན་ཊོན། ཡུ་རོབ། རྒྱལ་ཚོགས་བཅས་ལ་གཏོང་རྒྱུ་མ་ཟད། ནང་དོན་གཙོ་བོ་དགེ་འདུན་པ་དང་གཞོན་སྐྱེས་འདི་དག་གི་འབོད་ཚིག་རྒྱུ་རྐྱེན་དུ་བཞག་སྟེ། པེ་ཅིན་དང་གངས་སྐྱིད་གཉིས་མྱུར་ཏུ་གྲོས་མོལ་གྱི་ཅོག་ཙེ་མཐའ་རུ་འཁོད་རྒྱུ་དང་། བོད་མི་རིགས་ཀྱི་མངོན་འདོད་དེ་གསལ་བོ་གོ་དགོས་པ་ཙམ་དུ་དེར་ལ་བརྩི་བཀུར་བྱ་རྒྱུ་སོགས་ཆ་རྐྱེན་དུ་འདོན་དགོས་པ་རེད།
    བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དོན་གཅོད་སོ་སོ་ངེས་པར་དུ་འབྲེལ་ཡོད་རྒྱལ་ཁབ་དེའི་གཞུང་དམངས་གཉིས་ལ་ཐུག་འཕྲད་དུ་མངགས་རན་རེད། ཁོང་ཚོའི་རྨ་མེད་ཀྱི་ལྷག་བསམ་ལ་རྒྱབ་སྐྱོར་ཞུ་ཐུབ་གི་ཡོད་པ་བདེན་ན་ད་ནི་འཕག་འཚག་རྒྱག་རན་རེད་འདུག

    Reply
  23. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    དངོས་གནས་བོད་བཙན་པོའི་མི་རིགས་ཟེར་བ་འདི་འདྲ་ཞིག་ལོས་ཡིན། ད་ནི་འུ་ཚང་གི་འཐབ་རྩོད་ཀྱི་ལས་འགུལ་དེ་ན་ཆུང་རང་ལོ་བཅུ་བདུན་དང་བཅོ་བརྒྱད་ཅན་གྱི་ཁྲོད་དུ་སླེབས་ཚར་འདུག པེ་ཅིན་གཞུང་གི་སྙིང་ལ་རྨ་ཁ་མི་མངོན་པའི་གྲི་སློག་ནན་མོ་ཞིག་བྱས་ཡོད། དེ་ནི་ལོ་ཆུང་ཚོ་འདི་ལྟར་ཡར་བཞེངས་ནས་མི་རབས་འདིའི་འཕྲོ་ན་མི་རབས་འདི་ཡོད་ཅེས་པའི་གོ་བརྡ་གསལ་བོ་ཞིག་འཕྲོད་སོང་བས་ཡིན་ལ། འདི་ནི་འདས་པའི་མི་ལོ་ལྔ་བཅུའི་རང་གི་འཐབ་རྩོད་ཀྱི་བརྒྱུད་རིམ་ལས་ཆེས་གལ་གནད་ཆེ་བའི་ས་ཚིགས་ཤིག་ངོས་འཛི་ཅི་ལ་མི་བྱེད།

    Reply
  24. མྱི་ནག་ཚང་། says:
    ལོ་ 15 སྔོན།

    ཛ་དྲག་གི་འབོད་སྐུལ་རིང་མོ་ཞིག་པེ་ཅིན་དང་། ཝ་ཤིན་ཊོན། ཡུ་རོབ། རྒྱལ་ཚོགས་བཅས་ལ་གཏོང་རྒྱུ་མ་ཟད། ནང་དོན་གཙོ་བོ་དགེ་འདུན་པ་དང་གཞོན་སྐྱེས་འདི་དག་གི་འབོད་ཚིག་རྒྱུ་རྐྱེན་དུ་བཞག་སྟེ། པེ་ཅིན་དང་གངས་སྐྱིད་གཉིས་མྱུར་ཏུ་གྲོས་མོལ་གྱི་ཅོག་ཙེ་མཐའ་རུ་འཁོད་རྒྱུ་དང་། བོད་མི་རིགས་ཀྱི་མངོན་འདོད་དེ་གསལ་བོ་གོ་དགོས་པ་ཙམ་དུ་དེར་ལ་བརྩི་བཀུར་བྱ་རྒྱུ་སོགས་ཆ་རྐྱེན་དུ་འདོན་དགོས་པ་རེད།
    བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དོན་གཅོད་སོ་སོ་ངེས་པར་དུ་འབྲེལ་ཡོད་རྒྱལ་ཁབ་དེའི་གཞུང་དམངས་གཉིས་ལ་ཐུག་འཕྲད་དུ་མངགས་རན་རེད། ཁོང་ཚོའི་རྨ་མེད་ཀྱི་ལྷག་བསམ་ལ་རྒྱབ་སྐྱོར་ཞུ་ཐུབ་གི་ཡོད་པ་བདེན་ན་ད་ནི་འཕག་འཚག་རྒྱག་རན་རེད་འདུག

    Reply
  25. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    གཞིས་ལུས་བོད་མི་ཚིག་ནས་ཐལ་བར་གྱུར་ཐལ།།
    མཉམ་འབྲེལ་རྒྱལ་ཚོགས་འཁྱོག་པོའི་ལམ་ལ་བུད་ཐལ།།
    ཁྲག་རྒྱུན་གཅིག་པའི་ཕྱི་སྡོད་བོད་རིགས་སྤུན་ཟླ།།
    ང་མུ་མཐུད་འདི་ལྟར་སྡོད་རྒྱུ་ཡིན་ནམ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese