མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་འཕེལ་ལཊ་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཉིན་རྒྱབ་བོ
ད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ་ཕྱི་ཚེས་ ༧ ཉིན་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རང་ལོ་ ༢༠ ཡིན་པའི་རྒྱལ་གཅེས་དཔའ་བོ་ཆོས་འཕེལ་ལགས་འབར་ཁམས་སུ་ཡོད་པའི་རྔ་པ་ཁུལ་གྱི་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

པ་ཁོང་གི་སྐུ་ཕུང་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་འདུག་ཀྱང་ད་བར་སྤྲད་མི་འདུག དེ་སྔོན་མཁའ་དབྱིངས་ལགས་ཀྱི་ནང་མིར་ཉེན་བརྡ་བཏང་བ་ལྟར། ཆོས་འཕེལ་ལགས་ཀྱི་ནང་མིར་ཡང་དགེ་འདུན་པ་ལྔ་ལས་མང་བ་དུས་གཅིག་ལ་གདན་འདྲེན་ཞུ་མི་ཆོག་པ་དང༌། རྔ་པ་མི་ཁོང་གི་མང་སེམས་གསོ་བྱེད་པར་གཏོང་གི་མེད་པ་སོགས་དམ་དྲགས་ཆེན་པོ་བྱེད་མུས་ཡིན་འདུག

དེ་རིང་ལུགས་རྙིང་གི་ཟླ་ ༩ ཚེས་ ༡༥ ལ་འཁེལ་ཡོད་སྟབས་རྔ་པ་སྟོད་སྨད་བར་གསུམ་གྱི་སྐྱ་སེར་ཕོ་མོ་རེས་མེད་ཀྱིས་འཆར་ཅན་གྱི་ལས་ཀ་ཡོངས་རྫོགས་མཚམས་འཇོག་བྱས་ཏེ་འདས་གྲོངས་སུ་གྱུར་པ་དང་དཀའ་སྡུག་མནར་གཅོད་འོག་ཡོད་པ་དག་གི་ཆེད་དུ་ཀིརྟི་དགོན་པ་གཙོ་བོར་གྱུར་པའི་དགོན་པ་ཁག་གི་ལ་བསྔོ་བསྟེན་འཇོག་པ་དང༌། མཆོད་མེ་སྒྲོན་པ། ཕྱག་སྐོར་སོགས་ཀྱི་ལས་ལ་ཞུགས་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་འདུག

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༦ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 13

  1. གངས་རླུང་། says:
    ལོ་ 15 སྔོན།

    སྤུན་ཟླ་ལེགས་་་གཟི་བརྗིད་ངང་ཕེབས་སོང་། ཁྱེད་ཉིད་ཀྱི་་་རེ་བཞག་དང་དད་འདུན། བོད་རིགས་ཚོས་་་སེམས་ཁུངས་ནད་སྡུག། ནམ་ཞིག་ལ་་་དག་གཙང་ཞིག་ཤར་བར་སྨོན་ནོ།།།།

    Reply
  2. ནད་པ says:
    ལོ་ 15 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དམར་པོ་བཙན་གྱི་དར་གོས་འོག་ལ་ལང་ཚོ་སྨིན་པའི་གངས་གཞོན་ཚོའི།།
    རེ་སྒུ་རྣམ་ཤེས་དྷ་སར་བཅོལ་ཏེ་མེ་མདའི་ཁ་ནས་རང་བཙན་གླེང་།།
    རང་དབང་དམངས་གཙོའི་ཟས་ཀྱི་འཚོ་བའི་བྱེས་བཞུགས་སྤུན་ཟླའི་རྣམ་ཤེས་དེ།།
    ཨ་རིའི་སྒོར་མོ་སྐྱབས་སུ་བཟུང་སྟེ་ནུབ་ཕྱོགས་རྒྱལ་ཁབ་འགྲིམས་པར་བྲེལ།།

    Reply
  4. གཡག says:
    ལོ་ 15 སྔོན།

    སྙིང་སྟོབས་ལ་ཡི་རངས་དང་ཟུངས་ཁྲག་ལ་དོན་ཡོད་དུ་རྗེས་དྲན་ཞུ།

    Reply
  5. གླག་སྨྱོན། says:
    ལོ་ 15 སྔོན།

    ཁོ་ཚོ་མེ་རུ་དུ་འབར་གྱིན་འབར་གྱིན་ང་ཚོ་ཅའི་ཕྱིར་གྲང་འདར་མི་རྒྱུག

    Reply
  6. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དཔའ་བོའི་གཅེས་སྲོག་དགྲ་བོའི་མིག་མདུན་ན།།
    སྡར་མའི་སྟོང་གཏམ་བོད་མིའི་ནང་ཁུལ་ན།།
    ཕྱི་དགྲ་ནང་དགྲ་གཉིས་ཀྱི་བར་མཚམས་ན།།
    བོད་པའི་་ལས་དབང་རླུང་ཁའི་མར་མེ་བཞིན།།

    རྒྱལ་གཅེས་དཔའ་བོའི་དུར་ས་གངས་རིའི་ལྗོངས།།
    རྒྱལ་བཙོང་ནང་རུལ་གསོན་ས་བཙན་བྱོལ་ཁྲོད།།
    དེ་ཡིས་དོན་ལྡན་མི་ཚེའི་རིན་ཐང་རྟོགས།།
    འདི་ཡིས་རང་གི་ལྟོ་དང་རྒྱབ་ཀྱི་ཆེད།།

    Reply
  7. ཐུབ་བསྟན། says:
    ལོ་ 15 སྔོན།

    མྱ་ངན་གུས་འདུད་ཞུ།
    ང་ཚོའི་བཀའ་སྤྱི་ཟེར་བ་དེ་ཚོས་ཞལ་ལེགས་གང་བཟང་དང་། གསོལ་ཇ་གང་ཞིམ་སྤྱོད་ཞོར་ད་ནི། ལས་འགུལ་སྤེལ་རན་འདུག་ཅེས་མང་ཚོགས་ལ་འགོད་སྐུལ་ཙམ་ལས་ལམ་སྟོན་སྣེ་གཅིག་གནང་ཐུབ་ཀྱི་མེད་པ་འདི་ཅི་རེད། ཁྲིམས་ལུགས་མཁས་དབང་བཀའ་ཁྲིས་ཁྲིམས་མཐུན་ལམ་སྟོན་ལ་གསལ་ཁ་མི་འདུག

    Reply
  8. རིགས་པ་སྨྲ་བ། says:
    ལོ་ 15 སྔོན།

    བོད་ནང་གི་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་རང་རེའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེ་རུ་སྦར་ཏེ་རྒྱ་ནག་གཞུང་གི་བཙན་དབང་གི་གཉའ་གནོན་ལ་དྲག་པོའི་ངོ་རྒོལ་གནང་ནས་ཕྱི་ནང་གི་བོད་རིགས་ཡོངས་ཀྱི་རེ་བའི་མངོན་འདོད་དག་གསལ་བོར་མཚོན་སྟེ་འཛམ་གླིང་མི་དམངས་དང་ཕྱི་རུ་གནས་པའི་བོད་རིགས་ཡོངས་ལ་རེ་སྒུག་དང་སྨོན་འདུན་ཆེན་པོ་ཞིག་སྙིང་ལ་བཅིངས་ནས་སྐུ་གཤེགས་པ་རེད། དེར་བརྟེན། འཛམ་གླིང་གི་རང་དབང་ལུང་བར་གནས་པའི་བོད་རིགས་ཡོངས་ཀྱིས་དེ་དག་གི་ཆེད་དུ་མཆོད་འབུལ་བྱ་རྒྱུའི་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱ་ནག་གི་གཞུང་ཚབ་ཁང་ཁག་ལ་དྲག་པོའི་ངོ་རྒོལ་བྱེད་པར་སྣེ་ཁྲིད་བྱ་དགོས་ངེས་ཡིན།

    Reply
  9. ཁྱུང་དཀར says:
    ལོ་ 15 སྔོན།

    སྙིང་སྟོབས་ཀྱི་གོ་ཆ་ལྕགས་ལས་མཁྲེགས་པའི་འུ་ཅག་གི་སྤུན་ཟླ་རེ་རེ་འདི་ལྟར་མེ་རླབས་དང་མཉས་དུ་ཆས་འགྲོ་དུས་སེམས་པ་སྐྱོ་ལྷང་ལྷང་། དྲན་གཞིགས་རབ་ཏུ་ལྕི། འོན་ཀྱང་། རེ་བ་ཞིག་ལ་མེ་རླབས་འདིའི་འོད་སྣང་འུ་ཚོའི་ཕ་ཡུལ་གང་སར་མཆེད་ཐུབ་ན་ད་གཟོད་གནད་དོན་འདི་མི་གླེང་ག་མེད་ཞིག་ཀྱང་རེད།

    Reply
  10. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ངོ་མ་ཕངས་སེམས་ལྩི་མོ་ཞིག་གིས་མདུན་བསུས་ནས་མྱ་ངན་གུས་འདུད་ཞུ་རྒྱུ་ལས་མེད་པས་ན་༧སྐྱབས་གནས་བསླུ་མེད་དཀོན་མཆོག་གསུམ་གྱིས་ཐུགས་བརྩེ་བའི་རྗེས་སུ་འཛིན་པར་ཤོགས་ཅིག

    Reply
  11. རོ་ལངས། says:
    ལོ་ 15 སྔོན།

    སྙིང་སྟོབས་ཅན་གྱི་བུ་རྒོད་ཚོ་འདི་ལྟར་རེ་རེ་ནས་བཞུད་སོང་བའི་ཕྱི་ཉིན། ཉི་མའི་ཁ་དོག་དེ་ཇི་འདྲ་ཡིན་ནམ་སྙམ་འོངས། སྟོན་མཇུག་འདིར་གྲང་ངར་ཁྱེར་འོངས་བའི་རླུང་བུ་ངར་མ་དང་སྡེབ་པའི་རྔ་བ་མི་མང་གི་ཚོར་བ་དེ་ཅི་འདྲ་ཡིན་ནམ་དྲན་ནས་ཡོང་། ཡིན་ན་ཡང། འགྲོ་བ་མི་ཡི་སྙིང་སྟོབས་དེ་གལ་ལ་ཐུག་གིན་ཇེ་ངར་ཡིན་ལ། ཇེ་བརྟན་ཡིན་པ་སྨོས་ཅི་དགོས། དེའི་ཕྱིར་དཔའ་བོ་དག་གི་སྙིང་སྟོབས་རྒྱལ་ངེས་ལ། བླ་ན་འབར་བའི་སྟིང་སྟོབས་དང་བདེན་པ་རྒྱལ་བར་སྨོན།

    Reply
  12. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བཤད་ན་གཏའ་མཐའ་མི་རྫོགས་ཤིང་། ངུ་ན་མཆི་མ་མི་རྫོགས་པའི་རྒྱལ་གཅེས་དཔའ་བོ་ཆེན་པོ་མཆོག་ལ་མྱ་ངན་གུས་འདུད་སྙིང་ནས་ཞུྲ ཁྱེད་རྣམ་པའི་སྙིང་སྟོབས་དང་ཆོད་སེམས་ཆེན་པོས། རྗེས་ལུས་གངས་ཅན་པའི་རིགས་རྒྱུད་འདི་ལ། དཔའ་བོ་རྡོ་རིང་། མི་ཆོད་པ། མི་ཤིགས་པ་སོགས་བཛྲའི་ཆོས་བདུན་གྱི་རང་བཞིན་ཞིག་ངེས་པར་དུ་འཛུགས་ཐུབ་སོང་ལ། ལྷག་བསམ་གྱི་ཁ་ཆེམས། ཟོལ་མེད་ཀྱི་དབུ་ཁྲིད། དོན་དངོས་མ་ལག་ཏུ་ལེན་པས། ངེད་ཚོ་ལ་ཕྱི་ཕྱག་འཚལ་ནས་འདི་ལྟར་བཞུད་པ་ལ་མིག་ཟུང་གི་མཆི་མས་ཁྱོད་ཉིད་ལ་འཁོང་ནས། བསླུ་མེད་དཀོན་མཆོག་རིན་པོ་ཆེ་ལ་སྐྱབས་འཇུག་ཞུ་བཞིན་ཡོད། ངོ་ཚོས་ཁྱེད་རྣམ་པའི་དབུ་ཁྲིད་ཀྱི་དོན་རྡོག་དུས་ཡང་བརྗེད་ཀྱི་མེད།

    Reply
  13. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 15 སྔོན།

    ད་ལྟ་དམ་དྲག་འོག་དགེ་རྩ་ཙམ་ཡང་བྱེད་འཇུག་གི་མེད་པའི་དཔའ་བོ་ཁོང་རྣམས་ཀྱི་ནང་མིའི་ཚབ་ཏུ། དབུས་བོད་མིའི་སྒྲིག་འཛུགས་སམ་ཚོགས་པ་ཁག་གིས་གདན་ས་གསུམ་སོགས་དགོན་སྡེ་ཁག་ལ་མཆོད་འབུལ་རྒྱ་ཆེར་བྱེད་པའི་ལས་འགུལ་ཞིག་སྤེལ་ན་ཧ་ཅང་ལེགས་པར་འདོད།
    དཔའ་བོ་ཁོང་ལ་ཆེད་དུ་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese