མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་གཞུང་འཛིན་ཚོགས་པ་འདར་སིག་རྒྱག་གིན་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

 

བོད་ཐོག་རྒྱ་ནག་གིས་འཛིན་པའི་སྲིད་བྱུས་ལ་བོད་མི་རྣམས་ཀྱིས་བདེན་པའི་ལས་འགུལ་སྤེལ་ཐེངས་རེར། རྒྱ་ནག་གཞུང་གིས་དེ་ནི་ཏཱ་ལ་དང་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་ཇུས་འགོད་བྱས་པ་ཡིན་པར་བསྒྲགས་རྒྱུར་ཐེ་ཚོམ་དང་ངོ་ཚ་གང་ཡང་མེད་པས། ལས་འགུལ་ནམ་བྱུང་སྐབས་རྒྱ་ནག་གཞུང་གིས་ག་རེ་བརྗོད་ངེས་པ་ནི་བཙན་བྱོལ་བོད་མི་གད་པ་ཚུད་ཆད་ཀྱིས་ཚོད་དཔག་ཐུབ་ཀྱི་ཡོད། ལོ་འདིའི་ཟླ་ ༣ ཚེས་ ༡༦ ནས་བྱུང་བའི་རང་ལུས་མཆོད་མེར་སྒྲོན་ནས་བོད་ཀྱི་རང་དབང་རྩོད་མཁན་ཚོ་ལའང་དེ་བཞིན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུད་སྐུལ་བྱས་པར་བསྒྲགས་ཡོད། དེ་ནི་རྒྱ་ནག་གཞུང་གི་སྐྱག་རྫུན་ཁུངས་མེད་ཀྱི་རིག་པ་གསར་བ་གང་ཡང་མིན་སྟེ། ༨༩ ལོར་ལྷ་སར་ཞི་རྒོལ་བྱུང་དུས་དང༌། ༢༠༠༦ ལོར་སྐུ་འབུམ་དུ་བོད་མི་སྡེབས་འཛོམས་བྱུང་སྐབས། ༢༠༠༨ ལོ་ནས་ཞི་བའི་ངོ་རྒོལ་ཆེན་མོ་བྱུང་དུས་སོ་སོར་རྒྱ་ནག་གཞུང་གིས། དེ་རིང་ནང་བཞིན་༧གོང་ས་མཆོག་དང་སྒྲིག་འཛུགས་ཀྱིས་ཇུས་བཀོད་བྱས་ཚུལ་གྱི་ཁྱབ་བསྒྲགས་རྫུན་མས་རང་ངོ་རུལ་སུངས་འགེབ་ཐབས་བྱས་ཡོད།

 

དེང་རྒྱལ་སྤྱིའི་ནང་ཨ་རི་དང་ཡུ་རོབ། དེ་བཞིན་རྒྱ་གར་དང་ཉི་ཧོང༌། ཐའེ་ཝན་བཅས་ཀྱི་ཡུལ་ལུང་སོ་སོ་རྒྱ་ནག་གཞུང་གི་སྐྱག་རྫུན་བཤད་སྟངས་ལ་གད་མོ་ཤོར་ནས་སྡོད་པའི་སྐབས་ཡིན་པས། ཁོང་ཚོས་འདི་ལྟར་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་༧གོང་ས་མཆོག་དང་སྒྲིག་འཛུགས་ཀྱིས་ཇུས་གཞི་བཏང་ཚུལ་བསྒྲགས་ཀྱང་ཡིད་ཆེས་བྱེད་མཁན་ནམ་མཁའི་མེ་ཏོག་གི་སྤུན་ཡིན་ཡང༌། ཆེན་པོ་རྒྱ་ནག་གི་ཤེས་ལྡན་གཟུར་གནས་ཅན་རྣམས་དང༌། མི་མང་གང་འཚམས་ཞིག་ལ་གནས་སྐབས་གསལ་ཆ་མ་བྱུང་བའི་དཀའ་ངལ་འཕྲད་སྲིད་པ་ལས། དོན་དངོས་པོར་རྒྱ་ནག་དམར་ཕྱོགས་གཞུང་འཛིན་ཚོགས་པས་རང་གིས་རང་ཉིད་གསོད་བཞིན་པའི་གོམ་སྟབས་སུ་འགྱུར་བཞིན་ཡོད།

 

ཡིད་སྐྱོ་དགོས་པ་ཞིག་ལ། དྲམ་བསྒྲགས་དང་མེ་མདས་ཐག་ཆོད་ཐབས་མེད་པའི་བོད་ཐོག་འཛིན་པའི་སྲིད་བྱུས་ལམ་དུ་མ་ལྷོངས་བར་རྒྱ་ནག་གཞུང་རང་ཡང་འ་ཆད་འུ་ཐུག་སྟེ། རྒྱ་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ཝེ་མིན་གྱིས་རྒྱ་ནག་གཞུང་འབྲེལ་གྱི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཞིག་གི་ཐོག་ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་ཚོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱས་པའི་གནས་ཚུལ་དེ་དག་ལ་སྐྱོན་བརྗོད་མ་བྱས་པ་མ་ཟད། ད་དུང་དེ་རིགས་ཀྱི་གནས་ཚུལ་མང་དུ་ཡོང་ཆེད་འཛམ་གླིང་གང་སར་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད་ཟེར། སྐད་ཆ་འདི་དོན་དངོས་བྱས་ན། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སློང་མོ་བརྒྱབ་སྟེ་བོད་ནང་ཞི་འཇགས་བཏང་འདོད་པས་ཡིན་ཞིང༌། རྒྱལ་སྤྱིའི་ཁ་མིག་ཡོད་ཚད་རྒྱ་ནག་དམར་ཤོག་གཞུང་འཛིན་ཚོགས་པའི་སྟེང་བཙུགས་བཞག་པ་ཅུང་ཙམ་གཡོལ་ཐབས་ལོས་ཡིན་ཀྱང༌། ༧གོང་ས་མཆོག་དང་སྒྲིག་འཛུགས་ཀྱིས་ཅིའི་ཕྱིར་ཁོང་ཚོ་སྐྱོན་བརྗོད་བྱ་འོས་སམ།

ཁོང་ཚོས་བོད་མིའི་རང་དབང་རང་སྲོག་བློས་གཏོང་གིས་རྩོད་བཞིན་པ་ནི། ༧གོང་ས་མཆོག་དང་སྒྲིག་འཛུགས་ཀྱིས་འཛམ་གླིང་ལ་དྲིལ་བསྒྲགས་བྱེད་བཞིན་པའི་བོད་ཀྱི་དཀའ་ངལ་ར་སྤྲོད་བྱས་པ་ཞིག་ཡིན་ལ། རང་སྲོག་བློས་བཏང་བ་དག་གིས་ཁ་ཕྲལ་མིན་ལ། ཆོས་དད་རང་དབང་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་ལ་རང་དབང་དགོས་པ། འགྲོ་འདུག་རང་དབང་དགོས་པ། སྨྲ་བརྗོད་རང་དབང་དགོས་པ། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་སོགས་ཀྱི་ཆེད་འཚེ་མེད་ཞི་བ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གི་ལམ་ནས་སྒྲུབ་པ་འདི། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་སྒྲིག་ཁག་དང་ཅུང་ཙམ་ཡང་འགལ་མེད་ལ། ༢༠༠༨ ལོར་སྤྲད་པའི་བོད་མིའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་གཅིག་མཚུངས་ཆགས་ཡོད་པས། བོད་མིའི་མངོན་འདོད་གང་ཡིན་པ་དེའི་མགྲིན་ཚབ་བྱེད་པའི་བཙན་བྱོལ་བོད་མི་ཚོས་ཁོང་ཚོའི་བློས་གཏོང་གཏན་འགོག་བྱེད་པ་དང༌། ཡང་ན་རྒྱ་ནག་གཞུང་གི་རེ་བ་ལྟར་སྐྱོན་བརྗོད་བྱེད་པའི་གཞི་རྩ་གང་དུ་སྲིད་དམ།

 

ད་དུང༌། ལིའུ་ཝེ་མིན་གྱིས་ཏཱ་ལའི་རུ་ཚོགས་ཀྱིས་གནས་ཚུལ་དེ་ཚོར་སྒྲོ་བཏགས་པ་དང་དཀྲོགས་གཏམ་བཟོས་ཏེ་སྤེལ་བ་མ་ཟད། ད་དུང་བོད་མི་གཞན་རྣམས་ལ་སྐུ་ལུས་མེར་བསྲེགས་གཏོང་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད་པ་རེད་ཅེས་དཔང་རྟགས་གང་ཡང་མེད་པར་བྱུང་རྒྱལ་དུ་བཤད་འདུག བོད་ནང་གནས་ཚུལ་གང་བྱུང་བ་རྣམས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གང་ཞིག་ཏུ་ཚུལ་ཅི་ལྟར་སྒྲོ་བཏགས་མིན་མྱུར་ཏུ་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་སྤེལ་སྟེ་དབུས་བོད་མིའི་སྒྲིག་འཛུགས་ངོ་ཚ་ཁ་སྐྱེངས་མི་བཟོ་བར། གང་དུ་སྒྲོ་བཏགས་པ། སྣོན་པ་བརྒྱབ་པ་རྣམས་སྐོང་དགོས་དོན་ཁྱོན་ནས་མི་འདུག་ལ། རྒྱ་ནག་གཞུང་གིས་ད་ཐེངས་དཔང་རྟགས་ཚད་ལྡན་གྱིས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ཐེངས་གཅིག་རྒྱལ་སྤྱིའི་སྟེང་ངོ་ཚ་ཁ་སྐྱེངས་བཟོ་ཐུབ་ན། བོད་མི་རྣམས་ཀྱིས་མི་ལོ་མང་པོར་བསགས་པའི་ཤ་འཁོན་རྣམས་བརྗེད་དུ་འཇུག་ཐུབ་ངེས་ཡིན།

ལིའུ་ཝེ་མིན་གྱིས་ད་དུང༌། བོད་མིའི་རང་ལུས་མེར་བསྲེག་བཏང་སྟེ། ངོ་རྒོལ་བྱས་པ་དེ་ནི་དྲག་པོའི་སྒོ་ནས་རྒྱ་གཞུང་མགོ་རྟིང་སློག་རྒྱུར་འཆར་གཞི་ཡོད་པའི་ལས་འགུལ་གྱི་ཟུར་ཞིག་ཡིན་པ་དང༌། རང་ལུས་མེར་བསྲེགས་བཏང་བ་དེ་ནི་འགྲོ་བ་མིའི་གཞི་རྩའི་བྱ་སྤྱོད་དང་མི་མཐུན་པ་མ་ཟད། ལྷག་པར་དུ་ནང་པའི་ལྟ་གྲུབ་དང་འགལ་བ་ཞིག་རེད་ཟེར། ད་ལྟའི་རྒྱ་ནག་གཞུང་འདིས་རང་གི་རུལ་སུངས་དང༌། ལོ་རྒྱུས་ནང་བསགས་པའི་ཤ་འཁོན་དང་ནག་ཉེས་ཀྱིས་དམར་ཤོག་ཚོགས་པ་མགོ་རྟིང་མི་སློག་པར། བོད་ཀྱི་རང་དབང་དོན་དུ་རང་སྲོག་མཆོད་མེར་སྒྲོན་པ་ཞིག་གིས་རྒྱ་ནག་གཞུང་མགོ་རྟིང་སློག་པར་བསམས་པ་ནི། ༧གོང་ས་མཆོག་གིས་གསུངས་པའི་གུང་བྲན་ཏང་རྒས་ཡོལ་འགྲོ་ལ་ཉེ་བ་ཞེས་པའི་གསུང་ཚིག་འདི་དང་མཐུན་ཞིང༌། རང་གི་ནག་ཉེས་ཀྱི་རང་ནོངས་པེ་ཅིན་མཁར་དུ་མ་ཤོངས་པའི་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་འདི་འདྲའི་དངངས་སྐྲག་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་ལ། ལེ་བྷེ་ཡ་དང་ཨེ་ཇིབ་སོགས་ཀྱིས་མཚོན་དེང་འཛམ་གླིང་གི་མང་གཙོ་རང་དབང་གི་མེ་ཏོག་ཕྲ་ལམ་མེར་བཞད་དུས། དམར་ཤོག་སྒེར་གཅོད་པ་རི་བོང་རྡོ་བརྫུས་ཀྱིས་སྡོད་ས་མེད་པ་ནི་གསལ་བོ་ཡིན་པས། མགོ་རྟིང་སློག་པའི་སྔ་རྟགས་ཐོན་པའི་གཞུང་ནི་རྒྱ་ནག་མི་མང་གི་འདོད་བློ་དང་མཐུན་པའི་གཞུང་ཞིག་མིན་པར། དེ་ནི་ད་ལྟའི་རྒྱ་ནག་གི་རྒྱལ་རབས་ནང་ནག་ཉེ་ཆེ་ཤོས་ཀྱི་གཞུང་འཛིན་གུང་བྲན་ཏང་དམར་ཤོག་ཚོགས་པ་ཡིན་ལ། ༡༩༤༩ ལོའི་ ༡༠ ཚེས་ ༡ ལ་ཁྲིམས་མེད་ལུགས་མེད་ཀྱིས་བཙུགས་པའི་ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཟེར་བ་འདི་ཡིན་ལ། དེའི་བྱེད་པོ་རྣམས་མགོ་རྟིང་སློག་རྒྱུ་ནི་འཛམ་གླིང་ཞི་བདེ་དང༌། ལྷག་ཏུ་གླིང་ཆེན་ཨེ་ཤ་ཡའི་བདེ་སྐྱིད་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། ཁོང་ཚོས་གཞན་ཕན་སྙིང་སྟོབས་ཀྱིས་རང་སྲོག་བློས་གཏོང་གནང་བ་ནི་འགྲོ་བ་མིའི་ཡ་རབས་ཀུན་སྤྱོད་འབྱུང་ཡུལ་རང་ལས་གཞན་གཅེས་ཀྱི་བྱང་ཆུབ་སེམས་དཔའི་ཉམས་ལེན་དངོས་གནས་དེ་ཡིན།

དེས་ན་བཀའ་བློན་ཁྲི་པས་ཕྱོགས་སྡོམ་གནང་བ་བཞིན། བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་ཐབས་མེད་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི་ད་ལྟ་བོད་ནང་ཆབ་སྲིད་ཀྱི་དམ་དྲག་དང་རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། དེ་བཞིན་ཁོར་ཡུག་གཏོར་བཤིག་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་ཡིན། གསུངས་པ་ལྟར། རྒྱ་ནག་དམར་ཤོག་ཚོགས་པས་གང་མྱུར་བོད་མིའི་འདོད་འདུན་ལ་ཁྲིམས་དང་དངོས་ཡོད་གཉིས་ཆར་མཐུན་པའི་དགོངས་བཞེས་མ་གནང་ཚེ། འབྱུང་འགྱུར་རིག་གཞུང་ཕྱུག་པོ་ཡོད་པའི་རྒྱ་ནག་མི་མང་ལ་མང་གཙོའི་གཞུང་འཛིན་གསར་པ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡིན།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 11

  1. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    དྲ་གྲོགས་ཡོངས་ལ་ཞུ་རྒྱུ། དཔྱད་བརྗོད་འདི་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། རྒྱལ་གཅེས་དཔའ་པོ་ཚོས་བློས་གཏོང་ཆེན་པོའི་དམར་མཆོད་འདི་དག་ནི་པེ་ཅིང་དམར་ཤོག་གཞུང་ལ་མཚོན་ན་མེ་སྒྱོགས་ཆེན་པོ་དུ་མ་ལས་ལྷག་པ་མངོན་གསལ་རེད། ཁོ་པ་ཚོས་འུ་ཐུག་པའི་ཁག་དཀྲི་དང་རྫུན་གཏམ་འདི་རིགས་ནི་བདེན་པ་ཉིད་རྣམ་པར་རྒྱལ་བའི་རྟགས་མཚན་ཞིག་ཅི་ལ་མིན། དེ་ཙམ་མ་ཟད་ནང་ཆོས་དང་འགལ་མེད་དེ་སྟོན་པའི་སྐྱེས་རབ་ཏུ་སྟག་མོར་ལུས་སྦྱིན་དང་དྲི་མེད་ཀུན་ལྡན་སོགས་ཡོད་པ་མིན་ནམ། བདེན་སྐྱོང་ཞི་བའི་ངོ་རྒོལ་རྒྱལ་གྱུར་ཅིག

    Reply
  2. སེམས་ཕམ says:
    ལོ་ 15 སྔོན།

    བོད་དང་བཙན་བྱོལ་ཁྲོད་ནས་ལས་འགུལ་རེ་སྤེལ་དུས་་་དེ་ལ་རྒྱ་གཞུང་གིས་སྐྱོན་བརྗོད་རེ་ཡོད་པ་སྨོས་མེད་རེད། འོན་ཀྱང་འདི་ཕྱོགས་ནས་སྐྱོན་བརྗོད་དེ་དག་འགོག་ཐབས་སུ་བཙན་བྱོལ་བོད་མིའི་སྒྲིགས་འཛུག་ངོས་ནས་ལས་འགུལ་རིགས་ཁ་ཤས་ལ་བཀག་སྡོམ་བྱས་པའི་བཟོ་འདྲ་དེ་སྔ་མང་པོ་བྱུང་སོང་། དེ་ནི་རྒྱ་གཞུང་དགའ་བའི་ལས་ཞིག་ཏུ་འགྱུར་བ་ལས་ཁ་བཏད་གང་ཅོག་ཐུབ་མེད། ད་ཕན་ཆད་སྐྱོན་བརྗོད་ག་ཚད་བྱས་ན་ལས་འགུལ་དེ་བས་མང་བ་སྤེལ་ཐུབ་ན་ཁ་བཏད་ཡག་ཤོས་ཤིག་རེད་དྲན།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    གྲོགས་པོ་རྣམ་པ་ཕེབས་ནས་དགྲ་ཡོང་ན་མདུང་མོ་མཉམ་འཛུགས་བྱས་པ་དགའ་ཡོད། ང་ཚོ་བཙན་བྱོལ་བོད་མི་སྤར་མོ་གང་མ་གཏོགས་མེད་ཀྱང་རྒྱ་ནག་གཞུང་ཆེན་པོ་དེ་དང་བསྡུར་ན་ལོ ༥༠ ནང་ཕྱོགས་གང་ས་ཅི་ཐད་ནས་ང་ཚོ་འཛམ་གླིང་ནང་མགོ་མགྱོགས་ཆོག་ཆོག་ཅིག་ཡོད་པ་༧རྒྱལ་མཆོག་གིས་རྟག་ཏུ་གསུངས་པ་བཞིན། བོད་རང་གི་དོན་དག་བོད་མི་རང་ལ་ཐུག་ཡོད་པས་ཚང་མས་རང་ནུས་ལ་དཔག་ཚོད་རེ་དུས་ཚོད་དང་བསྟུན་པའི་ཐོག་ཆད་མེད་བྱས་ན། རྒྱ་ནག་གཞུང་འདི་ལྟར་འུ་ཐུག་རྒྱུ་དངོས་ཡོད་རེད།

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    རེད། ཁུག་རྟའི་བཤད་པ་དེ་ལྟར་རེད། ཚེ་སྲོག་མེར་སྒྲོན་གྱི་ལས་འགུལ་འདི་ནི། ཤཱཀྱ་ཐུབ་པའི་སྲས་མཆོག་ཞི་བ་ལྷས་གསུངས་པའི་བདག་གཞན་མཉམ་བརྗེ་དང་། སྟོན་པ་ཏཱ་ལའི་བླ་མས་གསུངས་པའི་འཚེ་མེད་ཞི་བ། གྷན་རྡི་སོགས་ཀྱིས་གསུངས་པའི་འཚེ་བ་མེད་པ་དང་། བདེན་པའི་ལས་འགུལ་ཞིག་ལ་གྱུར་ཡོད་པ་ཅིང། ཆེས་ཚད་མཐོ་བའི་བདེན་པའི་ལས་འགུལ་ཞིག་རེད། ཡིན་ནའང་། བདུད་སྲིན་དེ་འདྲ་ཞིག་གིས་ཚོད་ཚོད་ལ་ཤ་འདར་རྒྱག་དཀའ་ཚོད་རེད་ལ། ཤ་འདར་ཅིག་བརྒྱབས་དུས་ཕལ་ཆེར་ཚེ་སྲོག་གི་འཇུག་པའང་བསྡུས་ཡོད་ཚོད་ཡིན།

    Reply
  5. ལུང་རྟོགས། says:
    ལོ་ 15 སྔོན།

    ཤར་ཁུག་ལགས་ནས་དཔྱད་བརྗོད་ཡག་པོ་ཞིག་བྲིས་འདུག འདི་ནི་ངོ་མ་མདུང་རྩེ་གཏད་དགོས་ས་ལ་གཏད་པ་ཞིག་རེད། རྗེས་སུ་ཡི་རང་ཡོད།

    Reply
  6. ཤར་མདའ། says:
    ལོ་ 15 སྔོན།

    བོད་མིའི་བཟོད་སྲད་ལ་རྒྱ་ནག་དམར་གཞུང་གི་ཡ་ལན་ཞིག་མ་གནང་ཐབས་མེད་ལྟ་བུ་ཞིག་རེད་གང་ཡིན་ཟེར་ན་ངོ་ཚོས་ཞི་བའི་ངང་ནས་རང་ལུས་མེ་ལ་སྒྲོན་ནས་ངོ་རྒོལ་གནང་པ་འདི་ནི་དམར་གཞུང་ངོ་ཚ་དགོས་པ་ཞིག་མ་ཡིན་ནམ།   ང་ཚོས་བདེན་དོན་འདི་འཛམ་གླིང་མི་མང་ལ་བསྒྲགས་ཀྱི་ཡིན་ད་དུང་འདི་འདྲའི་གནང་སྟངས་ཡོང་ངེས་པས་ངོ་ཚོས་རྒྱབ་སྐྱོར་དེ་ལས་ཆེ་བ་ཞིག་གནང་གི་གལ་ཆེན་མ་རེད་ནས་གོང་དུ་ཁུག་རྟ་ལགས་ཀྱི་དཔྱད་བརྗོད་ཡག་པོ་གནང་འདུག་ཡི་རངས་ཡོད།    སྨྱུག་འཛིན་པ་ཚོས་སྐད་རིགས་འདྲ་མིན་ཐོག་འདི་འདྲ་འབྲི་ཐུབ་ན་དགེ་མཚན་ཆེ།

    Reply
  7. རུ་གསར་ཚང་། says:
    ལོ་ 15 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་དཔྱད་བརྗོད་ཡག་ཅིག་སྤེལ་འདུག རྗེས་སུ་ཡི་རངས་ཞུ། སྨྱུ་གུ་འཛིན་མཁན་རྣམས་ཀྱིས་འདི་ལྟར་དཔྱད་བརྗོད་དང་བསྒྲགས་གཏམ་གང་མང་སྤེལ་དགོས་ངེས་རེད། མ་ཟད་དེ་སྐད་ཡིག་འདྲ་མིན་བསྒྱུར་སྤེལ་བྱེད་རྒྱུ་དེ་བའི་གལ་ཆེ་བར་མཐོང་། འདི་ལྟར་འགན་འཁྲི་དང་བླངས་ཀྱིས་དཔྱད་བརྗོད་ན་སྨྱུ་ཐོག་པའི་རང་གཤིས་དང་རང་ཚུགས་མངོན་གྱིན་འདུག དེ་མིན་དོན་མེད་ནང་ཁུལ་ལ་གཞི་མེད་སྐྱོན་བརྗོད་དང་ཧ་གོ་ལ་མ་གོ་ལར་གཉིད་ལབ་རྒྱག་མཁན་རྣམས་ནི་རྒྱུགས་པ་བཟུང་པའི་བོང་རྫི་ལས་ཀྱང་ཐ་ཆད་དུ་སྣང་།

    དེ་ནས་རྒྱ་གར་ནང་འཚར་ལོངས་བྱུང་ཞིང་མཐོང་སློབ་དང་འབུམ་རམས་པ་ཐོན་པ་དག་གིས་ཀྱང་བོད་ཡིག་ནང་འབྲི་མ་ཤེས་ན་གནད་ཁག་ཡོད་མ་རེད། རྒྱ་གར་ཡི་གེ་དང་དབྱིན་ཡིག་གང་རུང་ནང་འདི་ལྟའི་རྒྱ་ནག་གི་གདོང་རིས་གསལ་བའི་དཔྱད་བརྗོད་དང་རྒྱུ་མཚན་ལྡན་པའི་དགག་སྒྲུབ་སྐྱོན་བརྗོད་བྱེད་ཐུབ་ན་ཧ་ཅང་དགེ་མཚན་ཆེ་བར་མཐོང་།

    Reply
  8. ཀུན་དགའ། says:
    ལོ་ 15 སྔོན།

    དཔྱད་བརྗོད་འདི་ལ་རྒྱབ་སྐྱོར་ཡོད།
    ད་ནས་བཟུང་འུ་ཚང་ཡི་གེ་བ་ཚོས་ནང་ཁུལ་ཕན་ཚུན་མཚང་འབྲུ་ཁ་རྡུང་གི་ཀུན་སྤྱོད་དོར་ནས། གནས་དོན་སྐབས་བབ་ལ་གལ་གནད་ཆེ་བའི་རྩོམ་ཡིག་རེ་འབྲི་བ་ལ་ཁ་ཕྱོགས་ཐུབ་ན་ཅི་མ་རུང་།

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    རྣམ་པ་གཉིས་ཕེབས་ནས་བསམ་ཚུལ་གསུངས་བ་དགའ་བྱུང་།

    Reply
  10. འཇམ་བཟང་། says:
    ལོ་ 15 སྔོན།

    དཔྱད་བརྗོད་འདི་ལ་རྒྱབ་སྐྱོར་ཡོད།
    ད་དུང་འདི་ཡི་རིགས་མང་ཙམ་སྤེལ་ཐུབ་པའི་རེ་བ་ཆེ།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དཔྱད་བརྗོད་འདི་ལ་རྒྱབ་སྐྱོར་ཡོད། བློས་གཏོང་ཆེན་པོའི་དམར་མཆོད་འདི་དག་ནི་པེ་ཅིང་དམར་ཤོག་གཞུང་ལ་མཚོན་ན་མེ་སྒྱོགས་ཆེན་པོ་དུ་མ་ལས་ལྷག་པ་མངོན་གསལ་རེད། ཁོ་པ་ཚོས་འུ་ཐུག་པའི་ཁག་དཀྲི་དང་རྫུན་གཏམ་འདི་རིགས་ནི་བདེན་པ་ཉིད་རྣམ་པར་རྒྱལ་བའི་རྟགས་མཚན་ཞིག་ཅི་ལ་མིན། བདེན་སྐྱོང་ཞི་བའི་ངོ་རྒོལ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese