མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་ཏུ་འབར་བའི་མེ་ལྕེའི་ཀློང་གི་བོད་ཀྱི་གྲྭ་པ་ཁྱུ་གཅིག

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀ

སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི། །

མེ་ནང་བསྐལ་པ་རྒྱ་མཚོར་གནས་དགོས་ཀྱང་། །

སྙིང་རྗེས་མི་སྐྱོ་བྱང་ཆུབ་མཆོག་བརྩོན་པའི། །

བརྩོན་འགྲུས་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །

—-པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།

ལོ་རྒྱུས་དེབ་ཐེར་གྱི་ཤོག་ལྷེ་དག་དལ་བུར་སྐྱར་སློག་རེ་བྱེད་དུས། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་གྱི་ཉིན་ཞིག ལོ་མང་སྒོམ་སྒྲུབ་བྱས་པའི་རྒྱ་གར་གྱི་ནང་པའི་གྲྭ་པ་ཞིག ཟག་པ་དང་བཅས་ཤིང་སྡུག་བསྔལ་དུ་མའི་འབྱུང་ཁུངས་སུ་གྱུར་པའི་སྡུག་བདེན་གྱི་ཕུང་པོ་འདི་ལ་སྐྱོ་བ་དྲག་པོ་ཞིག་སྐྱེས་ཏེ། ཁོས་སྒོམ་སྒྲུབ་ལོ་མང་བྱས་པའི་བྲག་ཕུག་དེ་དང་ཐག་མི་རིང་བའི་ས་རུ་ཡོད་པའི་བྲག་གཡང་དེའི་ཕྱོགས་སུ་སྐྱོད་བཞིན་པ་མཐོང་ཡོང་། ཉིན་དེར་ནམ་མཁའ་གཡའ་དག་ཅིང་ཉི་འོད་ཧ་ཅང་ཚ་བོ་ཞིག་གིས་རྒྱ་གར་ནུབ་བྱང་ཕྱོགས་ཀྱི་དབེན་ལྗོངས་འདི་ཡོངས་སུ་ཁེབས་པར་བྱས་འདུག ནགས་ཀླུང་དུ་སྤྲ་དང་སྤྲེའུ་དག་གིས་ལྗོན་ཤིང་དག་གི་ཡལ་གའི་སྟེང་དུ་རྩེད་འཇོའི་གར་ལ་རོལ་བཞིན་ཡོད། ནམ་རྒྱུན་ཡིན་ན་ཁོར་ཡུག་འདི་དག་གིས་གྲྭ་པ་སྒོམ་ཆེན་པ་འདི་ལ་ཞི་བདེ་དང་བག་ཡངས་ཀྱི་སྣང་བ་ཞིག་སྐྱེད་པར་བྱེད་མོད། དེ་རིང་གི་ཁོ་ལ་མཚོན་ན་ཉོན་མོངས་པ་དུ་མ་གནས་བཅའ་སའི་གཟུགས་པོ་འདི་དང་ཕྱི་རོལ་གྱི་ཁོར་ཡུག་འདི་གཉིས་ཀར་སྐྱོ་སྣང་དྲགས་པོ་ཞིག་ལས་ནམ་རྒྱུན་ལྟ་བུར་ཞེན་ཆགས་དང་སྐྱིད་སྣང་འཕེལ་རྒྱུ་ཅི་ཡང་མི་འདུག ཁོང་གི་གོམ་པ་རེ་རེ་བཞིན་བྲག་གཡང་དེའི་ཕྱོགས་སུ་ཐག་ཇེ་ཉེར་གྱུར།

ཁོང་གིས་རང་ཉིད་ཀྱི་ཕ་མ་དང་མིང་སྲིང་ཕ་གཞིས་སོགས་ཁྱིམ་དུ་གནས་པའི་ཆ་རྐྱེན་དུ་མ་ཞིག་རྒྱབ་ཏུ་བསྐྱུར་ཏེ་ལོ་ངོ་དེ་སྙེད་ཅིག་འདས་ཤིང་། ད་ནི་སྐྱེས་ཙམ་ཉིད་ནས་མཉམ་དུ་འགྲོག་པའི་རྣམ་ཤེས་འདི་དང་གཟུགས་པོ་འདི་གཉིས་ཀྱི་འབྲེལ་ཐག་ཀྱང་ཆད་རྒྱུར་སྐར་ཆ་འགའ་ལས་མེད། ཏག་ཏག་བྲག་གཡང་གི་ཁ་དེ་རུ་ཁོས་གོམ་མཚམས་བཞག སྤྱི་གཙུག་ཏུ་རང་ཉིད་ཀྱི་སློབ་དཔོན་དམ་པ་སྟོན་པ་སངས་རྒྱས་དྲག་ཏུ་བསྒོམས་ཤིང་མིག་མཐར་མཆི་མ་འཁྲིགས་ཤིང་ངག་ནས། ཀྱེ་བདག་གི་སྟོན་པ་བདེ་བར་གཤེགས་པ། དགེ་ཕྲུག་བདག་གིས་ཁྱེད་ཀྱི་ཞལ་ལས་ཉོན་མོངས་པའི་དྲི་མ་འདག་པར་བྱེད་པའི་གསུང་གི་བདུད་རྩི་ལན་མང་དུ་མྱངས་ཤིང་། ལོ་ངོ་དེ་སྙེད་ཅིག་ལ་རྩེ་གཅིག་ཏུ་བསྒོམས་པར་བྱས་ཀྱང་། སྐལ་དམན་བདག་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་ཉོན་མོངས་པ་མང་ཞིང་དགེ་བའི་རྩ་བ་ཧ་ཅང་ཕྲ་བར་གྱུར་ཏེ། དུས་དེ་རིང་བར་དུ་དུག་གསུམ་ཕྲ་རགས་དང་བཅས་པ་སྤངས་པའི་རྣམ་པར་གྲོལ་བའི་ཡེ་ཤེས་དེ་བརྙེས་པར་མ་གྱུར་ཅིང་། བཟའ་བཏུང་དང་མལ་ཆ་ན་བའི་གསོས་སྨན་སོགས་ཕྱི་རོལ་གྱི་དངོས་པོ་དུ་མ་ཞིག་ལ་བརྟེན་ནས་འཚོ་བའི་སྡུག་བདེན་གྱི་ཕུང་པོ་འདི་ཡིས་བདག་གི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་འཇོམ་པར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་བླ་ན་མེད་པ་དེ་རྙེད་པར་བྱེད་པའི་གེགས་བྱས་དང་བྱེད་བཞིན་པའི་དུས་འདིར། བདག་གིས་ཟག་ཕུང་འདི་དུས་འདི་ཉིད་དུ་འདོར་བ་ལས་ལྷག་པའི་གདམ་ཀ་གཞན་ཅི་ཡང་རྙེད་པར་མ་གྱུར་ཅིང་། བགྱི་བ་རྔམ་པོ་ཆེ་འདི་རྩོམ་པ་ཡིས་བདག་གིས་རང་གི་སྟོན་པ་སྤོང་བ་མ་ཡིན། ཆོས་དང་དགེ་འདུན་སྤོང་བ་ཡང་མ་ཡིན། སྡུག་བསྔལ་དུ་མའི་རྩ་བར་གྱུར་པའི་ཟག་ཕུང་འདི་སྤོང་བ་ཡིན་ནོ།། ཁོང་གིས་དེ་སྐད་སྨྲས་རྗེས་བསམ་བློ་གཉིས་པ་ཅི་ཡང་མེད་པར་བྲག་གཡང་དེར་མཆོངས་སོང་། དེ་མ་ཐག་ཏུ་ས་ཆེན་པོ་འདི་ཡང་དྲག་ཏུ་གཡོས་ཤིང་། ནམ་མཁའ་སྟོང་པའི་དབྱིངས་ནས་ཁ་དོག་ལྔ་དང་ལྡན་པའི་འཇའ་ཚོན་སྣ་ཚོགས་ཤར་བྱུང་། བཙུན་པ་དེ་ཉིད་ཀྱང་སྐད་ཅིག་མ་དེ་ཉིད་ལ་དགྲ་བཅོམ་པའི་ཡེ་ཤེས་དང་ལྡན་པར་གྱུར་ཏོ།།

གཏམ་རྒྱུད་འདི་ནི་རྒྱ་ནག་གི་སློབ་དཔོན་ཆེན་པོ་ཞིག་ལོ་ངོ་ཆིག་སྟོང་གི་སྔོན་དུ། རྒྱ་གར་འཕགས་པའི་ཡུལ་དུ་དམ་པའི་ཆོས་ཀྱི་སྡེ་སྣོད་དག་ལ་ཐོས་བསམ་བྱེད་དུ་ཕེབས་དུས་ཁོང་གིས་གནས་སྐོར་གྱི་ལམ་ནས་གཟིགས་པའི་དབེན་གནས་ཤིག་གི་གཏམ་རྒྱུད་ཅིག་ཡིན་ཞིང་། གཏམ་རྒྱུད་དེ་ལས་ང་ཚོས་གནའ་བོའི་རྒྱ་གར་གྱི་ནང་པའི་བཙུན་པ་དག་གི་ཁྲོད་དུ་ཡང་ཆེས་བླ་ན་མེད་པའི་བདེན་དོན་ཞིག་མངོན་དུ་འགྱུར་ཆེད་གདོས་བཅས་ཀྱི་མི་ལུས་འདི་བློས་གཏོང་བའི་ལས་ལ་འཇུག་མཁན་བྱུང་མྱོང་བའི་དཔང་རྟགས་འོད་དུ་འཚེར་བ་རེ་རྙེད་ཐུབ་ལ། རྒྱ་ནག་ཏུ་ཡང་གནའ་བོའི་བཙུན་པ་དག་གི་ཁྲོད་དུ་རང་ལུས་ལ་མེ་སྦར་ཏེ་ཡེ་ཤེས་ཀྱི་འོད་སྣང་འཚོལ་མཁན་དག་བྱུང་ཡོད་ཅིང་། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པའི་ནང་དུ་རང་རེའི་བོད་ཡུལ་དང་ཐག་ཉེ་བའི་འབར་མ་རྒྱལ་ཁབ་ཏུ་ཡང་ནང་པའི་གྲྭ་བཙུན་དག་གི་ཁྲོད་དུ་རང་ལུས་ལ་མེ་སྦར་ཏེ་མི་དམངས་ཀྱི་བདེན་དོན་མངོན་འགྱུར་འབྱུང་བར་སྐུལ་འདེད་གནང་མཁན་བྱུང་ཡོད་པ་དེ་ཡང་ང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་སྔ་མོ་ནས་ཤེས་ཡོད། གཤམ་གསལ་དྲ་ཐག་ནས་འབར་མའི་གྲྭ་པ་དེས་རང་ལུས་མེ་རུ་བསྒྲོན་པ་དེ་མཐོང་ཐུབ།

འདས་པའི་ལོ་ཟླ་ཉུང་ཉུང་ཞིག་གི་ཀློང་ནས། ང་ཚོའི་མི་རིགས་འདིའི་སྲོལ་རྒྱུན་རིག་གཞུང་དང་ནང་བསྟན་ཆོས་ལུགས་ཀྱི་སྲོག་ཤིང་དུ་གྱུར་ཅིང་། ཞི་བདེའི་གཟུགས་བརྙན་དང་ལྷིང་འཇགས་ཀྱི་ས་བོན་དུ་གྱུར་པའི་བོད་ཀྱི་གྲྭ་པའི་སྡེ་རུ། སྟོན་པའི་ན་བཟའ་ཀླུབས་པའི་བཙུན་པ་དག་གི་ཁྲོད་ནས་རང་ལུས་ལ་མེ་ལྕེ་སྦར་ཏེ་མུན་ནག་འཁྲིགས་པའི་འཇིག་རྟེན་གྱི་འགྲོ་བ་ཀུན་ལ་བདེན་དོན་གང་ཞིག་གི་གཟུགས་བརྙན་དེ་ཆེས་གསལ་བོར་སྟོན་འདོད་པའི་རེ་སྨོན་དེ་ཕྱིར་མངོན་ཐབས་བྱེད་མཁན་སྐོར་ཞིག་བྱུང་དང་འབྱུང་མུས་ཡིན།

འདི་ལྟ་བུའི་བགྱི་བ་རླབས་པོ་ཆེ་དག་གི་རྒྱབ་ལྗོངས་སམ་ལོ་རྒྱུས་ལ་ཕྱི་བཤིག་ཅིག་བརྒྱབ་ནས་ལྟ་དུས། བདག་ཅག་གི་སྟོན་པས་ཀྱང་སློབ་པ་ལམ་གྱི་གནས་སྐབས་སུ་འགྲོ་བ་ཀུན་ལ་ཞི་བདེའི་ལམ་བཟང་སྟོན་པའི་ཆ་རྐྱེན་མེད་དུ་མི་རུང་བར་གྱུར་པའི་བླ་ན་མེད་པའི་ཡེ་ཤེས་ཀྱི་ཆེད་དུ་རང་ལུས་སྟག་མོ་བཀྲེས་སྐོམ་གྱིས་གཟིར་བ་ཞིག་ལ་སྦྱིན་མྱོང་བ་དང་། ལན་གཅིག་ཁོང་བྱ་སྲེག་པར་གྱུར་དུས་ནགས་ཚལ་ལ་མེ་ཤོར་བ་ཟློག་ཕྱིར་མེ་ལ་མཆོང་བ་དང་། ཉ་ཆེན་པོར་གྱུར་དུས་རང་ལུས་སྐྱེ་བོ་བཀྲེས་པ་དག་ལ་སྦྱིན་པར་མཛད་པ་སོགས། རང་ཉིད་ཀྱི་སྐུ་ལུས་དེ་ལན་གྲངས་དུ་མར་འགྲོ་བ་གཞན་གྱི་སྡུག་བསྔལ་སེལ་ཆེད་ཡོངས་སུ་བློས་གཏོང་གནང་མཛད་ཡོད། ད་དུང་ཁོང་གིས་འགྲོ་བ་ཀུན་གྱི་ཞི་བདེའི་རྩ་ལག་ཏུ་གྱུར་པའི་ཆོས་ཚིག་བཞི་རེ་རེའི་ཆེད་དུ་ཡང་སྐུ་ལུས་ལ་མར་མེ་སྟོང་བཙུགས་པ་དང་ལྕགས་གཟེར་སྟོང་བཏབ་པའི་ལོ་རྒྱུས་ཀྱང་ཡོད།

འདི་ལྟ་བུའི་གཞན་ཕན་གྱི་ཆེད་དུ་རང་ཉིད་ཀྱི་ཧ་ཅང་གཅེས་པའི་སྐུ་གཟུགས་ཀྱང་ལན་མང་དུ་བཏང་བར་མཛད་པའི་སྟོན་པ་ཞིག་གི་རྗེས་སུ་འཇུག་པའི་ཁྲོད་དུ། མི་རིགས་ཤིག་གི་བདེན་དོན་མངོན་དུ་འགྱུར་ཆེད་དང་མུན་ནག་ཅིག་གི་གཏིང་མཐའ་སྔོག་ཆེད་རང་ལུས་མེ་ལ་བསྒྲོན་ཕོད་པའི་རབ་བྱུང་བའི་སྡེ་ཞིག་གློ་བུར་དུ་ཕྱིར་མངོན་ཡོང་བ་དང་། འགྲོ་བ་མིའི་ལུས་ཀྱི་ཤ་ཁྲག་དང་སྟོན་པ་སངས་རྒྱས་ཀྱི་ན་བཟའི་སྟེང་ནས་དྲག་ཏུ་འབར་བའི་མེ་ལྕེ་འདིའི་ཀློང་ན། བོད་མི་ས་ཡ་དྲུག་གི་མཐར་ཐུག་གི་དམིགས་ཡུལ་རང་དབང་རང་བཙན་གྱི་རྨི་ལམ་རིང་མོ་དེ་ཡོད་དམ། ཡང་ན་བོད་རྒྱ་གཉིས་ཀྱི་མི་དམངས་དུང་ཕྱུར་བཅུ་གྲངས་ལྷག་གི་མ་འོངས་པའི་གསེར་ཟམ་གཉིས་ཕན་དབུ་མའི་ལམ་ཆེན་གྱི་བློས་བསླངས་ཤིག་བཞེངས་ཡོད་དམ། ཡང་ན་རྒྱ་ཆེ་བའི་དམིགས་ཡུལ་ཏེ་འཛམ་གླིང་གྱི་འགྲོ་བ་མིའི་རིགས་ཡོངས་རྫོགས་ཀྱི་ཕན་ཚུན་མཛའ་བརྩེའི་འཛུམ་མདངས་ཤིག་འཁྱུག་བཞིན་ཡོད་དམ། དེ་ལས་ཀྱང་ཧ་ཅང་རྒྱ་ཆེ་བའི་དམིགས་འདུན་ཏེ་ས་སྟེང་གི་སྐྱེ་འགྲོ་ཡོངས་རྫོགས་ཀྱིས་ཕན་ཚུན་མ་བུ་བཞིན་བྱམས་པའི་ཞི་བདེའི་སྣང་བ་ཞིག་ལ་ལོངས་སུ་སྤྱོད་ཐུབ་པའི་བླ་མེད་བྱང་ཆུབ་ཀྱི་སེམས་བཟང་པོ་ཞིག་གིས་མཛེས་པར་བརྒྱན་ཡོད།

ད་དུང་འཁོར་བའི་སྡུག་བསྔལ་ལས་ཐར་མ་ཐུབ་པའི་བོད་ཀྱི་རབ་བྱུང་སྡེ་སྣོད་འཛིན་པ་སྐོར་ཞིག་གི་སྒྱུ་ལུས་ལས་མཆེད་པའི་རེ་སྨོན་གྱི་མེ་ལྕེའི་ཕུང་པོ་དེ་དག དག་པ་དང་མ་དག་པའི་ཞིང་ཁམས་བགྲང་ལས་འདས་པར་དམ་པ་ཆོས་ཀྱི་ལྗོངས་རྒྱུ་ལ་དུས་རྟག་ཏུ་ཕེབས་པའི་སྟོན་པ་སངས་རྒྱས་ཀྱིས་གཟིགས་ལགས་སམ། མདོ་ཁམས་ཀྱི་གྲྭ་པ་འདི་ཚོས་ཐེ་ཚོམ་ཅི་ཡང་མེད་པར་ཤིན་ཏུ་གཅེས་པའི་རང་ལུས་ལ་བསྒྲོན་པའི་མེ་ལྕེ་དམར་པོ་འདི་དག རི་བོ་ཧི་མ་ལ་ཡའི་མཐོ་སར་ཆགས་པའི་རྒྱ་གར་ངྷ་རམ་ས་ལར་བཞུགས་པའི་གོང་ས་ཏྰ་ལའི་བླ་མ་མཆོག་གིས་གཟིགས་ཡོད་དམ། བོད་ཀྱི་གྲྭ་པ་ཉེན་མཆོངས་པ་སྐོར་ཞིག་གིས་རང་སྲོག་བློས་བཏང་གིས་སྦར་བའི་མེ་ལྕེའི་དཔལ་འབར་འདི་དག དབྱར་དུས་སུ་ཚ་བ་མེ་ལྟར་འབར་ཞིང་དགུན་དུས་སུ་གྲང་བ་རྡོ་ལྟར་འཁྱག་པའི་པེ་ཅིན་གསེར་གྱི་ཕོ་བྲང་ན་ཡོད་པའི་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་ཡིས་མཐོང་ཡོད་དམ། འཛམ་གླིང་ཤར་ཕྱོགས་ཀྱི་མི་རིགས་ཉམ་ཆུང་ཞིག་གི་ཚབ་མཚོན་དུ་གྱུར་པའི་གྲྭ་པ་འདི་ཚོས་རང་ལུས་ལ་སྦར་བའི་མེ་ཕུང་ཆུང་ཆུང་ཐོ་རེངས་སྐར་ཆེན་ལྟ་བུ་འདི་ཚོ། སྟོབས་འབྱོར་རིག་གསུམ་གྱི་ཁེངས་པ་མཐོ་བའི་ཕོ་བྲང་དཀར་པོར་བཞུགས་པའི་ཨ་རིའི་སྲིད་འཛིན་ཨོ་སྦ་མས་མཐོང་ཡོད་དམ། འཛམ་གླིང་གི་མི་འབོར་དང་བསྡུར་ན་གྲངས་ཀ་ཉུང་ཡང་ཤུགས་རྐྱེན་ཆེ་བའི་བོད་ཀྱི་གྲྭ་པ་སྐོར་ཞིག་གི་ལུས་ལས་མཆེད་པའི་བདེན་དོན་གྱི་མེ་ལྕེ་དྲག་པོ་དེ། ཕྱོགས་རིས་དང་ངོ་འཛིན་བྲལ་བའི་སྙན་གྲགས་ཅན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྦན་ཁེ་མོན་གྱིས་མཐོང་ཡོད་དམ།

རང་ལུས་མེ་རུ་སྦར་བ་འདི་འཚེ་མེད་ཞི་བའི་ངོ་རྒོལ་ཞིག་ཡིན་ནམ། རང་ལུས་མེ་རུ་སྦར་བ་འདི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཞིག་ཡིན་ནམ། རང་ལུས་མེ་རུ་སྦར་བ་འདི་གཞན་ལ་འཇིགས་སྣང་སྐུལ་བའི་བྱ་སྤྱོད་ཅིག་ཡིན་ནམ། རང་ལུས་མེ་རུ་སྦར་བ་འདི་འཚེ་བ་ཅན་གྱི་བྱ་སྤྱོད་ཅིག་ཡིན་ནམ།

རང་ལུས་མེ་རུ་སྦར་ན་ཆེས་བླ་ན་མེད་པའི་ཡེ་ཤེས་ཤིག་བརྙེས་ཐུབ་བམ། རང་ལུས་མེ་རུ་སྦར་ན་མི་རིགས་ཤིག་གི་བདེན་མཐའ་གསལ་ཐུབ་བམ། རང་ལུས་མེ་རུ་སྦར་ན་མུན་ནག་ཅིག་ལ་རྫོགས་ཚིག་འབྲི་ཐུབ་བམ། རང་ལུས་མེ་རུ་སྦར་ན་མི་རབས་ཤིག་གི་སེམས་ཤུགས་སྤར་ཐུབ་བམ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 7

  1. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བསམ་འཆར་འདི་ལྟར་བཏོན་པ་ཐུགས་རྗེ་ཆེ།
    སྤྱིར་འཆི་བ་ནི་སྐྱེ་འགྲོ་ཡོད་དོ་ཅོག་ལ་ཡོང་པ་ཀུན་གྱིས་ཤེས་ཀྱང་། རང་ལུས་མཆོད་མེ་དཔལ་འབར་རུ་སྒྲོན་ཐུབ་པའི་འཆི་བ་ནི་ལོ་རྒྱུས་ཐོག་རེ་ཟུང་ལས་མེད་པ་མ་ཚད། འདི་ནི་ལས་སླ་པོ་ཞིག་དང་། བྱེད་ཐུབ་ཐུབ་ཞིག་འཛམ་གླིང་ཟླུམ་པོ་འདི་ན་ཤིན་ཏུ་དཀོན། དཔེར་ན་ཝི་དི་ནམ་གི་རྒྱལ་ཁབ་དེ། ཡེ་ཤུ་མ་ཏི་ཀིའི་ཆོས་ལུགས་སུ་བསྒྱུར་ཆིས་བྱེད་པའི་སྐབས་སུ། ནང་པའི་དགེ་སློང་ནང་ནས་མཆོག་ཏུ་གྱུར་པའི་སྡེ་སྣོད་འཛིན་པ་ཆེན་པོ་ཞིག་གི། ཨ་རིའི་གཞུང་ཚབ་ཀྱི་མདུན་དུ་སྐུ་ལུས་མཆོད་མེ་སྦར་ནས་ཡེ་ཤུའི་ཆོས་ལུགས་མཚམས་འཇོག་བྱེད་པའི་ལོ་རྒྱུས་དེ་རྒྱུན་རིང་མིན།
    ད་ལན་ཟླ་གསུམ་བཞིའི་ནང་དུ་གངས་ཅན་བོད་པའི་བཙུན་པ་རྣམས་ཀྱིས་སྐུ་ལུས་གཅིག་མིན་གཉིས་མིན་མཆོད་མེ་རུ་ཕུལ་བ་དེ། ཁོང་རྣམ་པའི་རྒྱབ་ཏུ་དབང་འཛིན་ཚུལ་རོལ་མཐོང་བ་པོ་ཞིག་གི་བསྐུལ་ནས་ནང་མི་སྤུན་ཉེ་ལ་བླ་བརྔན་སྤྲད་པའི་བསླུ་བྲིད་ངམ་གནག་ཡང་མིན་ལ། དྲག་ཏུ་འཁྱུར་བཞིན་པའི་ཀྲུང་གོ་དམར་པོ་ལ་ཁ་གཏད་གཅོག་པའི་བསམ་བློ་ཡང་མིན། འཇིག་རྟེན་འདིར་སྡོད་སྙིང་མི་སྤྲོ་ནས་ཆོས་ཀྱི་གནས་ལུགས་རྟོགས་པས་སྒོམ་ཆེན་པའི་སྐུ་ལུས་བཞིན་ན་ཚ་སྤང་ཟིན་པ་མིན་ལ། གཅིག་རྗེས་གཅིག་རྒྱུག་ལྟ་བུ་ལར་མེད་རི་བོང་གི་ཅར་འགྲོག་ལྟ་བུ་དེ་བས་ག་ལ་ཡིན། ཨོ་ཧོ། འདི་ནི་མི་རིགས་ཤིག་གི་བདེ་སྡུག་གཟན་པོ་ཁོག་ཏུ་མ་ཤོང་ནས་ལྐོགས་ཇུས་ངན་པས་ཧམ་བཤད་རྩུབ་པོ་ཉན་སྙིང་མི་འདོད་པ་དང་གཅིག
    བོད་མི་རིགས་ཀྱི་བྱ་བ་ཡོད་ཚད་ལ་ཐེ་ཇུས་དང་གཉའ་གནོན་བཟོད་མི་ཐུབ་པའི་རྒྱལ་གཅེས་ཆོས་གཅེས་ཞེས་པའི་མིང་རྫུན་འོག་ནས་ཡོད་ཚད་སྲིད་དོན་དུ་བསྒྱུར་རྐྱང་བྱེད་པས། འདི་ཕྱི་གཉིས་ཀྱི་སྐྱབས་མགོན། བོད་མི་རིགས་སྐྱིད་དུ་རེ་ས་རྒྱལ་བ་ཐམས་ཅད་མཁྱེན་པ། བོད་མི་རིགས་ཀྱི་སྡུག་ཡུས་འཇོ་ས་རྒྱལ་བ་ཐམས་ཅད་མཁྱེན་པ། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་སེམས་ཀྱི་ཞི་བདེ་ལེན་ས། སྡུག་གི་ཁུར་པོ་གཏོར་ས། མཉམ་མཐུན་གྱི་འཛའ་འབྲེལ་མཐུད་ས་འཛམ་གླིང་ཞི་བདེའི་རྟགས་མ་བཞེས་ཉན། གོ་ལ་ཧྲིལ་པོ་འདི་ན་དཀོན་པའི་སྐྱེས་ཆེན་འདི་འདྲ་ཞིག་ལ་ཧམ་བཤད་དང་ལོག་སྒྲོག་མ་བཤད་ན་ཤོད་དུ་བཅུག་པ། བྱས་ན་བྱེད་མི་ཆོག་པའི་བཙན་བཀའ་གཏོང་བ་མ་ཚད། བཤད་པ་ལ་ཚོད་མེད་པའི་ལས་ཀ་གཏིང་ནག་པོ་བྱེད་དང་བྱེད་ཆེ་ནས་བྱུང་བའི་རྐྱེན་ལས་གཞན་པ་གང་ཡང་ཤོད་རྒྱུ་མེད། ད་ནི་འབོད་བསྐུལ་ཆེན་པོ་བྱེད་རན་པའི་དུས་སུ་སླེབ་འདུག
    བཤད་རྒྱུ་འདུག་ལ་དངོས་ཡོད་ཀྱི་རྒྱུ་མཚན་སྟོན་རྒྱུ་འདུག བཙན་བྱོལ་དུ་ཡོང་པའི་དོན་གོ་འཛམ་གླིང་ལ་བོད་དོན་ཤོད་རྒྱུ་རང་ས་རང་ས་ནས་འགན་ཁུར་འཕྱི་མི་ཉན། ངང་རྒྱུད་མ་རིང་། བོད་པ་ཚོ་སློབ་སྦྱོང་ཡོད་ན་བད་སྤྱོད་བྱོས་ཤོག ད་རེས་མ་འཆུག བོད་གྲྭ་གཞོན་པ་སྐུ་ལུས་དཔལ་འབར་དུ་ཕུལ་བ་རྣམས་ཀྱིས་ཐུགས་དགོང་ངེས་པར་དུ་སྒྲུབ་ཐུབ་པ་བྱེད་དགོས། འཛམ་གླིང་ལ་རྣ་བ་ཡོད་ལ་རྒྱབ་སྐྱོར་བྱེད་ཉན་ཡང་ཡོད་ངེས་རེད།
    འདི་ཚོར་མེད་དུ་ནམ་ཡང་ཞར་མི་ཉན། གངས་ཅན་པའི་གཅེན་པོ་ཚོ་རྡོག་རྩ་གཅིག་སྒྲིལ་མ་འཆུག ཡང་ཡང་འབོད་བསྐུལ་ཞུ་གི་ཡོད།

    Reply
  2. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    “གནད་དོན་གྱི་ཐོང་རྩ་ནས་འཇུས་ཏེ”་སྐད་ཆ་དམར་དམར་བོ་ཤོད་འདུག དངོས་གནས་རྩོམ་ཡིག་རིན་ཐང་ཅན་ཟེར་རྒྱུ་བོ་རེད། བཀའ་དྲིན་ཤིན་ཏུ་ཆེ། ཀླུ་སྨྱོན་ལགས།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ཀླུ་སྨྱོན་ལགས། དངོས་ནས་འུ་ཚང་གི་ལས་དབང་དང་འབྲེལ་བའི་དམར་པོའི་མེ་ལྕེ་ཡིས་འགུལ་ཤུགས་འདི་དག་བསམ་དུས། སེམས་པ་སྐྱོ་ནས་ཡོད།

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    གསུངས་པ་ལ་མངོན་པར་བསྟོད་དོ་ཞུ་རྒྱུ་ཡིན་ལ། རྩོམ་པ་པོ་རྒན་རབས་ཤིག་ཡིན་རབས་ཆོག་འདུག་ཨང་།
    གཞན་ཡང་བོད་མི་རིགས་བསྟན་སྲིད་དང་བཅས་པའི་དོན་དུ་ལུས་སྲོག་ཚུན་ཆད་གཏོང་བའི་དམ་པ་ཁོང་རྣམ་པར་སྙིང་ཐག་པ་ནས་རྗེས་དྲན་དང་མཆོད་བསྟོད་ཞུ།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེས་བོ་རྣམས། །
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །

    Reply
  5. ཅང་མེད། says:
    ལོ་ 15 སྔོན།

    ངོ་མ། ཀླུ་སྨྱོན་ཧེ་རུ་ལགས། བཀའ་དྲིན་ཞུ།
    སྤྱིར་མཆན་ཞིག་བཏབ་འདོད་ཡོད། གོང་གསལ་ནང་དོན་ལ་བསམ་ཞིག་དཔྱད་ཚེ། མིག་ཆུའི་ཐིག་པ་་་འཛུམ་ནོན་པང་ལེབ་སྟེང་དུ་འཐོར།
    ད་འབྲི་ཐུབ་ཀྱིན་མི་འདུག གནས་སྐབས་མཚམས་འདི་ནས་འཇོག་དགོས་བྱུང་།

    Reply
  6. གངས་སྨྱུག says:
    ལོ་ 15 སྔོན།

    ཀླ་སྨྱོན་ཧེ་རུ་ཀ་ལགས་ཁྱེད་ཀྱི་རྩོམ་རིགས་གང་ལ་ཡང་གོ་བའི་འབྲས་བཟང་ཡོད་པ་ཤ་སྟག་ཡིན་པར་རྣམ་ཀུན་མཐོང་གིན་ཡོད། འདིར་ཡང་ལྷག་བསམ་བཟང་པོ་ཀུན་ནས་བླངས་པའི་རིག་རྩོམ་ཞིག་ཏུ་གྱུར་འདུག་པས། སྐུ་ཉིད་ལ་སྙིང་ནས་བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  7. མི་ཕམ་ཚངས་ཐིག says:
    ལོ་ 15 སྔོན།

    ངས་འདི་ནས་ཀླུ་སྨྱོན་ཧེ་རུ་ཀ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
    སྐུ་ཉིད་ཀྱི་བརྩོམ་ཡིག་འདི་བརྗོད་བྱ་བརྗོད་བྱེད་གང་གི་ཐད་ནས་ཤིན་ཏུ་ལེགས་པོ་འདུག མ་ཟད་བརྩོམ་ཡིག་འདིས་སྐུ་ཉིད་ལྷག་བསམ་དང་ཤེས་རབ་གཉིས་ཀྱི་ཕྱག་འདུག་པ་ཤེས་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese