དེ་རིང་སྔ་དྲོར་རྔ་པ་རྫོང་ཐོག་ཏུ་རང་ལོ་ ༡༩ ཡིན་པའི་མི་སྐྱ་ནོར་བུ་དགྲ་འདུལ་ཞུ་བ་ཞིག་གིས་བོད་མིའི་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག
གནས་ཚུལ་ཐོན་གསལ་ལ། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༡།༥༠ ཙམ་ལ་རྔ་པ་རྫོང་ཆོས་རྗེ་ཞང་སོ་རུ་མའི་པདྨ་ཚང་གི་བུ་ནོར་བུ་དགྲ་འདུལ། རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་མེར་བསྲེགས་བཏང་ཞིང་བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག སྐབས་དེར་རྔ་པའི་ཁྲོམ་གཞུང་དུ་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་ཆུ་དང་མེ་གསོད་ཡོ་ཆས་ཀྱིས་ཁོང་གི་ལུས་ཀྱི་མེ་བསད་ཅིང་། གཅར་རྡུང་བཏང་ཡོད་ལ། ཉེན་རྟོག་པའི་རླངས་འཁོར་ཆུང་ཆུང་ཞིག་གི་ནང་དུ་བཞག་ནས་ཁྱེར་ཡོད་འདུག་མོད། ས་གནས་ཡུལ་མི་རྣམས་ཀྱིས་གང་དུ་ཁྱེར་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད། གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་བཤད་ན་ཁོང་གི་གཟུགས་པོ་མེས་ཚིག་པ་ཚབས་ཆེན་ཡིན་ཡང་སྐབས་དེ་རང་ལ་གྲོངས་མེད་པ་གསལ་པོ་ཡིན་འདུག ཁོང་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཡས་མས་ཤིག་ལ་གྲྭ་པ་ལོག་སྟེ་དེང་སྐབས་ཕ་མའི་རྩ་ལ་བསྡད་ཡོད་འདུག
གོང་གསལ་གནས་ཚུལ་དེའི་སྐོར་དངོས་སུ་མཐོང་མཁན་ཞིག་གིས་བརྗོད་པ་ཇི་བཞིན་ཡིག་ཐོག་ལ་བཀོད་པ་གཤམ་གསལ་ལྟར་ཡིན། ” སྔ་དྲོའི་དུས་ཚོད་ ༡༡།༥༠ ཡས་མས་སུ་ང་ཁྲོམ་གྱི་གཞུང་ལམ་ཟུར་ཞིག་ལ་ཡོད། སྐབས་དེར་ཁྲོམ་ལ་མི་མང་པོ་འདུག དང་པོ་ངས་ཤེས་དུས་བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་ཤུགས་ཆེན་པོས་སྐད་འབོད་རྒྱག་བཞིན་པའི་སྒྲ་དེ་རྒྱབ་ཕྱོགས་ནས་གོ་སོང་། སྐབས་དེར་མར་བལྟས་དུས་མི་ཞིག་གིས་རང་ལུས་མེར་བསྒྲོན་ཏེ། ཡར་ང་ཚོའི་ཕྱོགས་སུ་རྒྱུགས་ཡོང་གི་འདུག མཐོང་མ་ཐག་ང་རང་ཧ་ཅང་སྐྲག་སྣང་སྐྱེས་སོང་། ཕར་བལྟས་ཚོད་ལ་དུས་ཚོད་གང་མཚམས་འགོར་ཡོད་པའི་སྣང་བ་བྱུང་བས་མགོ་གང་ཞིག་ནས་བཙུགས་པ་ངས་མ་ཤེས་ཐལ། ཁོང་གི་མགོའི་སྐྲ་དང་རྒྱབ་ཀྱི་སྟོད་གོས་སོགས་མེས་ཚིག་ནས་ས་ལ་འཐོར་ཡོང་གི་འདུག སྐྲ་རིང་པོ་ཅན་ཞིག་དང་། དོར་མ་ལོ་དུང་སྔོ་སྐྱ་ཞིག་གྱོན་འདུག་པ་གསལ་པོ་ཤེས་སོང་། དེ་ནས་གཡས་གཡོན་ནས་ཉེན་རྟོག་པ་རྣམས་ཀྱིས་དང་པོ་ཆུས་བརྒྱབ་ཀྱང་མེ་མ་སོད་པར་མ་ཟད། ཁོང་ས་ལའང་མ་འགྱེལ་བར་མུ་མཐུད་སྐད་འབོད་བྱེད་བཞིན་མདུན་དུ་ཡོང་གི་འདུག་པས། རྡོག་ཐོས་བརྒྱབ་ཀྱང་ས་ལ་མ་འགྱེལ་ཐལ། དེ་ནས་མེ་གསོད་ཡོ་ཆས་ལག་ཏུ་ཡོད་པའི་ཉེན་རྟོག་པ་གཉིས་གསུམ་ཞིག་མདུན་དུ་ཐོན་སོང་ལ། ཁོང་ཚོས་མེ་གསོད་ཡོ་ཆས་ཀྱིས་བརྒྱབ་ནས་ས་ལ་འགྱེལ་བཅུག་པ་དང་། མེ་བསད་ནས་དེ་མ་ཐག་ཉེ་ཁྲིས་སུ་ཉེན་རྟོག་པའི་རླངས་འཁོར་ཆུང་ཆུང་སྒམ་ཤིང་ཅན་ཞིག་འདུག་པ་དེའི་ནང་དུ་བཞག་ནས་ཡར་ཁྱེར་སོང་མོད། ཕལ་ཆེར་རླངས་འཁོར་གྱི་ཁ་ཡར་འཁོར་འདུག་པས་ཡིན་པ་འདྲ་སྟེ། སྐོར་ར་བྱས་ནས་ཁྲོམ་ལམ་གཞན་ཞིག་ནས་མར་སྨན་ཁང་གི་ཕྱོགས་སུ་ཁྱེར་སོང་སྙམ་པ་བྱུང་ཡང་། ངས་མཐའ་མ་རིག་ས་དང་སྨན་ཁང་ལ་བར་ཐག་ཅུང་ཙམ་ཡོད་པས་སྨན་ཁང་དུ་ཁྱེར་སོང་ཟེར་ནས་བཤད་མི་ཐུབ། མི་དེ་སྐྲ་རིང་པོ་ཅན་གྱི་མི་སྐྱ་ཞིག་ཡིན་པ་ཐག་བཅད་ནས་བཤད་ཐུབ་ཀི། གཞན་ངོ་ཤེས་ཤིག་ཡིན་མིན་ཙམ་ཡང་ཤེས་རྟོག་མ་བྱུང་། གཙོ་བོ་ང་རང་ཚ་བེ་ཚུབ་བེས་སྙམ་འཇོག་མ་ཐུབ་པ་ཡང་ཡིན་ན་ཐང་མོད། ཁོང་གི་གདོང་དབྱིབས་མེས་བཏུམ་ནས་གསལ་པོ་རིག་མ་སོང་སྙམ་པ་ད་ལྟ་འདང་བརྒྱབ་ན་དྲན་གི ང་ཁོང་གི་ཐག་ཉེ་སར་ཡོད་མོད། མི་དེའི་གདོང་དབྱིབས་ངའི་དྲན་ཡུལ་དུ་མི་ཡོང་གི ཁོང་ཉེན་རྟོག་པས་ས་ལ་རྫོགས་པ་དང་མཉམ་དུ་མི་མང་པོས་སྐོར་སོང་ལ་ང་ཡང་ལྟ་རུ་སོང་བ་ཡིན། འོན་ཀྱང་སྐར་མ་གསུམ་བཞི་ཞིག་གི་ནང་ལ་ཉེན་རྟོག་པས་ཁྱེར་སོང་། སྐབས་དེར་ཉེན་རྟོག་པ་དང་དམག་མི་བཅས་མང་པོ་བསླེབས་འདུག བོད་མི་ཡང་མང་པོ་འདུག་མོད། ཁོང་ཚོས་གང་མགྱོགས་ལྕགས་དབྱུག་འཕྱར་ཞིང་། མེ་མདའ་ཚད་ནས་མི་མང་ཁ་གཏོར་སོང་ལ། སྐབས་དེར་ཉེན་རྟོག་པ་དང་དམག་མི་ཧ་ཅང་མང་པོ་ཁྲོམ་ཡོངས་ལ་འགྲེམས་འཇོག་བྱས་ཚར་འདུག བོད་མི་རྣམས་ཀྱིས་བཤད་དོན་རྫོང་མཁར་ཕྱི་ནང་གི་འགྲུལ་བཞུད་མཚམས་བཅད་འདུག་ཟེར ” ཞེས་གསུངས་པ་བཅས།
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་གི་མི་ཚེ་འབུལ་དགོས་ཀྱང་། རང་སྲོག་འབུལ་མི་དགོས་པའི་དགོངས་བཞེས་གནོངས་རོགས་བཅས་འབོད་བསྐུལ་ཞུ་རྒྱུ་ལས་མ་འདས་སོ། །
དེ་འདྲའི་སྙིང་པོ་་་དེ་འདྲའི་ཆོད་སེམས་ཆེན་པོ་་་བཙན་པོའི་བུ་ནི་བོད་བཙན་རིགས་རྒྱུད་རང་རེད་འདུག་་་་་ད་ཐེངས་ཁོང་འཆི་རྒྱུ་ཡིན་ཟེར་ནས་ཁ་ཁྱེམས་བྲིས་ཚར་ཤག་་་་ཁྱོད་རང་ཤི་བའི་སྐབས་སུ་ཁུ་་་སིམ་སིམ་མི་ཤི་བར་་་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོའི་མིག་མདུན་དུ་འཆི་དགོས་་་་ཁྱོད་རང་ཁ་ཆེམས་བྲིས་ཚར་དུས་འཆི་མ་ཐུབ་པའི་ན་དེ་ནས་བཟུང་ཁྱོད་རང་མི་ཡུལ་དུ་གོམས་པ་བརྒྱབ་ནས་འགྲོ་ན་་་ང་ཚོས་ཁྱོད་རང་མི་ཞིག་ཡིན་པའི་འདུ་ཤེས་སྐྱེ་གི་མ་རེད།
ཨ་ཙི་རྩེད་མོ་ཡིན་བཙན་པོའི་བུ་དེ་ངོ་མ་འཆི་རྒྱུ་ཐག་བཅད་འདུག་ན་དེ་འཆི་བལམ་ལས་ནས་སྐྱོབས་ཐབས་བྱ་དགོས་བ་དེ་་་་གལ་ཆེན་་པོ་རེད་་་་་་་་་་དྲ་གྲོགས་ཚོས་བཙན་པོའི་བུ་ཟེར་བ་དེ་ས་ཕྱོགས་གང་ཞིག་ནས་རེད་མིང་ངོ་མ་དེ་སུ་རེད་ཉེ་འབྲེལ་སྤུན་མཆེད་སུ་ཡོད་རེད་་་གལ་སྲིད་ཤེས་མཁན་ཞིག་ཡོད་ན་ཁོང་འཆི་ལམ་ནས་སྐྱོབས་ཐུབ་པ་བྱ་རོགས་་་་ཆབ་བྲག་ལ་སོགས་པའི་སྐབས་འཚོལ་པ་ཁ་ཤས་ཀྱིས་རང་གིས་ཁབ་ཀྱི་ན་ཟུག་ཙམ་ཡང་བཟོད་མི་ཐུབ་པར་་་་་་་མི་གཞན་གྱི་ཚེ་སྲོག་འཕྲོ་བརླགས་བཏང་བའི་འབོད་བསྐུལ་བྱ་གི་འདུག་མཐའ་གཅིག་ལ་ངོ་རྒོལ་ཡོད་་་་་་་་་་་་་་་་་་་་་་་་་་་་་་
རྒྱ་སྤྲང་འདི་ཚང་གིས། ད་སྡོད་བཅུག་ས་མ་རེད་ཡ། འཛམ་གླིང་འདི་ལོང་ཞིག་དང་ཧ་ཅང་མཚུངས། དྲ་གྲོགས་ཚོ།
རང་ལུས་ཀྱིས་བོད་མི་རིགས་ལ་ཞབས་འདེགས་ཞུ་ཕོད་ན། མིག་འདུན་གྱི་སློབ་སྦྱོང་དེ་ཡག་པོ་བྱས་ན་བཟང་ལེ་རེད།
ད་ནི་ཐུགས་རྗེ་ཆེན་པོ་བོད་པ་ཡིན་ལ།
ཤེས་རབ་རལ་གྲི་ཅན་དང་མཐུ་སྟོབས་དབང་ཕྱུག་ཀྱང་བོད་པ་ཆགས་ངེས།
དེ་བས་རང་མགོན་རང་ཉིད་དུ་འགྱུར་བཞིན་འདུག
བདེན་སྐྱོང་ཞི་རྒོལ་རྒྱལ་གྱུར་ཅིག
རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །
དེ་རིང་ཁ་རྩང་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་སྒང་ལ་ཕུ་ནུ་མང་པོ་ཞིག་གིས་རང་སྲོག་བློས་བཏང་བྱས་ཏེ་བོད་དོན་ལ་འཐབ་རྩོད་བྱས་དང་བྱེད་བཞིན་པ་རེད། ཡིན་ན་ཡང་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་གཞུང་དམངས་གཉིས་ཀ་འཇམ་ཐང་ཐང་རེད། ཉི་མ་ཁ་ཤས་ཀྱི་སྔོན་ལ་བཀའ་སྤྱི་གཉིས་ཀྱིས་བོད་དོན་ལས་འགུལ་ཞིག་སྤེལ་དགོས་ཚུལ་གྱི་གསལ་བསྒྲགས་ཤིག་བྱས་སོང་། དེ་ནི་གསལ་བསྒྲགས་ཙམ་ལས་རིག་རྒྱུ་ཞིག་དང་མཐོང་རྒྱུ་ཞིག་ནི་ཡོད་པ་མ་རེད། སྔོན་མ་ཞིག་ལ་བཀའ་བློ་ཁྲི་བ་བློ་བཟང་སེངྒེ་མཆོག་གིས་ཉིས་སྟོང་བརྒྱད་ཀྱི་མི་མང་སྒེར་ལངས་སྐབས་འཐུས་ཤོར་སོང་ཡོད་ཚུལ་གསུང་སོང་། ཡིན་ན་ཡང་དེང་སང་འཐུས་ཤོར་ལ་འགྲོ་བཞིན་ཡོད་པ་ཤེས་ཀྱིན་མི་འདུག འདི་ཚོ་ལ་རེ་རེ་བྱས་ནས་བསམ་བློ་བཏང་ན་སེམས་པ་སྡུག་གིས་ཁེངས་ཡོང་གི་འདུག
ང་ལ་མང་པོ་ཞིག་ཞུ་རྒྱུ་མེད། ཁྱེད་རང་་ཤུལ་བཞུགས་བོད་རིགས་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱེད་པའི་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ལྟར་དུ་བོད་དོན་ཐོག་ལ་མུ་མཐུད་ནས་ཤུགས་རྒྱག་རོགས་མཛོད། ང་ལྟ་བུའི་མི་ཞིག་བསྡད་ནས་ལས་འགུལ་སྤེལ་བ་ལས་གོ་སྐབས་འདི་དང་བསྟུན་ནས་ཤི་སོང་ན་བདག་གཞན་གཉིས་ཀར་ཕན་པོ་ཡོད་པ་ཤེས་ཡོད་ལ། གལ་ཏེ་ཤི་སོང་ན་ཡང་འགྱོད་པ་ཞིག་ཁྱོན་ནས་མི་འདུག རྒྱུ་མཚན་ནི། རྒྱལ་རིན་པོ་ཆེའི་སྔུན་ལ་ཤི་སོང་ན་ཁོང་གིས་སྨོན་ལམ་ཞིག་འདེམས་ངེས་རེད། རང་སྲོག་འདིས་ཀྱང་བོད་མི་རིག་རིགས་གཞུང་དང་བཅས་པར་ཕན་ཐོགས་ཕྲན་བུ་ཞིག་ཡོང་མདོག་ཁ་བོ་རེད། དེར་བརྟེན་ངས་དམིགས་ཡུལ་གཙོ་བོད་ནང་གི་བོད་རིགས་སྤུན་ཟླ་ཚོ་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་། བོད་དོན་བདེན་མཐའ་གསལ་ཆེད་སོགས་ཀྱི་ཆེད་དུ། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རང་སྲོག་མཆོད་མེ་རྐང་གཅིག་གི་ཚུལ་འབུལ་རྒྱུ་ཡིན། དེ་ནི་ཉིན་མཚན་ནམ་ཞིག་དང་དུས་ཚོད་ངོ་མ་ཞིག་བཤད་སོང་ན། ང་ལ་དཀའ་ངལ་ཞིག་ཡོང་གི་འདུག ཡིན་ན་ཡང་། མི་མང་ལས་འགུལ་ཆེན་མོ་དང་སྟབས་སྟུན་ང་ཆགས་ཞེན་སོགས་གང་ཡང་མེད་པར་ཕྱི་མའི་འཕྲེང་ལམ་དུ་ཁེར་རྐྱང་ངང་འགྲོ་ངེས་ཡིན། འོན་ཀྱང་། བདག་གི་ཕུང་བོ་བོ་འདིས་བོད་དོན་བདེན་མཐའ་གསལ་བར་ཕན་པར་ཤོག ངའི་སྤུན་ཟླ་ཚོ། བདེ་མོ་གྱིས། ༧གོང་ས་མཆོག་གི་སྐུ་ཚེ་ཁྲི་ལོར་བརྟེན་པར་ཤོག རྒྱ་དམར་གྱིས་བོད་ལ་རང་དབང་སྤྲད་དགོས། བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས། བོད་རང་བཙན།
ངོ་མ་ང་ཡང་མེ་ལྕེ་དམར་ལྷབ་ལྷབ་ཏུ་འབར་བའི་རོ་ལངས་ཤིག་བྱེད་ན་འདོད།
གསུམ་པའི་བཅུ་དྲུག་ནས་ད་བར་གྱི་གནས་ཚུལ་མདོར་བསྡུས་སུ་བཀོད་པ།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན།
ཉིན་དེའི་ཕྱི་དྲོའི་བོད་ནང་གི་དུས་ཚོད་ ༤ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཕུན་ཚོགས། རང་ལོ་ ༢༠ ། ཕ་མིང་ལ་ཚེ་རིང་བཀྲ་ཤིས། མ་མིང་ལ་རྫོགས་དཀར་ཡིན་པ་ཁོང་གིས་ཀིརྟི་དགོན་པའི་ཉེ་འདབས་ཀྱི་ཁྲོམ་མགོ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཤིང་དེ་མ་ཐག་ས་གནས་དེ་གའི་ཉེན་རྟོག་མི་སྣས་རྡུང་རྡེག་དང་བཅས་ཏེ་མེ་བསད་ཡོད། མི་མང་དང་གྲྭ་པ་རྣམས་ཀྱིས་ཉེན་རྟོག་པའི་ལག་ནས་འཕྲོགས་ཏེ་ཡར་རྔ་པ་ཀིརྟི་དགོན་པའི་ནང་ལ་ཁྱེར་བ་དང༌། དེའི་རྗེས་སུ་མི་མང་དང་གྲྭ་པ་ ༡༠༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཏེ་ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་མ་ཟིན་ཙམ་གྱི་རིང་གོམ་བགྲོད་བྱས་འདུག་མོད། དེ་ནས་དམག་དཔུང་འབོར་ཆེན་སླེབས་ཏེ་ལྕགས་དབྱུག་དང་གློག་རྒྱུག གྲི་སོགས་ཀྱིས་གང་བྱུང་གཞུས་ནས་ཚང་མ་ཁ་འཐོར་བཏང་ཞིང་ངོ་རྒོལ་བྱེད་ས་དེ་ནས་ལག་སོན་བྱུང་བའི་མི་མང་གང་མང་དང་ལྷག་པར་དུ་གྲྭ་པ་མཐོང་ཚད་འཛིན་བཟུང་བྱས་ཡོད་པར་མ་ཟད། རྒྱ་ལག་ཏུ་མ་ཤོར་བའི་མི་མང་དང་གྲྭ་པ་རྣམས་ཀྱི་ཁྲོད་དུའང་རྨས་སྐྱོན་ཚབས་ཆེན་ཕོག་པ་མང་པོ་ཡོད་འདུག འཕྲལ་དུ་རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དང་ཕྱོགས་ཡས་མས་སུ་ཐོན་སའི་ལམ་ཁ་ཡོངས་དང༌། རྔ་པ་ཀིརྟི་དགོན་པའི་མཐའ་སྐོར་ཡོངས་རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་བོད་པ་ཞིག་ཡིན་ཕྱིན་ཕྱི་ལ་ཐོན་ས་མེད་པ་ལྟ་བུར་གྱུར་ཡོད། ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པ་བོད་ནང་གི་དུས་ཚོད་ ༣ དང་སྐར་མ་ ༡༩ ཐོག་ཚེ་སྲོག་གི་རྒྱུ་ཡོངས་སུ་ཆད་ནས་འཇིག་རྟེན་འདི་དང་གཏན་དུ་གྱེས་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ ཉིན།
ཉིན་དེའི་སྔ་དྲོ་ནས་རྔ་པ་ཀིརྟི་དགོན་པའི་རྒྱུན་ལྡན་གྱི་བསླབ་པ་སློབ་གཉེར་དང་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་རྫོགས་དུས་ཚོད་ངེས་མེད་རིང་མཚམས་འཇོག་དགོས་ཚུལ་རྒྱ་གཞུང་གིས་བཙན་བཀའ་བཏང་བ་ལྟར་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་བྱུང་བར་མ་ཟད། དགོན་པའི་ཕྱོགས་ཚང་མར་ཕྱི་ལ་ཐོན་སའི་སྒོ་ཆེན་རེ་ཡོད་པ་ལས་ལྷོ་ཕྱོགས་སྒོ་གཅིག་པོ་མ་གཏོགས་ཚང་མ་ཕྱི་ལོགས་ནས་སྒོ་ལྕགས་བརྒྱབ་ནས་ཉེན་རྟོག་པ་དང་དམག་མིས་དམ་སྲུང་བྱས་ཏེ་དགེ་འདུན་པ་རྣམས་ཕྱི་ཟླ་ ༧ ཟླ་མཇུག་བར་ཕྱི་ལ་ཐོན་མ་བཅུག་པར་དགོན་པ་བཙོན་ཁང་དང་དགེ་འདུན་པ་རྣམས་བཙོན་པ་ལྟ་བུའི་གནས་སྟངས་འོག་གནས་དགོས་བྱུང༌། དུས་ཡུན་དེའི་རིང་མཚན་མོ་རྟག་པར་གླིང་བར་ལ་དྲག་ཆས་སྦྲས་པའི་དམག་མི་དང་ཉེན་རྟོག་མི་སྣས་སྦྱོང་བརྡར་སྤྲད་པའི་ཁྱི་ཁྲིད་དེ་གསང་ཉུལ་བྱེད་བཞིན་པར་ཐུག་པའི་དགེ་འདུན་པ་རྣམས་གཅར་རྡུང་དྲག་པོ་བཏང་ཡོད་ལ། གྲྭ་པ་རྣམས་ཀྱིས་རང་རང་བཞུགས་ཤག་ནས་དགོང་མོ་དཔེ་གཟིགས་གནང་སྟེ་འཕྱི་བོ་བཞུགས་ཀྱི་ཡོད་པ་དེའང་མི་ཆོག་པ་བཟོས་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ཉིན།
ཉིན་དེ་ནས་བཟུང་དགོན་པའི་ནང་སླེབས་པའི་ཞིང་ཆེན་དང་ཁུལ་གྱི་ལས་བྱེད་རྣམས་ཀྱིས་དགོན་པའི་དགེ་འདུན་པ་རྣམས་ལ་ཁྲིམས་ལུགས་སློབ་གསོ་ལས་འགུལ་ཟེར་བའི་མིང་འོག་ནས་དེ་སྔའི་རྒྱལ་གཅེས་ཆོས་གཅེས་ལས་འགུལ་ཟེར་བ་བསྐྱར་དུ་སྤེལ་འགོ་བཙུགས། ཉིན་དང་པོར་རྔ་པ་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་ཁུངས་ཀྱི་འགོ་གཙོས་ཚོགས་འདུ་གཙོ་སྐྱོང་དང་གཏམ་བཤད་མང་པོ་བྱས་ཡོད་པར། ནང་དོན་གཙོ་བོ་རྔ་པ་ཀིརྟི་དགོན་པ་གཞུང་སྒེར་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང༌། ཡུལ་གྱི་བདེ་འཇགས། མི་རིགས་མཐུན་སྒྲིལ་དང་བརྟན་བརླིང་ལ་བརྩི་འཇོག་མ་བྱས་ཚུལ་སྔ་ཕྱི་རིམ་པའི་ལས་འགུལ་མང་པོ་བགྲངས་ཏེ་དགོན་པ་གཞུང་སྒེར་གཉིས་ལ་སྐྱོན་བརྗོད་ནན་པོ་བྱས་ཡོད་ལ།
ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༦ ཉིན།
ཉིན་ནས་མཐའ་བ་གོང་འགབ་ཀྱི་སྡེ་མི་རྣམས་ལ་རྔ་པ་ཀིརྟི་དགོན་པ་སྲུང་བྱ་བྱེད་དགོས་པའི་མིང་ཐོག་ནས་དགོན་པར་སྔ་ཕྱི་དྲོ་གཉིས་ཀར་སྐོར་བ་བྱེད་བཅུག་པ་དང༌། དགོང་མོ་བོད་མི་དེ་དག་ལ་རྒྱ་སྒོར་སུམ་ཅུ་རེ་སྤྲད་དེ་དཔར་དང་བརྙན་དཔར་བརྒྱབ་ཡོད་པར་མ་ཟད། ཉིན་ཤས་རྗེས་རྔ་པའི་གསར་འགྱུར་ཞེས་པའི་བརྙན་འཕྲིན་དུ་མི་མང་གིས་གཞུང་ལ་རམ་འདེགས་བྱས་ཏེ་ཀིརྟི་དགོན་པ་སྲུང་བྱ་བྱས་ཡོད་ཚུལ་བརྗོད་ཡོད་པ་སོགས་ཀྱིས་མི་མང་ནང་ཁུལ་དཀྲིགས་ཤིང་བྱེད་པའི་ཐབས་ལ་འབད་ཅིང་གླིང་སྐོར་དུ་སོང་ན་རྒྱ་གཞུང་ལ་རམ་འདེགས་བྱས་པ་ལྟ་བུའི་མཐོང་ཚུལ་སྐྲུན་ཏེ་ཟླ་བ་མང་པོའི་རིང་དགོན་པར་གླིང་སྐོར་དུ་འགྲོ་རྒྱུ་ཡོངས་མཚམས་ཆད་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ཉིན།
ཉིན་འདི་ཙམ་ནས་རྔ་པ་ཀིརྟི་དགོན་པ་བཀག་སྡོམ་བྱེད་མཁན་གྱི་དམག་མི་མང་དུ་བཏང་ཞིང་དམག་མི་རྣམས་དགོན་པའི་གླིང་གི་ལྕགས་རིའི་ནང་ལ་སླེབས་ཏེ་དམ་དྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང༌། དགོན་པའི་གླིང་གི་མཐའ་རུ་ལྕགས་རི་བརྒྱབ་མེད་པའི་དགོན་པའི་བྱང་གི་ཕྱོགས་སུ་རྒྱ་གཞུང་གིས་དང་ཐོག་ལྕགས་ཚེར་གྱི་ར་བ་བརྒྱབ་ཅིང༌། དེ་རྗེས་ཨར་འདམ་གྱི་རྩིགས་པ་བརྒྱབ་ཡོད་པ་དང༌། དགེ་འདུན་པ་མང་པོ་ཞིག་ལ་འཚོ་བའི་དཀའ་ངལ་ཡང་ཉིན་རེ་ནས་ཉིན་རེ་ཇེ་ཆེར་སོང་ཡོད་སྟབས། མི་མང་གིས་དང་བླངས་ངང་རྩམ་པ་དང་མར་འཕྱུར་སོགས་དགོན་པ་གཞུང་ལ་སྤྲད་དེ་དགོན་པ་གཞུང་ངོས་ནས་དགེ་འདུན་པ་རྣམས་ལ་བགོ་འགྲེམས་བྱས་ཏེ་གནས་སྐབས་ལྟོགས་སྡུག་མྱོང་མི་དགོས་ཙམ་བྱུང་མོད། ཟླ་དེའི་ཕྱི་ཚེས་ ༨ ཙམ་ནས་མི་མང་ལ་བཟའ་བཅའི་རིགས་སྤྲོད་རྒྱུ་བཀག་འགོག་བྱས་པར་བརྟེན་དཀའ་ངལ་ཆེ་རུ་སོང་ཡོད་པ་དང༌། འདི་ནས་ཤེས་རྟོགས་བྱུང་བར་གྲྭ་པ་བདུན་ཡོད་པའི་གྲྭ་ཤག་ཅིག་གི་ནང་བཞེས་ལག་རྩ་བ་ནས་མ་རག་པར་ཉིན་གསུམ་རིང་ལྟོགས་སྐོམ་མྱངས་དགོས་བྱུང་ཡོད་པ་དང༌། དེ་ནི་དཔེ་མཚོན་ལྟ་བུ་ཡིན་པ་མ་གཏོགས་དེ་དང་དེ་འདྲ་བ་མང་པོ་བྱུང་ཡོད་ངེས།
དགོན་པའི་མཆོད་རྟེན་གྱི་བང་རིམ་རེ་རེ་བཞིན་རྒྱ་དམག་མིས་རྒྱང་ཤེལ་བཙུགས་ནས་དགོན་པའི་ཕྱི་ནང་ལ་སོ་ལྟ་བྱས།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༣ ཉིན།
དམག་མི་དང་ཉེན་རྟོག་པ་རྣམས་དུས་ཚོད་ངེས་མེད་ཀྱིས་གྲྭ་ཤག་ནང་འཛུལ་ནས་གྲྭ་ཤག་སྒོ་དང་སྒེའུ་ཁུང་བཅག་པ་དང༌། བཅའ་དངོས་རྐུ་འཕྲོག་བྱས་པ། གང་ཡིན་འདི་ཡིན་མེད་པའི་མིང་ཞིག་བཟུང་སྟེ་མི་དེ་ཁྱོད་ཚོའི་ནང་ལ་འེ་ཡོད་ཟེར་ནས་འདྲི་ཞིང༌། མི་དེ་འདྲ་ཞིག་གཏན་མེད་ཚུལ་བརྗོད་པར་དྲང་བཤད་བྱས་མ་སོང་ཚུལ་བརྗོད་དེ་གཅར་རྡུང་གཏོང་བ་དང༌། གྲྭ་ཤག་ནང་གང་བྱུང་གིས་སྔོག་བཤེར་བྱེད་པ་དང་མཉམ་དུ་གྲྭ་པ་རྣམས་ཀྱིས་མི་མཐོང་སར་སྒྲ་ལེན་འཕྲུལ་ཆས་གསང་སྟབས་ཀྱིས་བཞག་ཏེ་གྲྭ་པ་རྣམས་ཀྱིས་རྒྱུན་དུ་ག་རེ་བྱེད་ཀྱིན་ཡོད་མེད་ལ་གསང་ཉན་བྱས་པ་དངོས་སུ་ར་འཕྲོད་བྱུང་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ ཉིན།
ཉིན་དེའི་བོད་ནང་གི་དུས་ཚོད་ ༡༢ ཡས་མས་སུ་དམག་མི་འབོར་ཆེན་ཞིག་སླེབས་ཏེ་ཀིརྟི་དགོན་པའི་ནང་ལ་འགྲོ་བརྩིས་བྱས་སྐབས་མི་མང་གིས་དམག་མིའི་མདུན་བཀག་ནས་དགོན་པའི་ནང་ལ་གཏན་ནས་འགྲོར་མ་བཅུག་པར་བརྟེན། དྲག་ཆས་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་གིས་མི་མང་ལ་གཅར་རྡུང་དྲག་པོ་བཏང་ཞིང༌། སྦྱོང་བརྡར་སྤྲད་ཡོད་པའི་ཁྱི་མང་པོ་མི་མང་ནང་ལ་མངགས་ནས་མི་མང་པོར་ཁྱིས་རྨུག་པ་སོགས་ཀྱིས་ལོ་ན་ ༦༠ ཡོལ་བའི་ཨ་མ་རྒན་མོ་གཉིས་ལ་རྨས་སྐྱོན་རྨས་སྐྱོན་ལྕི་མོ་བཟོས་རྐྱེན་ཉིན་གྲངས་མང་པོའི་རིང་རྫོང་སྨན་ཁང་དུ་ཉལ་དགོས་བྱུང༌། མི་མང་གིས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་ནི་ཉིན་དེར་དགོན་པའི་གྲྭ་པ་མང་པོ་འཛིན་བཟུང་བྱེད་ཆེད་ཡིན་པ་ཤེས་ནས་བཀག་འགོག་བྱས་པ་ཡིན་ཞིང༌། ཉིན་དེ་ནས་བཟུང་ཕྱི་ཟླ་ ༤ ཚེས་ ༢༢ བར་དུ་མི་མང་གིས་ཉིན་མཚན་གཉིས་ཀར་དམག་དཔུང་གི་གདོང་ལ་བུད་ནས་གནས་སྟངས་ཧ་ཅང་ཛ་དྲག་འོག་ལྷག་ཡོད་པ་དང༌།
ང་ཚོས་རང་སྲོག་འབེན་ལ་བཞག་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཚུལ་བརྗོད་སྐབས། དེར་ཡོད་ཉེན་རྟོག་མི་སྣ་སོགས་ཀྱིས་ཤི་ཐུབ་མཁན་ཚོས་མཛུབ་ཐེལ་རྒྱག་དགོས་ཚུལ་བཤད་པར་མི་སུམ་བརྒྱ་ལྷག་གིས་གྲྭ་པ་རྣམས་ཀྱི་ཆེད་དུ་ཤི་ཐུབ་པའི་མཛུབ་ཐེལ་རྒྱབ་ཡོད་པ་དང་ད་དུང་མི་མང་གིས་འཚང་ཁ་བརྒྱབ་པར་བརྟེན་མཛུབ་ཐེལ་རྒྱག་མཚམས་བཞག་ཡོད་འདུག
དེའི་མཚན་མོ་རྒྱ་གཞུང་གིས་ཉེན་རྟོག་མི་སྣ་དང་དམག་མི་འབོར་ཆེན་བཏང་ནས་རྔ་པ་རྫོང་མཁར་དུ་ཡོད་པའི་ཁྲིན་ཀན་སྡེ་བའི་ཁྱིམ་ཚང་རེ་རེ་བཞིན་སྔོག་བཤེར་བྱས་འདུག
ཕྱི་ལོ་ ༢༠༡༡ ཟླ་༤ ཚེས་༡༣ ཉིན།
ཉིན་དེར་རྒྱ་གཞུང་གིས་བརྗོད་དོན། དགོན་པའི་ནང་ཡོད་པའི་ལས་དོན་རུ་ཁག་གིས་ལས་ཀ་མཇུག་མ་རྫོགས་བར་དུ་གནད་དོན་ག་རེ་ལ་ཐུག་ན་ཡང་གྲྭ་པ་གཅིག་ཀྱང་ཕྱི་ལ་ཐོན་མི་ཆོག་ཚུལ་དང༌། ལས་མཇུག་མགྱོགས་པོར་རྫོགས་མིན་གྲྭ་པ་ཚོས་སློབ་གསོ་དང་ལེན་བྱེད་མིན་ལ་རག་ལས་ཚུལ་བརྗོད་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༥ ཉིན།
ཉིན་དེ་ཡས་མས་ཤིག་ནས་རྔ་པ་རྫོང་ཐོག་ལ་ཡོད་པའི་གཞུང་གི་ལས་བྱེད་ཐ་ན་སློབ་གྲྭའི་དགེ་རྒན་ཚུན་ཆད་དང༌། དེ་མིན་རྔ་པ་རང་སྐྱོང་ཁུལ་གྱི་ཝུན་ཁྲན་རྫོང་དང༌། མོའུ་རྫོང༌། སྐ་ཁོག་རྫོང༌། མཛོད་དགེ་རྫོང༌། འབར་ཁམས་རྫོང༌། རྔ་པ་རང་སྐྱོང་ཁུལ་བཅས་ཀྱི་ལས་བྱེད་པ་ཁྱོན་སྡོམ་བརྒྱད་བརྒྱ་ཙམ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་མཁན་གྱི་རྒྱའི་དཔོན་པོ་ཚོའི་རྒྱབ་དཔུང་ལྟ་བུར་ལས་འགུལ་ནང་མཉམ་ཞུགས་བྱེད་བཅུག་ཡོད། དེ་ནས་བཟུང་དགོན་པའི་དགེ་འདུན་པ་ཡོངས་རྫོགས་ཚོགས་ཆུང་ལྔ་བཅུ་ང་ལྔར་བགོས་ནས་ཉིན་རྟག་པར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་ཕྱི་ཟླ་ ༩ ཚེས་འགོ་བར་སྤེལ་ཡོད་འདུག ལས་འགུལ་དེའི་འགན་གཙོ་བོ་ཁུལ་མཁན་རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཅེན་པོས་ཀྲང་དང༌། འགོ་གཙོ་གཞོན་པ་ཚེ་པོས་ཀྲང་གཉིས་དང༌། རྔ་པ་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་ཁུངས་ཀྱི་འགོ་གཙོ་བཅས་ཀྱིས་ཁུར་ཡོད་འདུག་ཅིང༌། ཁོང་ཚོས་བརྗོད་དོན་དགོན་པ་གཏོར་དང་མི་གཏོར། ཆོས་སྒོ་རྒྱག་མི་རྒྱག་ང་ཚོ་ལ་སྐད་ཆ་གང་ཡང་མེད་པར་དེ་ནི་ཁྱེད་རང་ཚོས་སློབ་གསོ་དང་ལེན་བྱེད་མིན་གྱི་རྣམ་འགྱུར་ལ་རག་ལས་པ་ཞིག་ཡིན་པས་ཁྱེད་རང་ཚོས་གདམས་ག་ཡིན་ཚུལ་བརྗོད་ནས་འཇིགས་སྐུལ་བྱས་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༨ ལོ་ནས་ད་བར་ཀིརྟི་དགོན་པའི་དགེ་འདུན་པ་ཚོས་ངོ་རྒོལ་ལས་འགུལ་རྒྱུན་མཐུད་ནས་བྱས་ཡོད་པས་རྔ་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་འཇགས་ཀྱི་གནས་སྟངས་ལ་གཏོར་བཤིགས་ཚབས་ཆེན་བཏང་ཡོད་པར་མ་ཟད། ད་ལྟ་ད་དུང་ལས་འགུལ་རྒྱུན་མཐུད་འདོད་ཀྱི་དམིགས་ཡུལ་གསལ་པོ་ཡིན་པས་སྤྱི་ཚོགས་ཀྱི་མིག་ནང་དུའང་སྣང་བརྙན་ཡག་པོ་ཞིག་མེད་ཚུལ་སོགས་ཀྱིས་ཁ་རྡུང་བཏང་ཞིང༌། རྒྱ་གཞུང་དང་དེའི་སྲིད་བྱུས་ཀྱིས་བཟོས་པའི་ནག་ཉེས་ཡོད་ཚད་དགོན་པའི་དགེ་འདུན་པ་རྣམས་ཀྱི་སྒང་ལ་གཡོག་ཡོད་འདུག་པ་སོགས་ནང་ལོགས་ཀྱི་བཙན་དྲག་གི་རྣམ་པ་ཤུགས་ཆེ་རུ་བཏང་ཡོད། དགོན་པའི་ནང་ལ་ཉེན་རྟོག་པ་དང་དམག་མི་མཉམ་འབྲེལ་བྱས་ནས་དམ་བསྒྲགས་དང་ལྟ་སྲུང་མུ་མཐུད་བྱས།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༩ ཉིན།
ཉིན་དེའི་སྔ་དྲོ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་མཁན་རྒྱ་གཞུང་གི་དཔོན་པོ་དེས་གྲྭ་པ་ཚོ་ལ་ཁྱེད་ཚོས་འགྲོ་ཤེས་འདུག་ཤེས་མ་བྱས་ཚེ་སྐར་མ་གཅིག་རིང་ཁྱེད་ཚོ་རྩ་མེད་བཟོ་རྒྱུའི་དབང་དང་སྟོབས་ཤུགས་ང་ཚོར་ཡོད་ཚུལ་སོགས་བརྗོད་ནས་འཇིགས་སྐུལ་བྱས་ཡོད་འདུག
ཉིན་དེ་ཡས་མས་ནས་དགོན་པའི་གླིང་ཡོངས་ལ་བརྙན་ཕབ་དང་སྒྲ་ཕབ་འཕྲུལ་ཆས་མང་པོ་བཞག་ཡོད་ལ། དེ་ནས་བཟུང་ཉི་མ་རེ་རེ་བཞིན་བརྙན་ཕབ་ཆས་སོགས་མང་དུ་བཏང་ཡོད་པར་མ་ཟད། ཐ་ན་གྲྭ་པ་ཚོའི་གྲྭ་ཤག་ནང་ལའང་གོང་གསལ་གྱི་འཕྲུལ་ཆས་དེ་རིགས་མངོན་གསལ་དང་མངོན་གསལ་མ་ཡིན་པ་ཅི་རིགས་ཀྱི་སྒོ་ནས་བཞག་སྟེ་གྲྭ་པ་རྣམས་ཀྱི་ཉིན་མཚན་དུས་དྲུག་གི་འགྲོ་འདུག་སྤྱོད་གསུམ་རྒྱ་དཔོན་ཚོའི་ལག་མཐིལ་དུ་བླངས་ཡོད་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༠ ཉིན།
ཉིན་དེར་ཀིརྟི་དགོན་པའི་མཐའ་འཁོར་གྱི་འཁོར་ཁང་ཁ་ཤས་ཀྱི་སྒོ་ཕྱེ་ནས་མི་མང་ལ་སྐོར་བ་བྱེད་ས་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང༌། མི་མང་གིས་གནས་ཚུལ་དེ་བརྙན་ཕབ་བྱས་ནས་ཕྱི་ཕྱོགས་སུ་སྟོན་རྒྱུའི་གནས་ཚུལ་རྫུན་མ་བཟོ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་སྟབས་མི་མང་འཁོར་ལོ་སྐོར་དུ་སོང་མེད་སྟབས། ཐ་མ་འུ་ཐུག་ནས་མི་རེར་རྒྱ་སྒོར་ ༣༠ རེ་སྤྲད་དེ་འཁོར་ལོ་སྐོར་བཅུག་པ་སོགས་དགོད་བྲོ་བའི་འཁྲབ་སྟོན་མང་པོ་བྱས།
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ ཉིན།
ཉིན་དེའི་མཚན་མོའི་དུས་ཚོད་ ༩ ཙམ་ནས་དགོན་པའི་གྲྭ་ཤག་རེ་རེ་བཞིན་དྲག་ཆས་དམག་དཔུང་དང༌། ཉེན་རྟོག་མི་སྣ། དམིགས་བསལ་ཉེན་རྟོག་པ་༼ཐེའུ་ཅིན་༽བཅས་འགྲེམ་འཇོག་བྱས་ཏེ་བཀག་སྡོམ་ནན་མོ་བྱས་པ་དང༌། དེ་སྔ་ནས་ཞིབ་འཇུུག་དང་འཆར་གཞི་བསྒྲིགས་པ་ལྟར་དགེ་འདུན་པ་ ༣༠༠ ཙམ་འཛིན་བཟུང་གིས་སྤྱི་སྤྱོད་རླངས་འཁོར་ཆེ་ཤོས་བཅུ་གྲངས་ཤིག་གི་ནང་བླུགས་ནས་རྔ་པ་རང་སྐྱོང་ཁུལ་ཁོངས་ཀྱི་ཝུན་ཁྲན་རྫོང་དང༌། མོའུ་རྫོང་གཉིས་ཀྱི་ནང་ཟླ་གཉིས་ཙམ་རིང་བཀག་ཉར་བྱས་ཡོད་འདུག ཉིན་དེའི་ཕྱི་དྲོའི་བོད་ནང་གི་དུས་ཚོད་ ༤ ཙམ་ནས་དུས་ཚོད་ ༢༤ རིང་རྔ་པ་རྫོང་ཡོངས་ཀྱི་ཁ་པར་གྱི་བརྡ་རྟགས་རྩ་བ་ནས་མེད་པར་བཟོས་ཡོད་པ་དང༌། དགོང་མོ་དེར་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་ཀྱི་གྲྭ་ཤག་ཚང་མའི་སྒོ་ངོས་སུ་སྒོ་འབྱེད་མི་ཆོག་ཅེས་པའི་ཡི་གེ་སྦྱར་ནས་སྒོ་གཏན་རྒྱག་བྱས།
དེ་ལས་ཀྱང་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ནི་གྲྭ་པ་རྣམས་འཛིན་བཟུང་གིས་ཁྱེར་ནས་འགྲོ་སྐབས་དེ་སྔ་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ནས་དགོན་པའི་གླིང་མདོའི་ལམ་ཆེན་དུ་ཉིན་མཚན་གཉིས་ཀར་བསྡད་ནས་གནས་ཚུལ་འདི་འདྲ་ཞིག་འབྱུང་སྲིད་པའི་དོགས་ཟོན་བྱས་ཡོད་པའི་ལོ་ན་རྒས་འཁོགས་གཙོ་བོར་གྱུར་པའི་མི་མང་ ༢༠༠ ཡས་མས་ཤིག་ཡོད་པ་རྣམས་ཀྱིས་ནུས་ཤུགས་ཡོད་དགུས་བཀག་འགོག་བྱས་པར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་ནས་གཅར་རྡུང་དྲག་པོ་བཏང་སྟེ་ཨ་མ་རྒན་མོ་ཞིག་གི་རྐང་བ་དུམ་བུ་གསུམ་བྱས་པ་སོགས་མི་མང་པོའི་རྐང་པ་ལག་པ་
འཆར་སྣང་།
གཞིས་ལུས་བོད་མིས་རྩ་དོན་ཁོ་ནའི་ཆེད།།
ལུས་དང་སྲོག་གི་མཆོད་འབུལ་ཕངས་མེད་བྱེད།།
བྱེས་འཁོད་བོད་མིས་མིང་དང་སྙན་གྲགས་ཆེད།།
ཁྱོད་དང་ང་ཡི་ནང་འཁྲུག་རྫོགས་མེད་བྱེད།།
ལང་བྱུང་གདོང་དམར་བོད་པའི་བུ་ཕྲུག་བོད་མི་ནམ་ཡང་མི་ནུབ་རྒྱལ་གྱུར་ཅིག་
ང་ཚོའི་མཆན་བུ་རྣམ་པས་གདུང་སེམས་མཉམ་བསྐྱེད་དང་ཞོར་དུ་རྒྱལ་གཅེས་དཔའ་རྒོད་ཚོ་བདེ་བ་ཅན་ཟེར་བའི་གནས་ཞིག་ལ་སྐྱེས་པའི་སྨོན་ལམ་དང་མ་ནི་རེ་འདོན་ཀི་འདུག ཡིན་ཡང་། གུས་པའི་བསམ་ཚུལ་བྱས་ན་མ་ནི་དང་སྨོན་ལམ་ཅི་ཙམ་བཏབ་ཀྱང་ཕར་ཆེར་ཁོང་ཅག་ཡུལ་དེར་ཕེབས་ཨེ་འགྲོ་བསམ་ཀི་འདུག ཁོང་ཚོས་མི་རིགས་ཤིག་གི་རང་དབང་དང་བདེ་སྡུག་སླད་རང་གི་ཚེ་སྲོག་ཡན་ཆད་ཕུལ་ཚར་དུས།
ཁོང་ཚོའི་རྣམ་ཤེས་ཀྱང་ཕྱིར་རང་གི་ཕ་ཡུལ་གྱི་བདེ་སྡུག་ཁུར་ལེན་མཁན་ཞིག་ཏུ་སྐྱེས་ཀི་མ་གཏོགས་ཁོང་ཚོས་བདེ་བ་ཅན་དང་དག་པའི་ཞིང་ཟེར་བར་སྨོན་ཀི་མེད་པའང་ཤེས་ཐུབ་ཀི
ཨོྃ་མཎི་པདྨེ་ཧུྃཿ དམ་པ་དེ་ཉིད་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་བ་ཤོག
ཨོྃ་མཎི་པདྨེ་ཧུྃཿ བོད་དོན་བདེན་མཐའ་མྱུར་དུ་གསར་བ་ཤོག
མི་ཚེའི་བདེ་སྐྱིད་དང་དགའ་གཉེན་སྤུན་ཆེ་ཐམས་ཅད་རྒྱང་དུ་བཞག་ནས་ཆེས་རྙད་དཀའ་མི་ལུས་རིན་ཆེན་འདི་ཡང་ལྡོག་རོལ་དུ་བཏང་ནས་ཐམས་ཅད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བརྔོ་ཐུབ་བའི་དཔའ་རྒོད་དག་ལ་སེམས་བའི་གཏིང་ནས་བསྔགས་བརྫོད་ཡོད་ངས་ནམ་ཡང་ཁྱེད་རྣམས་ལ་སྨོན་ལམ་དང་གསོལ་འདེབས་ཞུ།
རང་ལུས་མེར་བསྲེགས་གཏོང་མཁན་ཚོར་བོད་ནང་དུ་བྲིས་པའི་མིག་ཆུ་ཐིགས་གཅིག
མྱ་ངན་ཞུ་བ།
སེང་རྡོར།
གསོན་པ་ནི་ཤི་བ་ལས་ཀྱང་ཐུ་བའི་བློ་ཕམ་ཞིག་གིས
ཁྱོད་ཚོ་དམར་འདག་འདག་གི་རུས་ཀྲང་རེ་ལ་གྱུར
མེ་ཡི་ཁ་འགུལ་ལོ མེ་ཡི་ལག་པ་གསོར་རོ
མེ་ཡི་བྲང་ག་སྟོན་ནོ མེ་ཡི་ཕྲེང་བའང་རྡོག་རེ་དུམ་རེ་བཞིན་ས་ལ་ཐོར
དུ་བ་ལྷོག་ལྷོག་གི་ཁུང་བུ་མང་པོ་གདངས་ཏེ
དགོན་པའི་རྒྱ་ཕིབས་ལ་བལྟའོ གྲྭ་ཤག་རེ་རེའི་སྒོ་ལ་བལྟའོ
སྐད་ཅིག་མ་དེར རྩྭ་ཐང་གི་ཆ་གཅིག་ལ་བུ་ཡུག་འཚུབས རྩྭ་ཐང་གི་ཆ་གཞན་དག་ལའང་བུ་ཡུག་འཚུབས
རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ཏེ ནག་ཉེར་ཉེར་པ་ཁྱུ་ཞིག་ཀྱང་ངང་གིས་ལྷགས
༢༠༡༡ལོའི་ཧོར་ཟླ༡༠པའི་མཚན་མོ་ཞིག་ལ་ཐོལ་གྱིས་བྲིས།
ང་ཚོས་བྱ་དགོས་ངེས་ནི། དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱི་བརྒྱུད་ལམ་ཁག་ལ་གནས་ཚུལ་བསྐུར་རྒྱུ་དེ་རེད། དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་མ་ཟད། མི་རེ་ངོ་རེས་བསྐུར་དགོས་ངེས་རེད། མི་ནག་ཚང་གིས་དྲ་ཚིགས་འདི་དག་ཀློགས་དང་། མེར་བསྲེག་དཔའ་བོའི་ཚོའི་འདྲ་པར་ཁ་ཤས་ཡོད་པ་རེད།
http://woeser.middle-way.net/
http://www.xizang-zhiye.org
མི་དམངས་དང་རང་དབང་གི་ཆེད་དུ་དཔའ་སྤོབས་ཀྱིས་འབར་སོང་བའི་མི་བུ་དག་ལ་སྙིང་ཁུང་རུས་པའི་གཏིང་ནས་མྱ་ངན་གུས་འདུད་ཞུ་ཀི་ཡོད། ཁ་ཕྱི་ལོག་གི་སྐད་ཆ་འདིས་ཕན་པ་གང་ཡང་མེད་ནའང་། སྤྱིའི་འགྲོ་ལུགས་ཤིག་དང་མྱ་ངན་ཕྱི་ལུགས་ཤིག་ཀྱང་ཡིན་པས་ང་ལ་མཚོན་ན་ངག་ནས་རང་དབང་མེད་པར་ཐལ་སོང་། གཙོ་བོ་བྱེས་གྱར་བ་ཞིག་ཡིན་ན་གཞིས་བཞུགས་པའི་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་དང་ལྷན་དུ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྐབས་ཐོག་སྐབས་ཐོག་གི་བདེན་པའི་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེ་བྱ་རྒྱུ་ང་རང་ཚོའི་ལས་འགན་གལ་ཆེན་ཞིག་ཡིན་པས་འདིས་ཀྱང་ང་ཚོར་རྒྱབ་སྐྱོར་ཆུང་ཆུང་རེ་རེག་གི་ཡོད།
ཅི་ཞིག་བཤད་དགོས་མིན་ཡང་མི་ཤེས་པའི་སེམས་ཚོལ་ལྕི་གཡའ་བ་ཞིག་གི་རེ་ཞིག་ཧད་དེ་འདུག་རྒྱུ་ལས་ཅི། བདག་ལྟ་བུའི་བློ་ཆུང་བ་ཞིག་གི་ཁྱེད་ཅག་གིའི་བསམ་བློའི་གཏིང་རིམ་རྟོགས་མི་ཐུབ་ན་ཡང་། ཁྱེད་ཅག་ལ་གདུངས་སེམས་མཉམ་བསྐྱེད་མཚོན་ཆེད་ཙམ་དུ་༡༩་་༢༠་་་༢༡་་་གི་ལས་འགུལ་ལ་ཞུགས་རྒྱུ་ཡིན། འདིའི་ཁྱེདད་ཅག་དང་བོད་ཁ་བ་ཅན་ལ་ཕན་འབྲས་ཐོན་མི་གང་ལྟར་ཡང་། ང་ལ་མཚོན་ན་དེ་ལས་ལྷག་པའི་ནུས་པའམ་བློ་སྟོབས་མི་འདུག་་་གོང་དུའགྱུར་མེད་བསྟན་འཛིན་ཟེར་བ་ཞིག་གི་མཆན་དེ་ཡང་ཁོ་རང་གི་སེམས་ཚོར་སྐད་ཅིག་མ་ཞིག་གི་ཕུད་རྒྱག་བྱས་བ་འདྲ། སེམས་ཚོར་འདི་འདྲ་རེ་ང་ཚུད་པས་མི་ཕལ་མོ་ཆེ་ལ་སྐྱེད་སྲིད་པ་ཞིག་ཡིན་པས་ཁོང་ལ་ཡང་ཁག་ཅི་ཡོད། སེམས་དཔའ་ཆེན་མོའི་བྱེད་ལས་དག་ཕལ་མོ་ཆེའི་བློ་ངོར་ཤོངས་དཀའ་བ་མ་ཡིན་ནམ། གང་ལྟར་ཀྱང་སང་ཉིན་དགོང་མོ་ཆུ་ཚོད་ཕྱེད་དང་བཅུ་གཅིག་ཐོག་བྷང་ལོར་ལས་མེ་འཁོར་ལ་ཞུགས་རྒྱུ་ཡིན ཇི་ལྟར་བསམ་ཡང་སྡོམས་ཚིག་བཀོད་་མི་ཐུབ་པའི་སེམས་དཔའ་ཆེན་མོ་དག་གི་མཛད་རྗེས་ལ་ཨེ་མ་ཧོ་ངོ་པར་བསྟོད་དོ།
ངོ་དེབ་སོགས་ཀྱི་སྟེང་མཆོད་མེའི་པར་འཇོག་མཁན་དག་གི་ལྷག་བསམ་ལ་ལྷད་མེད་པ་ཤེས་གི་འདུག ཡིན་ཡང་། ང་ཚོའི་ལས་འགུལ་འདི་རིག་གཞུང་དང་ཆོས་ལུགས་ཀྱི་ངོ་བོར་རྩ་བ་ནས་མ་འཁྱེར་རོགས། རིག་གཞུང་དང་ཆོས་ལུགས་ཀྱི་ངོས་ནས་མ་ལྟ་རོགས་ཞུ་རྒྱུ་ཡིན།
ད་བར་དུ་མི་ ༨ མེར་སྲེག་བཏང་བ་དེ་དག་གི་འདྲ་པར་དང་། བསྙན་པར་རེ་ཡོད་ན་འདིར་འགོད་རོགས། ཡང་མིན་ན། གློག་འཕྲིན་ནང་གཏོང་རོགས། minaktsang@yahoo.com འདི་ངའི་ཁ་བྱང་ཡིན། རང་རང་ས་ནས་ཡར་མར་ལ་ཞུ་གཏུགས་རེ་བྱ།
གསར་འགོད་བརྒྱུད་ལམ་ཆེ་ཤོས་དག་ལ་ལན་བསྐྱལ་ཚར། BBC, newyorktimes, Washington post, times, ap, CNN, ད་དུང་གསར་འགོད་པ་ཁ་ཤས་ལ་གནས་ཚུལ་བཏང་ཚར། གནས་ཚུལ་སྒྲོག་དང་མི་སྒྲོག་ཁོ་རང་ཚོའི་ལག་རེད། ད་དུང་ཡང་མུ་མཐུད་ནས་རྗེས་འདེད་དང་མཇུག་སྣོན་བྱ་ངེས་ཡིན།
རྒྱལ་གཅེས་དཔའ་བོ་ཁོང་ལ་སྙིང་ནས་གུས་འདུད་ཞུ། ངུ་ངག་དང་བཅས།
རྡ་ས་ནས་རྒྱལ་ནག་ལ་མི་གནོད་ཅིང་བོད་དོན་ལ་མི་ཕན་པའི་ལས་འགུལ་མང་ཞིག་བརྩམས་ནས་བོད་ནང་གི་མི་ལུས་རིན་ཆེན་དུ་མ་འཕྲོགས་བརླགས་བཏང་སོང།
ད་ུང་ཡང་བཏང་འཆར་རེད་འདུག་རྡ་ས་ནས་ངོ་སྲུང་རིགས་ལུགས་ཀྱི་ལས་འགུལ་རེ་སྤེལ་ནས་བོད་ནས་ལ་རྒྱ་ཅན་གྱི་ན་གཞོན་མང་པོ་ཞིག་འཕྲོགས་བརླགས་གཏོང་གིན་འདུག
སྙིང་རྗེ་འདི་ནས་ཆབ་སྲིད་ཀྱི་ངོ་འབག་རྫུན་མ་དེས་སོ་སོའི་ལོྟ་དང་རྐུབ་སྟེགས་དང་གོ་ས་་སོ་སོའི་སྙན་གྲགས་ཀྱི་ཆེད་དུ་སྤེལ་ནས་་་་་བོད་ནང་གི་མི་དེ་ཚོའི་ཚེ་་སྲོག་བཙོང་བའི་ལས་འགུལ་འདི་ཚོ་མཚམས་བཞགས་རོགས
།
རྒྱལ་གྱུར་ཅིག བོད་ཀྱི་་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་པར་ཤོགཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
རྒྱ་དམར་ལ་ངོ་རྒོད་བྱེད་སྐབས་འབོད་ཚིག་གཅིག་གྱུར་ཞིག་གལ་ཆེ། དེ་མིན་བོད་མི་ཚོ་ལྡོག་རྩ་གཅིག་ཏུ་སྒྲིལ་ནས་ནུས་ཤུགས་བཏོན་ཞོག བོད་མི་ཚོ་ལོངས་ཞོག་རང་ནུས་གང་ཡོད་སྤྱི་ཚོགས་ནང་བཏོན་རོགས་དུས་ལ་བབས་པས་ཉམས་ཞུགས་བྱེད་རོགས།
རང་ཉིད་ལ་བོད་མི་རང་དབང་འཐབ་རྩོད་ཆེད་ནུས་པ་གང་ལྡན་ན་དེ་བཏོན་རན་འདུག་བོད་མི་ཚོ་ལོངས་ཞོག
ངུ་ངག་འདོན་བཞིན་དཔའ་བོ་རྣམས་ལ་གུས་འདུལ་ཞུ་རྒྱུ་དང་། ཤེས་ལྡན་པ་དག་ལ་རེ་བསྐུལ་ཞིག་ཞུ། སྙིང་སྟོབས་དང་དཔའ་ངར་ལྡན་པ་དག་གི་ཚེ་སྲོད་བོད་མི་ཡོངས་ཀྱི་བདེ་སྡིག་ཆེད་འཕངས་མེད་ཆོད་སེམས་ངང་བློས་བཏང་བྱས་པ་འདི་ཁ་གསལ་ཐོག་ཡིག་རིགས་འདྲ་མིན་དང་གསར་འགྱུར་སྣ་ཚོགས་ཐོག་གཏོང་ཐབས་བྱེད་རོགས་ཞུ།
ཡང་ཞུ་རྒྱུ་ཞིག་ལ་དོན་དང་ལྡན་པའི་ལས་འགུལ་ཞིག་སྤེལ་རྒྱུ་དང་འཁྲབ་སྟོན་མ་ཡིན་པར་འབྲས་སྨིན་ཡོངས་ཐབས་རང་བྱེད་རོགས་ཞུ། གཞུང་སྒེར་སྣེ་ཁྲིད་ཡོངས་ལ་ཞུ།
ངུ་ངག་འདོན་བཞིན་དཔའ་བོ་རྣམས་ལ་གུས་འདུལ་ཞུ་རྒྱུ་དང་། ཤེས་ལྡན་པ་དག་ལ་རེ་བསྐུལ་ཞིག་ཞུ། སྙིང་སྟོབས་དང་དཔའ་ངར་ལྡན་པ་དག་གི་ཚེ་སྲོད་བོད་མི་ཡོངས་ཀྱི་བདེ་སྡིག་ཆེད་འཕངས་མེད་ཆོད་སེམས་ངང་བློས་བཏང་བྱས་པ་འདི་ཁ་གསལ་ཐོག་ཡིག་རིགས་འདྲ་མིན་དང་གསར་འགྱུར་སྣ་ཚོགས་ཐོག་གཏོང་ཐབས་བྱེད་རོགས་ཞུ།
ཡང་ཞུ་རྒྱུ་ཞིག་ལ་དོན་དང་ལྡན་པའི་ལས་འགུལ་ཞིག་སྤེལ་རྒྱུ་དང་འཁྲབ་སྟོན་མ་ཡིན་པར་འབྲས་སྨིན་ཡོངས་ཐབས་རང་བྱེད་རོགས་ཞུ། གཞུང་སྒེར་སྣེ་ཁྲིད་ཡོངས་ལ་ཞུ།
ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ
ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་ཨོྃ་མཎི་པདྨེ་ཧུྃ་་་་་་
ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
དཔའ་བོ་རེད། གྲ་པ་མ་ཡིན་པ་དེ་ཁྱད་ཆོས་རེད། ཡག་གི
དཀོན་མཆོག་མཁྱེན། ད་ངའི་ཤ་རུས་གཅིག་པའི་ཡུལ་མི་སྤུན་ཟླ་རྣམ་པ་རྫོགས་ཐ་ཡ།
བསམ་མེད་ཉོག་གཏམ་ལ་གོམས་པ་ཚོ་དང་། བསམ་ནག་དུག་སེམས་ཅན་ཚོར་འབོད་སྐུལ་གྱིས་ཕན་ཁག་པོ་རེད། མ་གཞི་ནས་རྩོམ་སྒྲིག་པ་རང་གིས་ཐག་གཅོད་ལྟར་བརྩི་བཀུར་ཞུ།
གྲོགས་རྭ་རྒྱ་བློ་དབང་ལགས། ཁྱེད་ཀྱི་གསུངས་པ་ལྟར་ངས་ཀྱང་ནན་ཏན་བྱེད་ཀྱི་ཡོད། གཙོ་བོ་མཆན་བུ་བ་སོ་སོའི་ངོས་ནས་བསམ་བློ་ཡག་པོ་གཏོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།
བོད་ནང་གི་རང་སྲོག་བློས་གཏོང་གི་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཞུ།
རྩོམ་སྒྲིག་པ་མཆོག སྐབས་འདིར་གཞིས་བྱེས་ཀྱི་འབྲེལ་བ་དང་། རང་རེའི་འཐབ་རྩོད་ལ་གནོད་པའི་མཆན་བུ་བཀག་ན་བཟང་གི་སྙམ།
རྒྱལ་བཅེས་དཔའ་བོ་མཆོག་ལ་སྙིང་ནས་མྱ་ངན་དང་གུས་འདུད་ཞུ།
གལ་ཏེ་མ་འོང་པར་འདི་ལྟ་བུའི་ལས་འགུལ་མུ་འཐུད་ནས་བྱུང་ཚེ།
རྒྱལ་བཅེས་དཔའ་བོ་ཚོས་ཚེ་སྲོག་སྒྲོན་མེར་ཕུལ་བ་དེ་ནུས་པ་ལྡན་པ་ཞིག་ཡོང་དགོས་རྒྱུ་ཤིན་ཏུ་གལ་ཆེ་བས།
ལས་འགུལ་སྤེལ་ཕྱོགས་ཐད་ང་རང་གི་བསམ་ཚུལ་ཁ་ཤས་ཞུས་ན།
རྔ་བ་གཅིག་པུ་མ་ཡིན་པར་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་བོད་རྒྱའི་གྲོང་ཁྱེར་ཆེ་ཁག་དང་།
ཡུལ་བསྐོར་བ་དང་གསར་འགོད་པ་མང་སར་སོང་ནས་ལས་འགུལ་སྤེལ་ན་ནུས་པ་ཧ་ཅང་གི་ཆེ་བར་སེམས།
འདི་ནི་ངས་སྲོག་བློས་གཏོང་གི་ལས་འགུལ་སྤེལ་དགོས་པའི་སྐུལ་མ་ཞུས་པ་མིན་པ་ཞུ་ཕོད་ཐབས་མེད་ཀྱང་།
རྒྱལ་བཅེས་དཔའ་བོ་ཚོའི་ཚེ་སྲོག་བློས་གཏོང་གི་ལས་འགུལ་ལ་ནུས་པ་ཆེ་ཙམ་ཐོན་ཆེད་དང་།
འཛམ་གླིང་མི་མང་ནས་དོ་སྣང་ཆེ་ཙམ་ཡོང་ཆད་འདི་ལྟར་མ་ཞུས་རང་ཞུས་ཆག་སོང་།
བཙན་བྱོལ་ནས་མེ་མཆོད་བྱས་པའི་རྒྱལ་བཅེས་པ་རྣམས་ལ་སྔགས་བརྗོད་འདྲ་བྱེད། ད་དུང་བདེ་ཆེ་ཞིང་དུ་གཤེགས་ངེས་ཡིན་པས་ཐ་ཚིག་འདྲ་བསྒྲགས། བོད་ནས་སྙིང་སྟོབས་ཞུམ་པ་མེད་པའི་གཅིག་འཇུག་གཉིས་འཇུག་གི་མེ་ལྕེའི་ཁྲོད་དུ་བཞུད། མུ་མཐུད་དུ་འདི་བཞིན་རྒྱུ་ན་མཐར་འཇུག་ང་ཚོ་བོད་ཀྱི་ལས་དབང་ལ་སྡོམ་ཚིག་གང་འདྲ་ཞིག་རྒྱག་འོང་ཨང་་་་་་
ཚེས་ ༩ ཉིན་སྤྱི་འཐུས་སྐོར་ཞིག་གིས་ཛ་དྲག་གི་ལས་འགུལ་སྤེལ་དགོས་པའི་རེ་འདུན་དོན་ཚན་ ༡༠ བཀའ་ཤག་ལ་ཕུལ།
ཚེས་ ༡༠ དང་ ༡༡ ཉིན་གཉིས་ལ་བཀའ་སྤྱི་གཉིས་ཚོགས་ཏེ་གྲོས་བསྡུར་བྱས་འདུག
ཚེས་ ༡༢ ཉིན་གསར་འགོད་གསལ་བསྒྲགས་སྤེལ་ཏེ་བཀའ་སྤྱི་ཐུན་མོང་ཐོག་ལས་འགུལ་སྤེལ་རྒྱུ་ཡིན་ཟེར།
ཚེས་ ༡༣ ཉིན་སྤྱི་འཐུས་རྣམས་སྔ་རྗེས་སུ་ལྡི་ལིར་ཕེབས་ཏེ་ལས་འགུལ་མགོ་འཛུགས་བྱས་འདུག
ཚེས་ ༡༨ ཉིན་སྤྱི་འཐུས་ཡོངས་ཀྱིས་ལྡི་ལི་ནས་ཟས་བཅད་ངོ་རྒོལ་གནང་རྒྱུ་རེད།
ཚེས་ ༡༩ ཉིན་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་འདུས་སྡོད་ཁུལ་དུ་ཉིན་རྒྱ་དུས་གཅིག་ལ་ཟས་བཅད་ངོ་རྒོལ་གནང་རྒྱུ་རེད།
ཚེས་ ༡༩ དང་ ༢༠ ། ༢༡ བཅས་སུ་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ ༣༠༠༠ ཙམ་ལྡི་ལིར་འཛོམས་ཏེ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་རེད།
ངའི་མིག་ཆུ་བཏང་ནས་བསྔགས་བརྗོད་བྱེད་པ་ཡིན།
འཕྲུལ་གྲཔགས་ཟླ་བས་ད་ལྡ་རང་གནས་ཚུལ་འདི་འདྲ་ཞིག་སྤེལ་འདུག
(དེ་རིང་གི་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོའི་མཚན་ལ་བསོད་བྷེ་དང་། དགུང་ལོ་༡༧རེད་འདུག ཆུ་ཚོད་གཉིས་སྔོན་ཏག་ཏག་ལ་ངོ་རྒོལ་འདི་གནང་འདུག)
བླ་མ་མཁྱེན། འདི་ཡང་གཅིག་ཡིན་ས་རེད།
དྲ་གྲོགས་ཚོ། རྩད་གཅོད་རེ་གནོངས་དང་། ངའི་གདོང་དེབ་ནང་ལ་གནས་ཚུལ་འདི་འདྲ་ཞིག་བསླེབས་འདུག ( ལི་ཕྲུག 3:28pm Oct 15
དེ་རིང་གི་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོའི་མཚན་ལ་བསོད་བྷེ་དང་། དགུང་ལོ་༡༧ ཡིན་འདུག ཆུ་ཚོད་གཉིས་སྔོན་ཏག་ཏག་ལ་གནས་ཚུལ་བྱུང་འདུག་པ་དང་། གནས་སྟངས་ཛ་དྲག་ཆགས་འདུག་ཟེར། དེ་འདྲ་རེད་པེ
ཕ་ཡུལ་རྔ་བ་ནས་རེད་འདུག )
བོད་པ་ཚང་མ་ལོངས་ཤོག ཕྱི་ལོགས་སུ་ཡོད་པའི་བོད་པ་ཚང་མ་བོད་ནང་ལ་འགྲོ ཕྱི་རྒྱལ་ཁག་གི་བོད་མི་ཚང་ལ་ལོག་ཤོག ཕྱི་ལོག་ནས་རྩ་ཆེན་པོ་ཞིག་སྒྲུབ་ཀྱི་ཡོད་མདོག་མདོག་བྱས་ཏེ་ཆོ་མི་འདུག བོད་པའི་རྩ་དོན་འཐབ་རྩོད་བྱེད་ཀྱི་ཡོད་མདོག་མདོག་གིས་བཀའ་ཤག་སྤྱི་འཐུས་ཟེར་ནས་ཆེ་པོ་ཆེ་པོ་ཞིག་བཤད་བསྡད་དེ་ཆོ་མི་འདུག
སྙིང་སྟོབས་དང་ལ་རྒྱའི་ཟེར་འོད་དང་འགྲོགས་བཞིན། བོད་ཀྱི་ལས་དབང་རྨི་ལམ་གྱི་གར་སྟེགས་སུ་འཕྱར་བའི་རྒྱལ་གཅེས་པ་ཁྱེད་རྣམས་ངོ་སོ་བསྟོད་ཡ། ཁྱེད་ཅག་གི་ཐུགས་འདུན་བཞིན་རྒྱལ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཡོད། གངས་ཅན་པའི་གཅེས་སྲོག་རྒྱལ་ལོ། ཁ་བ་ཅན་གྱི་ནུས་ཤུགས་རྒྱལ་ལོ། གཞིས་བཞུགས་བོད་མིའི་རེ་རླུང་རྟ་དར་དགོས་་་་་་་་་་་་་་་་་་་་་་་་་་་་་་་བོད་རྒྱལ་ལོ་་་་་་་་་་་་་་་་་་ང་ཚོ་་་་་་་་་་་་་་་་་་་་་་་་་་་སྐྱབས་བཅོལ་བས་འདི་ཕྱོགས་ནས་ནུས་ཤུགས་ཡོད་དགུ་གཏོན་མུས་དང་་་་་་་ཚེས་༡༨་ནས་དབུ་ཁྲིད་རྣམ་པས་དབུ་ཁྲིད་དེ་བོད་དོན་་་་་ལས་འགུལ་སྤེལ་རྩིས་ཡོད་་་་་་ཁོ་བོ་ཡང་་་་ཐོན་ངེས་་་་་་་་་
དཀོན་མཆོག་མཁྱེན། ད་ཡིན་ན་བྱ་ཐབས་ཅི་ཡོད་རེད། ཕ་ཡུལ་གྱི་སྤུན་ཟླ་ཚོའི་སེམས་ཤུགས་དང་དཔའ་ངར་ལ་ཧ་ལས་པ་དང་ཧངས་སངས་སུ་བཅུག་སོང་། རྡ་སའི་རོང་ཕྲུག་ཚོའི་སྐྱིད་ཉམ་ལ་ཞེན་པ་ལོག་འགྲོ་ཀི་འདུག མ་གཞི་ང་ལ་ཞེད་སྣང་ཞིག་སྐྱེས་ཡོང་གི་འདུག