མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བུད་མེད་གསུམ་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༧ ཉིན་རྒྱལ་ས་ཨོ་སི་ལོ་རུ་ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ལི་བྷི་རེ་ཡཱ་(Liberia)སྲིད་འཛིན་ལྕམ་ཇོན་སོན་སིར་ལེ་ཌི་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ལྕམ་ལའེ་མཱ་གྷོ་བའེ། ཡའེ་མན་(Yemeni)གྱི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལྕམ་ཋ་བ་ཀོལ་ཀར་མཱན་གསུམ་ལ་ཐོབ་པ་གསལ་བསྒྲགས་གནང་འདུག

ཕྱི་ཚེས་ ༧ ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོ་རུ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ཡཱ་ཀི་ལན་(Jagland)ལགས་ཀྱིས།   ཕྱི་ལོ་ ༢༠༡༡ ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ལི་བྷི་ཡ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་ཐོག་མ་ལྕམ་ཇོན་སོན་སིར་ལེ་ཌི་(Ellen Johnson-Sirleaf)དང་། ལི་བྷི་ཡའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ལྩམ་ལའེ་མཱ་གྷོ་བའེ(Leymah Gbowee)། ཡེ་མན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ལྕམ་ཋ་བ་ཀོལ་ཀར་མཱན་(Tawakkul Karman)གསུམ་ལ་ཕུལ་བ་གསལ་བསྒྲགས་བསྐྱངས་ཏེ། རླབས་ཆེན་གྱི་སྐྱེས་མ་འདི་གསུམ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་དགོས་པའི་རྒྱུ་མཚན་སྐོར་ལ། ཁོ་མོ་ཚོར་ལྷན་སྐྱེས་སུ་ཡོད་པའི་བདེ་འཇགས་རང་བཞིན་དང་བུད་མེད་རྣམས་ཞི་བདེ་འཛུགས་སྐྲུན་བྱེད་པའི་ཁེ་དབང་ཁྲོད་ཕྱོགས་ཡོངས་ནས་མཉམ་ཞུགས་གནང་སྟེ་འཚེ་བ་མེད་པའི་འཐབ་རྩོད་ལག་ལེན་བསྟར་གྱི་ཡོད་སྐོར་བརྗོད་འདུག  ད་དུང་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས། གལ་སྲིད་བུད་མེད་རྣམས་ལ་སྐྱེས་པ་དང་གཅིག་མཚུངས་ཀྱི་གོ་སྐབས་ཐོབ་པ་ཡིན་ན། ཞི་བདེ་ཅན་གྱི་འཛམ་གླིང་མངོན་འགྱུར་ཡོང་བར་དུས་ཡུན་རིང་པོ་མི་དགོས་ཅེས་བུད་མེད་ཀྱི་ཞི་བདེ་དང་བརྩེ་བ་ལྡན་པའི་བུད་མེད་ཀྱི་རང་གཤིས་ལ་ཆེ་བསྟོད་བྱས་ཡོད་འདུག

རང་ལོ་ ༧༢ སོན་པའི་ལྕམ་ཇོན་སོན་སིར་ལེ་ཌི་ལགས་ནི་ཧཱ་ཝར་ཌི་སློབ་ཆེན་ནང་དཔལ་འབྱོར་དང་སྤྱི་དམངས་སྲིད་ཇུས་ཐོག་ཞིབ་འཇུག་སློབ་མཐར་ཕྱིན་རྗེས། ལི་བྷི་ལི་ཡར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་དང་། མཉམ་འབྲེལ་རྒྱལ་ཚོགས་བཅས་སུ་ནོར་སྲིད་ཀྱི་ལས་འགན་ཁུར་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༠༥ ལོར་ཨ་ཧྥི་རི་ཀའི་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཁོ་མོ་ལི་བྷི་ལི་ཡའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ལ་ཞུགས་རྒྱུ་ཡིན་འདུག  ཁོ་མོའི་འོས་བསྡུའི་ལས་དོན་འགན་ཁུར་པས་ལྕམ་ཇོན་སོན་སིར་ལེ་ཌི་ལགས་ཀྱི་མི་ཚེ་གཅིག་ནང་སྒྲུབ་པའི་ལས་དོན་དང་བྱ་འགུལ་དག་གིས་ཨ་ཧྥི་རི་ཀའི་བུད་མེད་གཙོས་པའི་ལི་བྷི་ལི་ཡའི་མི་དམངས་དང་། དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་སྐོར་བརྗོད་ཡོད་པར་མ་ཟད། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ཀྱང་ལྕམ་ཇོན་སོན་སིར་ལེ་ཌི་ལགས་ཨ་ཧྥི་རི་ཀའི་ནང་ཞི་བདེ་འབྱུང་ཐབས་དང་།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། བུད་མེད་ཀྱི་གནས་བབ་ཡར་རྒྱས་བཅས་ཀྱི་ཆེད་དུ་འབད་བརྩོན་གནང་ཡོད་པར་ངོས་འཛིན་ཆེ་མཐོང་གནང་ཡོད་པ་རེད། ཁོ་མོས་རང་ཉིད་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་དེ་ནི། འདས་པའི་ལོ་མང་རིང་ལི་བྷེ་ལི་རྒྱལ་ཁབ་ནང་དྲང་སྙོམས་དང་། ཞི་བདེ་ཡོངས་ཐབས་སུ་སྒེར་ངོས་ནས་འབད་བརྩོན་གནང་བ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གནང་བ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག 

 

རང་ལོ་ ༣༩ སོན་པའི་ལྕམ་ལའེ་མཱ་གྷོ་བའེ་ལགས་ནི་ལིས་བྷི་ལི་ཡ་ལགས་ནི། ཨ་ཧྥི་རི་ཀའི་བུད་མེད་ཀྱི་ཞི་བདེ་དང་བདེ་འཇགས་འབྲེལ་མཐུད་(Women Peace and Security Network-Africa)ཡི་གསར་འཛུགས་གནང་མཁན་ཡིན་པ་དང་། ཁོ་མོས་རིགས་རིས་དབྱེ་འབྱེད་བསམ་བློའི་བཀག་རྒྱ་ལས་བརྒལ་ཏེ། ལི་བྷི་ལི་ཡའི་ནང་ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས་ཀྱི་བུད་མེད་རྣམས་རྩ་འཛུགས་ཀྱིས་ངག་བཅད་ཀྱི་ངོ་རྒོལ་ལས་འགུལ་དང་འཚེ་བ་མེད་པའི་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ། ལི་བྷི་ལི་ཡའི་ནང་འཁྲུག་ཞི་འཇགས་ཡོང་བར་འབད་བརྩོན་ཆེན་པོ་གནང་ཡོད་པ་དང་།  ཕྱི་ལོ་ ༢༠༠༢ ལོར་ཁོ་མོས་ལི་བྷི་ལི་ཡའི་ནང་བུད་མེད་ཚོས་ལས་མཚམས་བཞག་སྟེ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་མགོ་བརྩམས་ཏེ། བརྩེ་བ་དང་ཞི་བདེ་ཐབས་ལམ་ལ་བརྟེན་ནས་འདས་པའི་ལོ་ ༡༤ རྒྱུན་མཐུད་དེ་འབྱུང་བཞིན་པའི་ཁྲག་དྲི་བྲོ་བའི་ནང་འཁྲུག་མཇུག་སྒྲིལ་བཅུག་ཡོད་འདུག  ༼གདོན་འདྲེ་ཕྱིར་ལྡོག་གི་སྨོན་ལམ༽(Pray the Devil Back to Hell)ཞེས་པའི་དངོས་བྱུང་གློག་བརྙན་གྱི་ནང་དུའང་ཁོ་མོའི་མཛད་རྗེས་གཙོ་བོར་བཟུང་སྟེ་ལི་བྷི་ལི་ཡའི་བུད་མེད་ཀྱི་སྙིང་སྟོབས་མཚོན་པར་བྱས་ཡོད་པ་རེད།

རང་ལོ་ ༣༢ ཡིོན་པའི་ལྕམ་ཋ་བ་ཀོལ་ཀར་མཱན་ལགས་ནི་༼འཆིང་ཐག་མེད་པའི་བུད་མེད་གསར་འགོད་པ༽(Women journalists Without Chains)ཞེས་པའི་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་ཚོགས་པའི་འགན་ཁུར་བ་དང་། ཡེ་མན་ནང་ཤུགས་རྐྱེན་ཆེ་བའི་དམངས་གཙོའི་ལས་འགུལ་པ། གསར་འགྱུར་ལས་རིགས་པ་ཞིག་བཅས་ཡིན་འདུག ཁོ་མོས་ཡེ་མན་ནང་བུད་ཚོའི་དམངས་གཙོའི་ཁེ་དབང་རྩོད་ལེན་དང་ཞི་བདེ་ལས་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པར་མ་ཟད། ད་ལོའི་ཟླ་དང་པོ་ནས་བཟུང་ཡེ་མན་སྲིད་འཛིན་ཧྲ་ལིས་ཡི་སྒེར་གཅོད་སྲིད་གཞུང་མགོ་རྟིང་སློག་པའི་ལས་འགུལ་ཁྲོད་ཞུགས་ཏེ། ལས་འགུལ་རྩ་འཛུགས་དང་སྣེ་ཁྲིད་མཁན་གྱི་མི་སྣ་གཙོ་བོ་དེ་ཆགས་ཡོད་པ་རེད། ཁོ་མོས་རང་ཉིད་ལ་གཟེངས་རྟགས་ཐོབ་པ་ཐོས་རྗེས། “ ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་ང་ལ་སྤྲད་པ་དེར་དགའ་ཚོར་ཆེན་པོ་བྱུང་། ངས་ཞི་བདེ་གཟེངས་རྟགས་འདི་ཡེ་མན་གསར་བརྗེ་ལས་འགུལ་སྤེལ་མཁན་གཞོན་རབས་པ་ཚོ་དང་ཡེ་མན་མི་དམངས་ལ་འབུལ་རྒྱུ་ཡིན ” ཞེས་བརྗོད་ཡོད་འདུག 

ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས། བུད་མེད་དེ་གསུམ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་འདི་ལ་བརྟེན་ཏེ།  འཛམ་གླིང་རྒྱལ་ཁབ་མང་པོའི་ནང་བུད་མེད་རྣམས་ལ་སྔར་བཞིན་གཉའ་གནོན་གྱི་གནས་ཚུལ་འབྱུང་བཞིན་པ་མཇུག་སྒྲིལ་ཐུབ་རྒྱུར་རེ་བ་དང་། བུད་མེད་ལ་རང་ཆས་སུ་ཡོད་པའི་ཞི་བདེ་དང་དམངས་གཙོའི་ནུས་ཤུགས་གོང་འཕེལ། ཁོ་མོ་ཚོས་འཚེ་བ་མེད་པའི་ཐོག་ནས་བུད་མེད་ཀྱི་བདེ་འཇགས་དང་ཁེ་དབང་རྩོད་ལེན་ལ་ཡི་རངས། ལྷག་པར་དུ་འཛམ་གླིང་བུད་མེད་རྣམས་ཕྱོགས་ཡོངས་ནས་ཞི་བདེ་འཛུགས་སྐྲུན་ལས་དོན་ཁྲོད་ཞུགས་རྒྱུར་སྐུལ་འདེད་ཐོབ་པའི་རེ་འདུན་བཏོན་ཡོད་པར་མ་ཟད། ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་དེ་ཨ་ཧྥི་རི་ཀའི་བུད་མེད་ཚོར་གནང་བ་འདིས། འཕེལ་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་བུད་མེད་ཀྱི་ཁེ་དབང་ཐད་གཙིགས་ཆེན་གནང་དགོས་པའི་བརྡ་ལན་ཞིག་ཡིན་པར་བརྗོད་འདུག   

བུད་མེད་དེ་གསུམ་གྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་ས་ཨོ་སི་ལོ་རུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཕེབས་རྒྱུ་ཡིན་པ་དང་། ད་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ལ་བྱ་དགའི་མ་དངུལ་ཨ་སྒོར་ཁྲི་ ༡༥༠ ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

ཆུ་ཚོད་ ༡༡ སྔོན་ལ།
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

ཆུ་ཚོད་ ༡༡ སྔོན་ལ།
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥

མཆན། 12

  1. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    རྗེས་མ་ཅང་ཙི་མན་ལ་ཡང་ཞི་བདེའི་གཟེངས་རྟགས་འདི་ཐོབ་པའི་རེ་བ་འདུག།

    Reply
  2. མངའ་རིས་བུ། says:
    ལོ་ 14 སྔོན།

    ནོ་ཝེ་ཞི་བདེའི་གཟེངས་རྟགས་དེ་ཙི་ཙིའི་རྔ་མ་བཞིན་དུ་ཕྲ་རུ་ཕྲ་རུ་འགྲོ་གི་འདུག
    ད་ལྟ་ནི་ཕལ་ཆེར་རྒྱ་ནག་གིས་བཤད་པ་ལྟར་ཆབ་སྲིད་ཀྱི་དབང་དུ་འགྲོ་གྲབས་བྱེད་ཀྱི་འདུག
    གོང་དུ་དྲ་གྲོགས་འགས་བཤད་པ་ལྟར་ཨོ་བྷ་མ་ལ་སྤྲད་པ་རེད། གཟིགས་དང། ཨོ་བྷ་མས་ཞི་བདེར་སྨན་པའི་ལས་ཀ་གང་ཞིག་བྱས་སོང། ཨབ་གྷ་ནིས་ཌན་ལ་དམག་ཁྲི་ཚོ་ཁ་ཤས་ཤིག་གིས་བསྣོན་མ་བྱས་སོང། པ་ཀིས་ཏན་གྱི་ས་མཚམས་བརྒལ་ཏེ་ཁྲིམས་མེད་ལུགས་མེད་ཀྱི་རྡུལ་རྫས་གཡུག་སྟེ་མི་མང་མང་པོ་བསད་སོང། ད་དུང་ལི་བྷི་ཡ་ལ་བྷམ་གཡུག་སོང། ད་དུང་སིར་ཡ་ལས་སོགས་ལའང་གཡུག་རྩིས་བྱེད་ཀྱི་འདུག གང་ལྟར་ཞི་བདེ་གཟེངས་རྟགས་དེ་ཡུ་རོབ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལྟ་བ་དང་མཐུན་པའི་ལས་འགུལ་སྤེལ་མཁན་ཚོར་སྤྲོད་པའི་བཟོ་འདྲ་ཞིག་ཏུ་མཐོང་གི་འདུག་དྲ་གྲོགས་ཚོས་དཔྱོད་དང།

    Reply
  3. སྒྲོན་འོད ། says:
    ལོ་ 14 སྔོན།

    ཆབ་བྲག་ལགས། ཁྱོད་ཀྱིས་གནས་ཚུལ་བཀོད་པ་ལྟར་ན་རྔ་བའི་བུ་མོ་ཞིག་གིས་རང་ལུས་མཆོད་སྦྱིན་བཏང་ཞིང་ངོ་རྒོལ་ཛ་དྲག་ཏུ་འགྱུར་བཞིན་འདུག་ཟེར། བདེན་དཔང་གང་ཡང་མི་འདུག གསར་འགྱུར་སོགས་་་ཕྱོགས་ནས་གང་ཀྱང་ཁུ་སུམ་མེར་འདུག མི་རིགས་ཞིག་གི་ཆེད་དུ་རང་སྲོག་བློས་བཏང་གི་དཔའ་རྒོད་རྣམས་རྗུན་མར་བཟོ་ཀི་ཡོད་བ་མ་རེད་བ ཡང་ན་ཁྱོད་ཀྱིས་བོད་པའི་བུ་མེད་ཁ་ཤས་ཞིག་གི་རང་སྲོག་བློས་བཏང་ན་བསམ་ཀི་ཡོད་པ་མ་རེད་བ

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བསྔགས་བརྗོད་ཡོད། འབྱུང་འགྱུར་གྱི་གཟེངས་རྟགས་དེ་སུ་ལ་འཐོབ་རྒྱུའི་རེ་བ་ཡོད་དམ། དྲ་གྲོགས་ཚོས་འོས་ཚོད་ཅིག་གསུངས་དང་།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ནོར་ཝེ་ཞི་བདེའི་གཟེགས་རྟགས་དེ་ཆབ་སྲིད་ཀྱི་ལག་ཆ་རུ་གྱུར་ནས་བཟུང་སུ་ལ་ཡང་སྤྲོད་ཀྱི་ཡོད་པས་དེས་ངོ་བོ་དམིག་བསལ་ཞིག་མཚོན་གྱི་མེད་བཤད་པ་ཡིན་དེ་ཐུབ་བསྟན་ལ་ཕོག་ཡོད་ན་སྡུག་གྱོང་རེད།

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་ཐུབ་བསྟན་ལགས།
    རྒྱ་མིའི་མགྲིན་ཚབ་པ་ཟེར་རྒྱུ་དེ་ཁ་ནས་བཤད་དུས་ལས་སླ་ཡང་ཁུང་སྐྱེལ་བྱ་ས་ལ་ཐུག་ན་སྐད་ཆ་དེས་ཁ་ཕར་འཁོར་ནས་ཁྱོད་རང་གི་སྐེ་གཅོད་ས་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པས་དེ་དུས་བློ་འགྱོད་མེད་པར་ཞིག་དགོས།
    ཁྱོད་ཀྱིས་ང་གར་སོང་གི་རྗེས་དེད་ནས་ཕ་མེས་ཀྱི་ཤ་འཁོན་འདྲ་རྩོད་རྒྱུ་ཡོད་ན་ཁྱོད་དང་ངེད་གཉིས་ས་ཡངས་པོ་ཞིག་ལ་ཐུག་ན་འགྲིགས་ཀྱི་རེད།
    ད་ཁྱོད་ཀྱིས་བཤད་པའི་སྐད་ཆ་རྣམས་ངས་ཁྱོགས་མ་སོང།
    དུས་བབ་རྩོམ་སྒྲིག་ཁང་བརྒྱུད་ནས་ཁྱོད་རང་ངོ་ཐག་ཆོད་པའི་རེ་བ་ཡོད།

    Reply
  7. དམ་སྲི་འབྱུང་པོ། says:
    ལོ་ 14 སྔོན།

    ནོ་སྤེལ་ཞི་བདེ་གཟེངས་རྟགས་འདི་རིན་ཐང་གང་ཡང་མི་འདུག དཔེ་ན་ཨོ་སྦ་མ་ལ་ཡང་སྤྲོད་ཡོད་པ་རེད།

    Reply
  8. ཐུབ་བསྟན། says:
    ལོ་ 14 སྔོན།

    གཟེངས་རྟགས་བཞེས་མཁན་སྐུ་སྐྱེས་མ་གསུམ་ལ་འཚམས་འདྲི་དང་། ཁོང་ཚོའི་མ་འོངས་པའི་བྱ་གཞག་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
    དྲ་གྲོགས་ཚོས་ངེས་པར་ཐུགས་སྣང་གནང་དགོས་ས་ཞིག་ནི། འགྱུར་མེད་བསྟན་འཛིན་ཟེར་བ་དེ་རེད། ༧གོང་ས་མཆོག་དང་། བོད་གཞུང་། སྐུ་སྒེར་ཡིག་ཚང་། ནོ་བེལ་ཞི་བདེའི་གཟེངས་རྟགས་སོགས་ལ་མི་ངན་འདིས་ཟིར་ཟ་བྱེད་ཁུལ་ལ་ལྟ་དགོས། ཁོ་པ་རྒྱ་ནག་གི་ལས་དོན་པ་ཡིན་ངེས།

    Reply
  9. གོང་དཀར་ངག་རྣམ། says:
    ལོ་ 14 སྔོན།

    འདི་ལོའི་ནོ་སྦེལ་རྩོམ་རིག་གི་བྱ་དགའ་དེ་ཁོང་གིས་བཀྱག་སོང་།
    ལོ་རྗེས་མ་བོད་པ་ཞིག་ལའང་རག་པར་ཤོག

    འདི་ལོའི་ནོ་སྦལ་རྩོམ་རིག་གཟེགས་རྟགས་བཞེས་མཁན་སྙན་ངག་པ་སྐུ་ཞབས་ཐོ་མདསེ་ཊརནསེ་ཌོར་མར།
    ཁོང་ནི་སུད་ཊན་རྒྱལ་ཁབ་ཀྱི་སྙན་ངག་པ་ཞིག་ཡིན་ཞིང་། ཁོང་གིས་མིའི་སེམས་ཀྱི་ངོ་མཚར་དག་འཆར་ཡན་གྱི་རིག་རྩལ་ལ་བརྟེན་ནས་སྨྲ་བའི་ལམ་བུ་དེས་ཁོང་ལ་དགའ་བསུའི་ཐལ་སྒྲ་འདི་ཐོབ་པ་དང་། འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་ཁོང་ནི་སུད་ཊན་གྱི་གལ་ཆེའི་རྩོམ་པ་པོ་ཞིག་ཏུ་གྱུར། ཡུལ་དེའི་ཆེད་ལས་མཁས་པ་ཚོས་བརྗོད་གསལ་ལ་ད་རེས་ཀྱི་ངོས་འཛིན་འདི་ནི་དགུང་ལོ་བརྒྱད་ཅུར་སོན་པའི་སྙན་ངག་པ་ཁོང་གིས་རྩོམ་ཡིག་དང་། ཁྱད་དུ་འཕགས་པའི་འཆར་སྒོར་བརྟེན་ནས་དངོས་ཡོད་ཀྱི་རང་བཞིན་འཚོལ་བའི་ཆེས་གསལ་བའི་ཐབས་ཤེས་ཤིག་བསྟན་པའི་རྒྱུ་མཚན་གྱིས་རེད་ཅེས་བཤད། ༡༩༩༠ ལོར་སྙན་ངག་པ་ཁོང་ལ་ཡ་ང་དགོས་པའི་དཀའ་སྡུག་ཅིག་ཕྲད་ཡོད་པ་ནི། ལུས་ཀྱི་ཕྱེད་ལ་གཟའ་གྲིབ་ཕོག་སྟེ་སྐད་ཆ་ཤོད་མི་ཐུབ་པར་གྱུར་པ་དེ་རེད། འོན་ཏེ། ཁོང་གིས་སྙན་ངག་འབྲི་རྒྱུ་མཚམས་མ་བཞག་པར་མཐར་༢༠༠༤ལོར་སྙན་ངག་ཕྱོགས་སྒྲིག་རླབས་ཆེན་གྱི་གསང་བ་ཞེས་པ་ཞིག་དཔར་སྐྲུན་བྱས། ཁོང་གི་སྙན་ངག་སྐད་རིགས་མི་འདྲ་བ་ལྔ་བཅུའི་ནང་ཡོད་ཅིང་། དེས་འཛམ་གླིང་སྤྱི་དང་ལྷག་པར་དུ་བྱང་ཨ་མི་རི་ཀའི་ཕྱོགས་ལ་བག་ཆགས་ཤུགས་ཆེན་ཐེབས་ཡོད། ༡༩༥༠ནས་ཁོང་དང་ཨ་མི་རི་ཀའི་སྙན་ངག་པ་ Robert Bly,གཉིས་བློས་ཐུབ་ཀྱི་གྲོགས་པོར་གྱུར་ཅིང་། རོ་བྷརཌི་བེ་ལཡེ་ཡིས་ཁོང་གི་སྙན་ངག་མང་དག་ཅིག་དབྱིན་སྐད་དུ་བསྒྱུར། རང་གི་ཨ་མ་དང་དགེ་རྒན་མཉམ་དུ་འཚར་ལོངས་བྱུང་ཞིང་། ལོ་ཉེར་གསུམ་ཐོག་རང་ཉིད་ཀྱི་སྙན་ངག་དེབ་ཐོག་མ་དེ་བཏོན། སུན་ཌན་ནས་སེམས་ཁམས་རིག་པའི་ལག་འཁྱེར་ཐོབ་པ་ནས་ཁོང་གི་ཆེད་ལས་དེ་སྙན་ངག་པ་དང་སེམས་ཁམས་རིག་པ་ཞིག་ཏུ་གྱུར།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ད་ལྟ་རང་གནས་ཚུལ་འབྱ༠ར་གསལ་ལ། དེ་རིང་ཡང་རྔ་བར་བུ་མོ་ཞིག་གིས་རང་ལུས་མཆོད་སྦྱིན་བཏང་ཞིང་ངོ་རྒོལ་ཛ་དྲག་ཏུ་འགྱུར་བཞིན་འདུག་ཟེར།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རླབས་ཆེན་གྱི་སྐྱེད་མ་གསུམ་ལ་ཡི་རངས་བསྔགས་བརྗོད་ཞུ། ལོ་རྗེས་མར་རང་དབང་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ལ་ཡང་ཞི་བདེའི་གཟེངས་རྟགས་འཐོབ་རྒྱུའི་རེ་བ་ཡོད།

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཞི་བདེའི་གཟེངས་རྟགས་འདི་སྔ་མོ་ཞིག་ནས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་གྱུར་ནས་སུ་ལ་ཡང་སྤྲོད་རྒྱུ་ཡོད་པ་ཞིག་ཆགས་འདུག་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese