མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“ ངའི་འདོད་པ་ཁེངས་ཡོད ”

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp


ཚེས་
༧ ཉིན་བོད་པའི་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ཨ་མདོ་རྔ་པའི་རྒྱལ་གཅེས་དཔའ་བོ་མཁའ་དབྱིངས་ལགས། རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཅིང་། འབྲེལ་ཡོད་མི་མང་གིས་དམ་པ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱ་དགོས་ཚུལ་གྱི་རེ་འདུན་ཤུགས་ཆེ་བཏོན་ཡང་རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་ཉིན་དེ་རང་ལ་འབར་ཁམས་ནས་ཁོང་གི་སྐུ་ཕུང་མེར་བསྲེགས་བཏང་སྟེ་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་འདུག

མཁའ་དབྱིངས་ལགས་སྐུ་མ་གྲོངས་གོང་སྨན་ཁང་དུ། “ ངས་འདི་ལྟར་རང་སྲོག་བོད་དོན་ཆེད་གཏོང་ཐུབ་པ་དེས་རང་ཉིད་འདོད་པ་ཁེངས་པ་བྱུང་ཡོད་ཅིང་། འགྱོད་པ་རྩ་བ་ནས་མེད་པས་ཚང་མས་སེམས་སྡུག་མ་གནང་རོགས” ཞེས་ཁ་ཆེམས་ཀྱི་ཚིག་འགའ་ཡང་གསུངས་ཡོད་ཚུལ་རྔ་པའི་མི་མང་ཁྲོད་རྗོད་བཞིན་ཡོད་འདུག  འོན་ཀྱང་། ཕྱི་ཚེས་ ༨ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧ་དྲ་བའི་ཐོག རང་ལུས་མེར་བསྲེགས་གཏོང་མཁན་ཁོང་གཉིས་ཀར་སྲོག་གི་ཉེན་ཁ་མེད་པར་མ་ཟད། རྨས་སྐྱོན་ཕོག་པ་ཚབས་ཆེན་མིན་ཚུལ་ཡང་བཤད་ཡོད་འདུག 

རྔ་པ་མི་མང་གིས་ཕྱི་ཚེས་ ༨ ནས་དེ་རིང་བར་ཉིན་གསུམ་གྱི་རིང་རྔ་པ་རྫོང་ཁོངས་ཀྱི་བོད་ཀྱི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་སྟེ། བོད་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་ཅིང་། རྒྱལ་གཅེས་དཔའ་བོ་མཁའ་དབྱིངས་ལགས་འདས་གྲོངས་སུ་ཕྱིན་རྗེས། མི་མང་ཕལ་ཆེ་བ་འདས་པའི་ཉིན་གསུམ་རིང་དགོན་པ་ཁག་བརྗོད་དེ་བསྔོ་བསྟེན་ཕུལ་བ་དང་། ཕྱག་སྐོར་མཆོད་འབུལ་གནང་སྟེ་མྱ་ངན་དང་དགེ་སྒྲུབ་བྱེད་བཞིན་ཡོད་འདུག ཁོང་གི་ནང་མིས་དགེ་སྒྲུབ་བྱེད་བཞིན་ཡོད་ཀྱང་དགེ་འདུན་པ་ ༥ ལས་མང་བ་ལྷན་གཅིག་གདན་འདྲེན་ཞུ་མི་ཆོག་ཚུལ་བཀའ་རྒྱ་བཏང་ཡོད་པ་དང་། རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་བཅུ་གྲངས་ཤིག་གིས་གསོང་པོ་ཚང་སྲུང་བྱ་དམ་པོ་བྱས་ཏེ། དེ་སྔོན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་སྐུ་གཤེགས་སྐབས་ཀྱི་མྱ་ངན་ལྟ་བུ་རིགས་བྱུང་ཚེ་རེ་རེ་བཞིན་འཛིན་བཟུང་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་མི་ཚང་དེར་ཆོས་སྦྱིན་ལ་ཕེབས་རྩིས་ཀྱིས་མཐའ་བ་གོང་མའི་སྡེ་འདབས་སུ་བསླེབས་སྐབས། མཐའ་བ་གོང་མའི་སྡེ་མི་རྒན་པ་སྐོར་ཞིག་ཚུར་ཡོང་ནས་དགེ་འདུན་པ་རྣམས་མ་ཕེབས་རོགས་གྱིས། གལ་སྲིད་ཕེབས་པ་ཡིན་ན་ཁོང་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ཚུལ་ཞུས་ཡོད་སྟབས།  དགེ་འདུན་པ་རྣམས་ཕར་ཁོང་ཚང་ལ་མ་ཕེབས་པར་ས་གནས་དེ་ག་རང་ལ་བཞུགས་ནས་མ་ཎི་དང་བསྔོ་བ་སྨོན་ལམ་གསུངས་ཡོད་འདུག

རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་བཙན་བཀའ་བཏང་དོན་དེ་སྔོན་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་མཁན་ཚང་མ་དགོན་པའི་སྐྱིད་སྡུག་ནས་གནས་དབྱུང་གཏོང་དགོས་ཚུལ་བརྗོད་པར་དགོན་པ་གཞུང་སྒེར་གཉིས་ཀྱིས་ངོས་ལེན་རྩ་བ་ནས་མ་བྱས་པར་ངོ་རྒོལ་བྱས་པར་བརྟེན་དོན་འཁྱོལ་བྱུང་མེད་ནའང་། རྗེས་སུ་དེ་ལྟར་བྱུང་དུས་དགོན་པའི་སྐྱིད་སྡུག་ནས་གནས་དབྱུང་གཏོང་དགོས་ཚུལ་གྱི་བཙན་བཀའ་བཏང་ཡོད་པ་མ་ཟད། དེ་དོན་གྱི་ཡི་གེའི་ཐོག་དགོན་པ་གཞུང་གི་ཐེལ་རྩེ་འགོད་དགོས་ཚུལ་ཡང་ཡང་ནན་བརྗོད་བྱེད་བཞིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཆོས་འཕེལ་གྱིས་རང་ལུས་མེར་སྲེག་མ་བཏང་བའི་གོང་གི་ཉིན་ཤས་ནང་ཁོང་གིས་མི་མང་པོར་ད་ལྟའི་གནས་སྟངས་འདིས་ང་ཚོ་བཟོད་དཀའ་བའི་གནས་སུ་རྫང་གི་ཡོད་ཚུལ་དང་། དགེ་འདུན་པ་རྣམས་ཀྱིས་བོད་སྤྱི་བའི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་གི་ཡོད་ཚུལ་སོགས་ཡང་ཡང་གསུངས་ཡོད་འདུག

དེ་མིན་འདི་ནས་ཡར་བརྩིས་པའི་ཉིན་ཤས་རིང་རྔ་པའི་རྫོང་མཁར་སོགས་ལ་ར་མའི་སྐེ་ལ་བོད་དོན་གྱི་ཡི་གེ་བཏགས་ནས་ཐེངས་མང་བཏང་ཡོད་སྟབས། ཉེན་རྟོག་པ་རྣམས་ཀྱིས་ར་མ་ཡང་འཛིན་བཟུང་བྱེད་ཀྱི་ཡོད་པ་སོགས་དགོད་བྲོ་བའི་གནས་ཚུལ་ཡོང་འབྱུང་བཞིན་ཡོད་འདུག ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་སྐལ་བཟང་དབང་ཕྱུག་ལགས་རྔ་པ་རྫོང་མི་མང་སྨན་ཁང་དུ་ཡོད་ཀྱང་ད་ལྟ་ནས་ཉེན་རྟོག་པ་སོགས་ཀྱིས་འདྲི་གཅོད་སྣ་ཚོགས་བྱས་ཏེ། གཅར་རྡུང་མནར་གཅོད་མི་སྤྱོད་ལས་འདས་པ་གཏོང་གི་ཡོད་འདུག

གནས་ཚུལ་གཏོང་མཁན། བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 9

  1. རོ་བདག says:
    ལོ་ 15 སྔོན།

    དངོས་ནས་རྒྱལ་གཅེས་པ་རང་རེད་འདུག ལུས་སེམས་གཉིས་ཀ་ཁ་ཕྱེ་གཉིས་མེད་རེད་འདུག་ད།

    Reply
  2. རོ་བདག says:
    ལོ་ 15 སྔོན།

    ཨ་མའི་བུ་དངོས་ནས་དོན་སྙིང་ལྡན་པའི་ལས་དོན་ཞིག་གིིས་མགོ་མཇུག་བསྡུས་འདུག
    ངས་འདི་ནས་རྒྱ་ནག་དམར་པོའི་བཙན་འོག་ན་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་པ་དག་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  3. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་རྣམ་པར་གུས་འདུད་དང་། སྐུ་གཤེགས་དཔའ་བོ་མཁའ་དབྱིངས་ལགས་སུ་མྱ་ངན་དྲག་པོས་དགེ་སྨོན་འཚམས་སྦྱོར་བྱེད།

    Reply
  4. ཁྱུང་དཀར says:
    ལོ་ 15 སྔོན།

    ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་བོད་ཀྱི་རྒྱལ་གཅེས་དཔའ་རྒོད་སྐུ་ཞབས་མཁའ་དབྱིངས་མཆོག་གིས་བོད་མི་རིགས་དང་། རང་དབང་། བདེན་དོན་གྱི་ཆེད་དུ་རང་ལུས་མེ་རུ་བསྒྲོན་ནས་ལུས་སྲོག་འཕངས་མེད་དུ་སྤྱིན་པ་ཡིད་གདུང་དྲག་པོས་གུས་འདུད་དང་སྤྲགས་སེམས་ཁུང་ནས་མར་མེ་ཚེ་འབར་བཞིན་དཔའ་རྒོད་ཁྱོད་ནམ་ཡང་བརྗེད་མི་སྲིད།

    Reply
  5. རོ་ལངས། says:
    ལོ་ 15 སྔོན།

    ཤིན་ཧ་གསར་ཁང་གི་བཤད་སྟངས་དང་། དམར་པོའི་སྡུག་རྩུབ། རྒྱལ་གཅེས་དཔའ་བོ་ཁོང་གི་གདུང་ནང་མི་ལ་རྩིས་མི་སྤྲོད་པ་སོགས་གང་ལ་བསམ་ན་དེའི་བར་དེར་དོགས་པ་གཞན་ཞིག་ཀྱང་སྐྱེས་ཡོང་། ཡ་ང་བའི་མི་རིགས་འདིའི་ཐོགས་མཐའ་བར་གསུམ་དང་། དོ་མི་མཉམ་པའི་བསམ་སྤྱོད་དག་དྲན་བཞིན་རྒྱལ་གཅེས་དཔའ་བོ་དག་གི་ལས་དབང་ལ་བཟོད་དཀའ་བའི་གདུང་ཤུགས་ཤིག་དང་ཕངས་སེམས་ཤིག་ཀྱང་དབང་མེད་ཤོར་སོང་། ངེ་པ་དོན་གྱི་རྒྱལ་གཅེས་པ་ཁོང་དག་པའི་ཞིང་དུ་སྐྱེ་བར་ཤོག ཨོྃ་མ་ཎི་པདྨེ་ཧཱུྃ ཨོྃ་མ་ཎི་པདྨེ་ཧཱུྃ ཨོྃ་མ་ཎི་པདྨེ་ཧཱུྃ ཨོྃ་མ་ཎི་པདྨེ་ཧཱུྃ ཨོྃ་མ་ཎི་པདྨེ་ཧཱུྃ ཨོྃ་མ་ཎི་པདྨེ་ཧཱུྃ ཨོྃ་མ་ཎི་པདྨེ་ཧཱུྃ

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་རྔ་བ་ཁུལ་གྱི་དྲག་གནོན་མཚམས་འཇོག་དགོས་པའི་རེ་འདུན་བཏོན་པ།
    བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་་ཞི་བའི་སྒེར་ལངས་བྱས་ ཏེ་ད་བར་གསུམ་བཅུའི་དུས་དྲན་ཐེངས་ ༥༢ དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་སྲུང་བརྩིས་ཞུས་པའི་ཉིན་མོ་ནས་བཟུང་། བོད་བྱང་ཤར་རྔ་པའི་ས་ཁུལ་ནས་བོད་མི་དྲུག་དང་དཀར་མཛེས་ནས་བོད་མི་གཅིག་བཅས་ ཁྱོན་བོད་མི་བདུན་ཙམ་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་མི་དམངས་སྤྱི་ མཐུན་རྒྱལ་ཁབ་ཀྱིས་བོད་ས་བཙན་བཟུང་བྱས་པ་དེར་ངོ་རྒོལ་དང་བོད་མི་ཚོར་རང་དབང་ སྤྲོད་དགོས་པའི་འབོད་ཚིག་བསྒྲགས་ཡོད།
    ད་ལྟ་བོད་ནང་འབྱུང་བཞིན་པའི་དོན་རྐྱེན་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་ བྱེད་ཕྱོགས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱེད་ རྒྱུ་ཡིན། བོད་མི་ཚོའི་དངོས་ཡོད་དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་ཚབ་ཏུ་ རྒྱ་མིའི་ཉེན་རྟོག་དམག་མིས་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཚོ་འཛིན་བཟུང་ བཀག་ཉར་འོག་རྡུང་རྡེག་བྱས་པའི་གནས་ཚུལ་ཐོན་ཡོད།
    རྒྱ་ནག་གཞུང་གིས་གཞི་རྩའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཙམ་ མ་ཟད། རང་གི་ཡུལ་ཁྲིམས་དང་ཡང་ཡོངས་སུ་འགལ་བ་ཞིག་ཆགས་ཡོད་པ་ནི་གསལ་པོ་རེད། རང་ལུས་མེར་སྲེག་བཏང་སྟེ་རྨས་སྐྱོན་ཕོག་པ་རྣམས་རྒྱ་ནག་གཞུང་གིས་འཕྲལ་མར་ གློད་བཀྲོལ་བཏང་སྟེ་ཁོང་ཚོར་སྨན་བཅོས་ཚུལ་ལྡན་གནང་རོགས་ཞེས་འབོད་སྐུལ་ཞུ་ རྒྱུ་ཡིན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོ་དང་ལྷག་པར་འཛམ་གླིང་ཕྱོགས་གང་སར་ གནས་པའི་བོད་མིར་སེམས་ཐག་ཉེ་བའི་མཛའ་གྲོགས་ཚོས་རྔ་པའི་མི་མང་ཚོར་གདུང་སེམས་ མཉམ་སྐྱེད་ཐོག་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་བཞིན་རྒྱལ་སྤྱིའི་སྟེང་གསལ་ སྟོན་ཡོང་ཐུབ་པའི་འབོད་སྐུལ་ཞུ་རྒྱུ་མ་ཟད། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཀྱང་བོད་ཀྱི་གནད་དོན་དེ་བཞིན་ཞི་བའི་ཐོག་གྲོས་ མོལ་གྱི་ལམ་ནས་སེལ་ཐབས་ཡོང་སླད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནོན་ ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།།

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་མཆོག་གཙོས་རིས་མེད་ཀྱི་སྐྱེས་ཆེན་དང་མཚུངས་མེད་ཀྱི་དགེ་འདུན་པ་རྣམས་ཀྱིས་ཐུགས་སྨོན་གནང་སྟེ་ཁོང་ཚོ་ལ་བར་དོའི་འཇིག་སྐྲག་སོགས་མེད་པར་མཐར་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་སྨོན།
    ངོ་མ་གནས་ཚུལ་འདི་དག་རྣ་བས་ཐོས་སྐབས་ཅི་བྱེད་དགོས་མི་ཤེས་པ་ཞིག་རེད། བཙན་བྱོལ་ནས་གཞུང་དང་ཚོགས་སྡེ་ཚོས་ཡར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་སྟོབས་ཆེན་དག་ལ་འབོད་སྐུལ་རེ་དང་། མར་རྒྱ་ནག་ལ་བརྡ་ཙམ་རེ། བོད་ནང་གི་སྤུན་ཟླ་ཚོ་ལ་སེམས་ངོགས་ཤིག་སྟོན་རྒྱུ་གལ་ཆེན་རེད།

    ཁ་སང་སེ་ར་དགོན་ནས་དགེ་འདུན་པ་ཚོས་བསྔོ་སྨོན་གསུངས་པ་དེ་ཚོ་དྲ་ཐོག་ཏུ་འགོད་ཐུབ་ན་བོད་ནང་གི་སྤུན་ཟླ་ཚོ་ལ་སེམས་གསོ་རང་ཏུ་འགྱུར་ངེས་རེད། དགེ་འདུན་པ་དེ་འདྲ་མང་བོ་ཞིག་འཛོམས་འདུག དངོས་གནས་ཚང་མ་སྡུག་བསྔལ་ཡོད་པ་ཚོར་ཐུབ་ཀི། འོན་ཀྱང་། གནས་ཚུལ་དེ་ཚོ་དྲ་ལམ་དུ་མི་ཐོན་པ་དང་།ང་ཚོ་གྲྭ་བ་དག་གིས་པར་རྒྱག་མི་ཆོག་པའི་དགོན་པའི་སྒྲིག་ཁྲིམས་སྐྱག་དྲི་ཁ་དེ་ཚོས། ཧ་ཅང་བཟང་བའི་གནས་ཚུལ་དེ་རིགས་མི་མང་གིས་མ་ཚོར་བ་རེད།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་སྐུ་གཤེགས་པར་སྙིང་ཁོང་རུས་པས་གཏིང་ནས་མྱ་ངན་གུས་འདུད་དང་བཅས། དོན་ངོ་མར་བཤད་ན་ད་ནི་ཕྱི་ནང་གཉིས་ནས་ལས་འགུལ་མུ་མཐུད་ཚད་རེད། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེར་བསྲེགས་ནའང་བཙན་བྱོལ་བ་ཚོས་མུ་མཐུད་ཐུབ་ཡོད་པ་མ་རེད། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་པ་གཞིས་ཀྱི་དཔའ་རྒོད་ཚོས་མུ་མཐུད་ཐུབ་ཀྱིན་པ་འདི་ནི་དངོས་གནས་རླབས་ཆེན་པོ་ཞིག་རེད། དཔའ་བོའི་ཁ་ཆེམས་དང་གསོན་པོའི་རེ་བའང་འདི་ལས་ལྷག་ཅིག་སྐོང་རྒྱུ་ཡོད་རྒྱུ་མ་རེད།

    Reply
  9. ཨ་མིའི་བུ། says:
    ལོ་ 15 སྔོན།

    བདེ་བ་ཆན་དུ་སྐྱེ་བར་ཤོག།
    ངོ་མ་ཁྱེད་ཅག་གཞི་ལས་པ་ཚོ་སྙིང་རྗེ་འོན་ཀྱང་འདི་གར་་་་་་་་་ཡཡཡཡཡ་་་་་་་་་་་་
    ད་སེམས་སྐྱོ་བ་ལས་ཅི་ཡོད་ཕྱིན་ཆོད་ཁྱེད་ཚོས་རང་གི་གཅིས་པའི་ལས་པོ་དེ་ལྟར་མཆོད་འབུལ་མེ་བྱེད་པས་རེ་བ་སྙིང་ནས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese