མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟློས་གར་དབུ་བརྙེས་པའི་མཛད་སྒོ་མྱ་ངན་ངང་གྲོལ་སོང་།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་གཞུང་ཟློས་གར་དབུ་བརྙེས་ནས་ལོ་ ༥༢ འཁོར་པའི་མཛད་སྒོ་དང་། ཟློས་གར་ཁང་ཚན་ནང་ཁུལ་གཞས་སྣ་འཁྲབ་སྟོན་འགྲན་བསྡུར་བཅས་གོ་སྒྲིག་བྱས་ཡོད་ཀྱང་། བོད་ནང་དུ་རང་ལུས་མེ་བསྲེགས་ཀྱི་ཛ་དྲག་གི་གནས་ཚུལ་སྔ་ཕྱིར་བྱུང་ཡོད་སྟབས། མྱ་ངན་གུས་འདུད་དང་བདེན་ཚིག་སྨོན་ལམ་གྱོར་ཏེ་མཛད་རིམ་མཇུག་བསྡུས་སོང་།

བོད་གཞུང་ཟློས་གར་དབུ་བརྙེས་ནས་ལོ་ ༥༢ འཁོར་པའི་མཛད་སྒོ་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་འཚོགས་གཏན་གྱིས། སྐུ་མགྲོན་གཙོ་བོར་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་མཆོག་དང་། དེ་བཞིན་ཉེ་འཁོར་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ཁག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་མཛད་གཙོ་རྣམ་པ་བཅས་སྐུ་མགྲོན་དུ་མགྲོན་འབོད་བྱས་ཡོད་ཀྱང་། བཙན་བྱོལ་སྒྲིག་འཛུགས་ཀྱི་ཆོས་རིགས་ལྷན་ཁང་གིས་བོད་ནང་གི་ཛ་དྲག་གནས་བབ་འདི་ལ་བརྟེན་རྐང་བྲོ་གཞས་སྣ་འཁྲབ་སྟོན་མི་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་ལྟར་མཛད་རིམ་ཁག་ཕྱིར་བསྡུ་བྱས་སོང་།

སྐུ་མགྲོན་རྣམས་ཚོགས་ཁང་དུ་འཛོམས་འཕྲལ་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཉེ་ལམ་བོད་ནང་རྒྱལ་ཁབ་དང་མི་རིགས་བསྟན་སྲིད་ཀྱི་དོན་དུ་རང་ལུས་མཆོད་འབུལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རྐྱེན་འདས་སུ་སོང་པ་རྣམས་ལ་མྱ་ངན་གུས་འདུད་དང་། ཁོང་ཅག་གི་ནང་མི་གཉེན་ཉེ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། མར་མེ་སྒྲོན་པ་དང་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་སོང་ལ། དེའི་རྗེས་བོད་གཞུང་ཟློས་གར་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་དུས་ཆེན་ངོ་སྤྲོད་དང་སྦྲགས། ཉེ་ལམ་བོད་ནང་དུ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མི་མང་པོ་ཞིག་གིས་སོ་སོའི་སྲོག་ལ་མ་འཛེམས་པར་རང་ལུས་མེར་བསྲེགས་བཏང་པ་དང་། ལྷག་པར་དུ་ཁོང་ཚོ་ནི་བོད་རིགས་གཞོན་སྐྱེ་རྐྱང་ཡིན་པའི་གནས་ཚུལ་དེ་བོད་གཞུང་ཟློས་གར་གྱི་མགོ་ལས་ཚང་མས་ཤེས་ཀྱི་ཡོད་པ་མ་ཟད། མྱ་ངན་གུས་འདུད་ཀྱང་ཞུ་བཞིན་ཡོད་པ་དང་། བོད་གཞུང་ཟློས་གར་དབུ་བརྙེས་པའི་མཛད་སྒོ་ནི་འདས་པའི་ལོ་ལྔ་བཅུ་ལྷག་རིང་འགྲོ་བསྡད་ཅིང་། རྐང་བྲོ་གཞས་སྣ་འདི་ཡང་བོད་མིའི་ཟློས་གར་གྱི་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་གྱི་ལས་དོན་གལ་ཆེན་ཞིག་ཡིན་ཡང་། བོད་མིའི་སྒྲིག་འཛིགས་ཀྱི་བཀའ་ཁྱབ་ལམ་སྟོན་བྱུང་སྟབས། རྟེན་འབྲེལ་མཛད་སྒོ་དང་གཞས་སྣ་འགྲན་བསྡུར་རིགས་ཕྱིར་བསྡུ་བྱས་པ་ཡིན་སྐོར་ངོ་སྤྲོད་གནང་རྗེས། སྐུ་མགྲོན་ཡོངས་སྐུ་བཞེངས་ཐོག བོད་པའི་བདེན་དོན་ཆེད་རང་ལུས་མེར་བསྲེགས་བཏང་པའི་དཔའ་བོ་རྣམས་ལ་བསྔོ་སྨོན་དང་བདེན་ཚིག་སྨོན་ལམ་སྐྱོར་བཞིན་མཛད་སྒོ་གྲོལ་སོང་།  

ཟློས་གར་ལྷ་མོའི་དགེ་རྒན་བསོད་ནམས་ཕུན་ཚོགས་ལགས་སུ་ལོ་ལྟར་ཟློས་གར་དབུ་བརྙེས་པའི་མཛད་སྒོ་དང་བསྟུན་ཏེ། ཟློས་གར་ཁང་ཚན་ཁག་བར་གཞས་སྣ་འགྲན་བསྡུར་གནང་གི་ཡོད་ཀྱང་། ད་ལོ་བོད་ནང་གི་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་མཚོར་ཕྱིར་ལས་རིམ་ཁག་ཕྱིར་བསྡུ་གནང་བར་ཚོར་སྣང་གང་འདྲ་བྱུང་མིན་དྲིས་པར་ཁོང་གིས། “གཞས་སྣ་འཁྲབ་སྟོན་འགྲན་བསྡུར་འདི་ཟླ་གཅིག་གི་གོང་ནས་སྦྱོང་བརྡར་དང་གྲ་སྒྲིག་བྱས་པ་རེད། འོན་ཀྱང་། བོད་ནང་གི་གནས་ཚུལ་འདི་ཛ་དྲག་དང་གལ་ཆེན་པོ་རེད། གཞས་སྣ་འཁྲབ་སྟོན་རིགས་ག་དུས་ཚོགས་ཀྱང་ཆོག་པ་དང་། ཐེངས་འདིའི་མཛད་སྒོ་དང་གཞས་སྣ་འཁྲབ་སྟོན་ཕྱིར་བསྡུ་བྱས་པ་དེས། དེ་རིང་འདིར་ཕེབས་པའི་སྐུ་མགྲོན་ཡོངས་ལ་སེམས་ཚོར་ཞིག་དང་བརྡ་ལན་ཞིག་སྤྲད་ཡོད་ངེས་རེད། ཁོང་ཚོ་ཕྱིར་ལོག་རྗེས་བསམ་བློ་གཏོང་ས་དང་། དུས་སྐབས་འདི་འདྲ་ཞིག་གི་ནང་མ་མཐར་ཡང་སྤྲོ་སྐྱིད་དང་གཞས་སྣ་རིགས་ཀྱི་ལས་དོན་ནང་ཞུགས་མི་རུང་པའི་ངེས་ཤེས་རེ་རྙེད་དགོས་པ་རེད ” ཅེས་ངག་འདར་བཞིན་མིག་མཐར་མཆི་མ་འཁོར་བྱུང་།

དེ་བཞིན་གཞས་སྣ་སྦྱོང་བརྡར་ནང་ཞུགས་མཁན་བུ་མོ་རིག་འཛིན་མཚོ་མོ་ལགས་ལ། བོད་ནང་བྱུང་པའི་གནས་ཚུལ་དང་ཟླ་གཅིག་ལྷག་ལ་དཀའ་ལས་བརྒྱབ་ཏེ་སྦྱོང་བརྡར་བྱས་པ་འཁྲབ་སྟོན་བྱ་མ་ཐུབ་པ་བཅས་ལ་མྱོང་ཚོར་གང་འདྲ་བྱུང་ཞེས་དྲིས་པར། མོ་རང་རྒྱ་གར་དུ་སྐྱེས་པ་ཞིག་ཡིན་སྟབས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་ཀྱི་མེད་ན་ཡང་། བོད་ནང་གི་བོད་མི་ཚོས་སོ་སོའི་སྲོག་ལ་མ་འཛེམས་པར་རང་ལུས་མེར་བསྲེགས་བཏང་པ་དེར་བཤད་མི་ཐུབ་པའི་ཚོར་པ་ཞིག་ཡོད་པ་དང་། ཁོང་ཚོ་རང་ཉིད་ཀྱི་ཕ་མ་སྤུན་མཆེད་ཅིག་གི་ས་ནས་བསམ་བློ་བཏང་ན་དངོས་ནས་སེམས་སྐྱོ་རྒྱུ་འདུག་ཟེར་ལ། ཟླ་གཅིག་ལྷག་ལ་དཀའ་ལས་བརྒྱབ་པ་དེ་དུས་སྐབས་གཞན་ཞིག་ཏུ་འཁྲབ་སྟོན་བྱས་ན་ཕྱིས་དྲགས་པ་གང་ཡང་ཡོད་པ་མ་རེད་ཅེས་ལན་འདེབས་གནང་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༦ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 7

  1. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    འདི་ནི་དོན་དམ་པར་བོད་མི་རིགས་ལ་བཅངས་པའི་སེམས་ཚོར་ཡོད་པའི་རྟགས་མཚན་ཤིག་ལ་ངོས་འཛིན་གྱི་ཡོད། ཐུགས་རྗེ་ཆེ། གཞན་གྱིས་ཀྱང་ལས་འགུལ་དེ་ལྟ་བུ་ལ་བསྔགས་བརྗོད་བྱེད་དགོས། ཡང་འགའ་ཞིག་ནི་བཙན་བྱོལ་ནང་གི་བོད་མི་རྣམས་ཀྱི་ནོར་འཁྲུལ་ཆུང་ཚགས་རིགས་བྱུང་མ་ཐག་ལམ་སེང་སྐྱོན་བརྗོད་ཆར་བ་བབས་བབས་ཕབ་བཞིན་འདུག ཡང་དེ་ལས་ལྡོག་སྟེ་བྱ་བ་ལེགས་པོ་ཞིག་བསྒྲུབས་ཚེ་དེ་ལ་བསྟོད་བསྔགས་བྱེད་རྒྱུར་དོགས་ཟོན་བྱེད་བཞིན་འདུག་པ་དེ་བྱ་སྤྱོད་ཡག་པ་ཞིག་གཏན་ནས་མིན། དེ་སྔོན་མོན་རྒུ་གཞིས་ཆགས་ཀྱི་ནང་དུ་གཞས་སྣ་འཁྲབ་སྟོན་སྤེལ་བ་ལ་མི་འགྲིག་པ་རེད་ཟེར་ནས་རྙོག་དྲ་ཆེན་པོ་མ་སློང་ཙམ་དུ་བཟོས་སོང་།

    Reply
  2. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་གི་གཞས་ལེན་བྲོ་ཁྲབ་བྱས་པ་སོགས་བོད་ནང་ལ་གོ་འདུག་ལ། ད་དུང་གསར་འགོད་པ་དག་གི་ངོ་གདོང་གི་འཛུམ་ཤིག་ཤིག་དེ་དག་ཀྱང་མཐོང་འདུག འདི་དག་ལ་ཕ་ཡུལ་མི་མང་གིས་དགའ་མོས་བྱེད་ཀྱི་མི་འདུག་པ་གོ་སོང་ལ། ང་ཚོ་ས་དེ་ནས་འོང་བའི་མི་དག་གི་སེམས་ངོས་ལའང་འཚམ་པ་མི་འདུག གང་ལྟར་བོད་གཞུང་ཟློས་ཁང་གིས་བྱེད་སྟངས་དེ་ལ་དགའ་ནས་ཡོད། ཐུགས་རྗེ་ཆེ། གདོང་སེམས་མཉམ་བསྐྱེད་ཟེར་ན་དེ་འདྲ་ཞིག་ཡིན་ངེས་རེད།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ལེགས་སོ་བསྔགས་བརྗོད་ཡོད།

    Reply
  4. བརྩོན་རྒྱམ། says:
    ལོ་ 14 སྔོན།

    དོན་དམ་གདུང་སེམས་མཉམ་བསྐྱེད་ཟེར་པ་འདི་འདྲ་རེད།  འདི་ནི་མིག་དཔེ་ཡག་པོ་ཞིག་པས་ན་ཚང་མའི་རྗེས་སུ་ཡིད་རིང་ཞུ་རྒྱུ་ཞིག་རེད།   བོད་ནང་དུ་བོད་མི་ཚོས་ཚེ་སྲོག་ཤོར་གྱི་ཡོད་པས་རེན་ཐང་ཧ་གོ་རེད་ངོ་མ་ཡག་པོ་རེད།

    Reply
  5. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 14 སྔོན།

    དེ་ནས་དེ་རིང་ལས་བྱེད་རྣམ་པ་ཚང་མའི་ཐུགས་ཁུར་ཆེ་བཞེས་ཀྱིས་གཞས་སྣ་འགྲན་བསྡུར་ཕྱིར་བསྡུ་གནང་བ་དེ་ལ་ཐུགས་རྗེས་ཆེ་ཞུ་།གཞས་པ་རྣམས་པ་ཚང་མ་ལོའི་སྦྱང་གནང་བ་དེ་དུས་ཚད་རན་པ་ཞིག་ལ་ཁྲབ་ཆོག་གི་རེད་།རང་རེའི་ཐུབ་ཡ་དེ་རྣམས་ལ་ལག་བསྟར་བྱས་ན་བོད་ནང་ལ་གཞུགས་མཁན་དེ་ཚོའི་ཐོས་ན་ཁོང་རྣམས་པ་ཚོའི་ཐུགས་ལ་རང་ཅག་ལ་རྒྱབ་བསྐྱོར་འདུག་བསམ་བསམ་ཞིག་ཤར་ཐུབ་ན་འགྲིག་གི་རེད་།སྤྱི་གཏང་བྱས་ན་ང་ཚོའི་ལས་འགུལ་ནང་ལ་མཉམ་ཞུགས་བྱེད་དགོས་རེད་དེ་ཚང་མ་ལོ་ཞུགས་ཐུབ་ཡ་རྩ་བ་ནས་ཡོད་མ་རེད་པ་།སོང་ཙ་ནས་རང་རེའི་རྒྱབ་བསྐྱོར་བྱེད་ཡ་དང་རྒྱབ་བསྐྱོར་འཚོལ་ཡ་དེ་ནི་ང་ཚོའི་ང་ཚོའི་ཕྲག་ལ་བབས་པའི་ལས་དོན་རེད་དྲན་གི་འདུག་།དཀོན་མཆོག་མཁྱེན་ཡངས་སྐུ་གཞུགས་ཁོང་ཕེབས་ཚར་འདུག་བ་།དགས་པའི་ཞིང་དུ་སྐྱེ་བ་ཤོག་།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    གདུང་སེམས་མཉམ་བསྐྱེད་མཛད་དགོས་དང་དགོས། དཔེ་ཡག་པོ་རེད། གཞིས་བྱེས་གཉིས་ཆིག་བསྒྲིལ་ངོ་མ་མཚོན་འདུག སྤྱིར་གཅིག་པ་ལས་གཉིས་པ་མེད་ཀྱང་ད་རེས་དམིགས་གསལ་གྱིས་བྱ་བ་ལུགས་མཐུན་བྱུང་འདུག སློབ་ཕྲུག་རྣམ་པའི་དཀའ་ལས་རྒྱབ་པ་ལ་དོན་མེད་རྩ་ནས་མ་རེད། དོན་ཆེན་པོ་མཚོན་ཡོད།

    Reply
  7. ཨ་མིའི་བུ། says:
    ལོ་ 14 སྔོན།

    ལེགས་སོ་དེ་རྗེས་སུ་ཡི་རང་ཡོད།
    མངོན་པར་བསྟོད་དོ། ཕྱིན་ཆོད་ཀྱང་དུས་སྐབས་དེ་འདྲ་ལ་ཚང་མས་ཐུགས་མཉམ་འཇོག་རོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese