མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙུན་མ་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༡ ཡོལ་ཙམ་ལ་རྔ་པ་རྫོང་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རྔ་པ་རྫོང་གི་ཉེ་སའི་ཟམ་ཁ་ཞིག་ཏུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག  

ད་ལྟ་རིང་གནས་ཙུལ་འབྱོར་གསལ་ལ། དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་དང་པོ་ཡོལ་ཙམ་ལ། བོད་ཨ་མདོ་རྔ་པ་རྫོང་བྱ་སྐོར་མའི་ཉི་ཚེ་ཚང་གི་རང་ལོ་ ༢༠ ཡས་མས་ཡིན་པའི་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རྔ་པ་རྫོང་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པའི་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁ་རུ། “ ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས ” ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་བཏང་ཏེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་ཅིང་། ཁོང་མོས་སྐད་འབོད་རྒྱག་བཞིན་སྐར་མ་བདུན་བརྒྱད་རིང་གོམ་བགྲོད་བྱས་ཡོད་པ་དང་། ས་གནས་དེར་ཉེན་རྟོག་པ་སོགས་དུས་ལྟར་འབྱོར་མེད་སྟབས་ཁོང་མོའི་ཕུང་པོ་མ་མའི་བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་ཡར་ཁྱེར་ཡོད་འདུག

གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། ཁོང་མོ་དུས་ཐོག་དེ་རང་ལ་གྲོངས་ཡོད་ཀྱང་། ཕུང་པོ་རྒྱ་གཞུང་ལ་སྤྲོད་ཀྱི་མིན་ཟེར་ནས་བཙུན་མ་ཚོས་སྲུང་བྱ་བྱས་ཡོད་ཀྱང་། རྒྱ་གཞུང་ལ་རྩིས་སྤྲོད་དགོས་པ་དང་། གལ་སྲིད་མི་སྤྲོད་ཚེ་དོ་ནུབ་མཚན་ལ་ས་འོག་ཏུ་སྦས་དགོས་ཚུལ་རྗོད་ཀྱི་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་དམག་མི་དང་ཉེན་རྟོག་པ་མང་པོ་འབྱོར་ཏེ་མ་མའི་བཙུན་དགོན་དང་ས་གནས་ཀྱི་གྲོང་སྡེ་ཁག་ཡོངས་རྫོགས་བཀག་སྡོམ་ནན་མོ་བྱས་ཡོད་འདུག

མ་མའི་བཙུན་དགོན་གྱི་མིང་ཡོངས་ལ་༼ མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང ༽ཡིན་ཞིང་། རྔ་པ་རྫོང་མཁར་གྱི་ནུབ་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ་གསུམ་ལྷག་གི་ས་ན་ཡོད་འདུག གྲུབ་མཐའ་དགེ་ལུགས་དང་རྔ་པ་རྫོང་ཁོངས་ཀྱི་བཙུན་དགོན་ཆེ་ཤོས་ཡིན་ཞིང་། དེང་སྐབས་བཙུན་མ་ ༣༥༠ ལྷག་ཡོད་འདུག

དེ་མིན་ཕྱི་ཚེས་ ༡༥ རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ་ལགས་རྔ་པ་ནས་ས་གནས་གཞན་ཞིག་ལ་ཁྱེར་ཡོད་ཀྱང་། ད་ཆར་གང་དུ་ཡོད་པ་དང་གནས་ཚུལ་ཅི་ཆགས་མ་ཤེས་པར་ཧ་ཅང་བློ་འཚབ་སྐྱེ་གཞིར་གྱུར་ཡོད་འདུག  

ཕྱི་ཚེས་ ༡༦ ཉིན་སླར་ཡང་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མས་སྒོ་བརྒྱབས་ཏེ། ས་གནས་བོད་རིགས་མང་ཚོགས་ཚོས་གདུང་སེམས་མཉམ་སྐྱེད་བྱས་ཡོད་འདུག

 

༼  གོང་གི་པར་དེ་མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་ཡིན་འདུག ༽

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༢ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

མཆན། 16

  1. གྲགས་བསོད་ says:
    ལོ་ 12 སྔོན།

    བོད་ནང་གི་བོད་ཚོའི་ལ་རྒྱའི་སྙིང་སྟོབས་དང་མི་རིགས་ཀྱི་ཞེན་ཁོག་ཁུར་བཏང་འདིའི་ང་ཚོ་བཙན་བྱོལ་དུ་ཡོད་པའི་ར་མ་ལུག་གི་བོད་པ་ཚོ་ཅི་འདྲིའི་ངོ་ཚར་པོ་བཟོ་གི་འདུག།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 12 སྔོན།

    བོད་རྒྱལ་སྲོང་བཙན་སྒམ་པོ་ལགས། ངོ་མ་ཁྱེད་རང་དྲན་གྱི་འདུག ཁྱེད་གང་ན་བཞུགས་ཡོད། གཞིས་བཞུགས་བོད་མི་རྣམས་ཀྱི་བདེ་སྡུག་ལ་གཟིགས་དང་། ཀྱེ་བཙན་པོ་ལགས། ཁྱེད་ཀྱི་རྣམ་ཤེས་ཀྱིས་ཨེ་གཟིགས། ༸མགོན་སྐྱབས་དང་དཔུང་གཉེན་གྱིས་རིང་དུ་དོར་ཞིང་ཆོས་སྐྱོང་སྲུང་མ་རྣམས་གཉིད་ལ་ཡུལ་བའི་དུས་ངན་འདིར། ང་ཚོས་ཅི་ཞིག་བྱས་ན་འོས་སམ། ཁྱེད་ཀྱི་རྣམ་ཤེས་བོད་འབངས་བདེ་སྡུག་གི་ཆེད་དུ་ཡང་བསྐྱར་ཕེབས་དང་། ཐབས་ཟད་འུ་ཐུག་གི་གནས་སུ་གྱར་བའི་བོད་མིའི་གནས་སྟངས་ལ་གཟིགས་ཤིག།

    Reply
  3. ནད་པ says:
    ལོ་ 12 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    ༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། བོད་རྒྱལོ།།

    Reply
  4. བློ་འཕེལ། says:
    ལོ་ 12 སྔོན།

    ད་མཚམས་འཇོག་གནང་ན་མ་གཏོགས་བོད་མི་གཅིག་ཡིན་ན་ཕང་པོ་འདུག

    Reply
  5. ཤར་མདའ། says:
    ལོ་ 12 སྔོན།

    གཞིས་བཞུགས་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་དང་ཁྱེད་ཚོས་ཚེ་སྲོག་ཤོར་བ་འདི་ནི་མགོ་ནག་བོད་མི་སུ་ཞིག་ཡིན་རུང་ཕངས་སེམས་མེད་མཁན་ཞིག་ཡོད་པ་མ་རེད།  འོན་ཀྱང་ང་ཚོ་ལས་འགུལ་ནང་དུ་མཉམ་བཞུགས་བྱས་ནས་རང་ནུས་གང་ཡོད་ཀྱི་ཐོག་ནས་ཁྱེད་ཚོས་རྒྱབ་ལ་ང་ཚོས་འཛམ་གླིང་མི་མང་ལ་བསྒྲགས་ཅི་ཐུབ་ཞིག་རྒྱུ་ང་ཚོས་བྱེད་དམ་བཅའ་ཡིན།  རང་ལུས་རིན་ཆེན་མེ་ལ་སྒྲོན་ནས་མགོ་ནག་བོད་མིའི་བདེན་དོན་གླེང་།  ཤ་དང་རུས་པ་མེ་ལ་འབར་ཡང་དཔའ་བོའི་སྙིང་སྟོབས་ཞུམ་པ་མེད།  ཁྱོལ་གསུམ་བོད་མིའི་བདེ་སྡུག་ཆེད་དུ་ཚེ་སྲོག་གཅིག་གི་དཔང་པོ་བྱས།  རྒྱ་དམག་དྲག་པོས་མེ་མདའི་འོག་ནས་མཐུ་བྷོད་མི་རིགས་ཡར་ལ་ལངས།

    Reply
  6. ནགས་མཚོ says:
    ལོ་ 12 སྔོན།

    ཁོང་རྣམས་ཀྱི་སེམས་ཤུགས་དང་བློ་སྟོབས་ལ་ཡིད་རང་དང་བསྔགས་བརྗོད་ཞུ་རྒྱུ་དང་། ད་ཡིན་ན་་ཕྱི་ལོག་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལས་འགུར་ག་རེ་ཡིན་ན་བྱེད་པའི་དུས་ལ་གླེབས་ཡོད་ས་འདུག། གཞིས་ལུས་བོད་མི་སེམས་ཤུགས་ཅན་རྣམས་དེ་མ་གཏོགས་བྱེད་ཡག་མེད་ནས་རང་ལུས་མེ་སྲིག་གཏང་གི་ཡོད་པ་རེད་ད་ཡིན་ན་ང་ཚོ་བོད་རིགས་སྤུན་ཟླ་རྣམས་ཐབས་ཤེས་ཞིག་བྱེད་ནས་་སྤྱི་བྱེ་བྲག་སུ་ཡིན་ན་ད་ལང་ཤོག་བོད་མི་ཚོ་ལང་ཤོག།

    Reply
  7. རོ་ལངས། says:
    ལོ་ 12 སྔོན།

    དཔའ་བོ་དཔའ་མོ་རྣམས་ཀྱིས་ས་ལྒང་འདིའི་ཐོག་ཏུ་གཟིམ་མི་སྲིད་པའི་ལོ་རྒྱུས་གསར་བ་ཞིག་བྲིས་སོང་ཨང་།

    Reply
  8. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 12 སྔོན།

    ད་ངོ་མ་བློ་ཕམ་དགོས་པ་ཞིག་རེད། རྒྱལ་གཅེས་དཔའ་པོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་ཡོད།

    Reply
  9. ནགས་མེ། says:
    ལོ་ 12 སྔོན།

    བོད་མི་འདི་ཚོས་གཅིག་མིན་གཉིས་མིན་གྱིས་བློས་བཏང་འདི་ཙམ་བྱས་འོང་དུས། ཁོང་ཚོའི་འབོད་སྒྲ་དང་དམིགས་ས་ནི་བོད་རང་དབང་རང་བཙན་ལྟ་བུ་ཞིག་ཡིན་ངེས་པ་ལས། ཆོས་དད་རང་དབང་ཟེར་བ་ལྟ་བུའི་སྐད་ཆ་ཆུང་ཆུང་ཞིག་གཏན་ཡིན་མི་སྲིད།

    Reply
  10. གྲྭ་རྒོད says:
    ལོ་ 12 སྔོན།

    དཔའ་བོ་དཔའ་མོ་དེ་དག་གིས་ལས་འགུལ་སྤེལ་བ་ཅི་མ་ཇིབཞིན་རྫུན་བཟོ་མ་ཡིན་པར་དངོས་བྱུང་རང་གསལ་བསྒྲགས་གནང་རྒྱུ་གལ་ཆེ།

    Reply
  11. གྲྭ་རྒོད says:
    ལོ་ 12 སྔོན།

    བཙན་བྱོལ་ན་བཞུགས་པའི་བོད་པ་ཚོ་ད་ཅི་ཞིག་བྱེད་དགོས། གང་ས་གང་དུ་གསར་བསྒྲགས་བྱེད་རྒྱུ་དང་ཡིག་རིགས་འདྲ་མིན་ཐོག་གསར་ལམ་ཁག་ཏུ་གཏོང་ཐུབ་པ་བྱེད་རོགས། ཤེས་ཡོན་ཅན་རྣམས་དང་རྒྱུ་འབྱོར་བ་ཅན་རྣམས་དང་ནུས་ཤུགས་རང་ཉིད་བཏོན་མཁན་སུ་འདྲ་ཞིག་ཡོད་ན་དུས་ལ་བབས་ཡོད་པས་མྱུར་ཏུ་དོན་དངོས་ལྡན་པའི་ལས་འགུལ་ཞིག་སྤེལ་རོགས་ཞུ། རྒྱུན་རིང་ཞིག་ལ་་་་་་་་་

    Reply
  12. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    བཙུན་དགོན་དེ་ཡིན་ཁོ་ཐག་ཡིན།

    Reply
  13. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    པར་ཞིག་བཏང་ཡོད། མཐོང་སོང་ངམ།

    Reply
  14. དཀར་མཚོ་སྐྱིད། says:
    ལོ་ 12 སྔོན།

    བོད་ནང་གི་རང་རེའི་གཅེས་ཕྲུག་རྣམས་ཀྱི་ཚེ་སྲོག་ཉིན་རེ་བཞིན་འཕྲོ་བརླག་ཏུ་འགྲོ་བཞིན་པ་འདི་དག་ང་ཚོས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ། མིའི་རིགས་ཀྱི་ཚེ་སྲོག་ལ་ལྟ་སྐྱོང་བྱེད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལགས། ཁྱེད་གང་དུ་ཡོད་དམ།

    Reply
  15. མགར་སྲས says:
    ལོ་ 12 སྔོན།

    གཞིས་ལུས་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་ཞུ།

    Reply
  16. རོ་ལངས། says:
    ལོ་ 12 སྔོན།

    ་ད་ནི་སྐྱ་སེར་ཕོ་མོ་ཁྱད་མེད་ཀྱི་གཞོན་སྐྱེས་དག་གཅིག་རྗེས་གཉིས་མཐུད་དུ་མེ་ལྕེ་ལ་སྦར་སོང་། འདི་ནི་ངོ་མ་འཛམ་གླེང་གི་ལོ་རྒྱུས་གསར་བ་ཞིག་འབྲི་བཞིན་པའི་ཚོར་སྣང་སྟེར་བའི་ཅི་འདྲི་བརྗོད་དཀའ་བའི་ལས་འགུལ་ཞིག་རེད་ཨང་། ད་དུང་ངེད་ཚང་གི་ཇོ་བཟང་མང་པོ་ཞིག་ལ་ནི་ཚོར་སྣང་རྐྱེན་པོ་ཙམ་རེའང་སྐྱེ་གིན་མེད་པ་འདྲ། དེ་དག་ནི་མི་གཟུགས་ཀྱི་ཐོ་ཡོར་ངོ་མ་དེ་རེད། ཨ་མ་མ་་་་་ད་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist