མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་འབྱོར་བཞིན་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་འབྱོར་གསལ་ལ། བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་རྒྱལ་ས་ལྡི་ལིའི་མི་མང་ལས་འགུལ་ཆེན་མོའི་ནང་ཞུགས་མཁན་དག་དེ་རིང་དང་། དོ་ནུབ་མཚན་བཅས་སུ་ལྡི་ལི་བོད་སྒར་དུ་འབྱོར་བཞིན་ཡོད་འདུག་ལ། ཁ་སང་
མོན་གྷོ་འདོད་རྒུ་གླིང་ནས་སྐྱ་སེར་ ༣༠༠ ཙམ་ལྡི་ལིར་འབྱོར་ཡོད་པ་དང་། ཁོ་ཚོ་ནི་ལས་འགུལ་པའི་ཁྲོད་ལྡི་ལིར་འབྱོར་སྔ་ཤོས་དང་། འགྲུལ་བཞུད་ཀྱི་ལམ་ཐག་རིང་ཤོས་དེ་ཆགས་ཡོད་འདུག ལས་འགུལ་འགན་འཁུར་བའི་གྲས་ཀྱི་མོན་གྷོའི་ས་གནས་འཐུས་མི་བཟང་པོ་ལགས་ཀྱིས་བརྗོད་ན། ཁོང་ཅག་གྲྭ་ཚང་ཆེ་ཁག་རེ་ནས་མི་གྲངས་ ༤༠ དང་། འབྲིང་ཁག་ནས་ ༢༠ ། ཆུང་ཁག་ནས་ ༡༠ རེ། གཞན་ཡང་གྲོང་སྡེ་ཁག་དགུ་དང་། ས་གནས་གཞོན་ནུ་དང་བུད་མེད། ས་གནས་གངས་ལྗོངས། ས་གནས་མང་གཙོ་ཚོགས་པ་བཅས་ཀྱི་འཐུས་མི་ཡིན་འདུག

ཕྱོགས་མཐའ་ཁག་ནས་ཕེབས་པའི་ལས་འགུལ་བ་རྣམས་བོད་སྒར་བསམ་ཡས་གླིང་གི་སློབ་གྲྭའི་ནང་སྤྱི་འཐུས་ཚོས་སྣེ་ལེན་ཞུ་བཞིན་ཡོད་པ་དང་། ལས་འགུལ་བ་དག་གི་ལམ་གྲོན་ས་གནས་སོ་སོའི་ཚོགས་ཁོངས་ནས་གཏོང་དགོས་ཤིང་།  ལྡི་ལིར་འབྱོར་རྗེས་བོད་མིའི་སྒྲིག་འཛུགས་ཀྱིས་བཞེས་ལག་དང་བཞུགས་གནས་གོ་སྒྲིག་ཞུས་ཡོད་ཅིང་། དགེ་འདུན་པ་རྣམས་ཀྱི་བཞུགས་གནས་བོད་སྒར་བསམ་ཡས་གླིང་གི་ཉེ་འཁྲིས་སུ་ཡོད་པའི་པན་ཇབ་ལྷ་ཁང་དུ་གོ་སྒྲིག་ཞུས་ཡོད་པ་དང་། མི་སྐྱ་རྣམས་བསམ་ཡས་གླིང་གི་སློབ་གྲྭའི་ཚོགས་ཁང་དང་། དེའི་ཉེ་འཁོར་བཅས་སུ་གོ་སྒྲིག་ཞུས་ཡོད་འདུག

ཁ་པར་བརྒྱུད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གི་གསར་འགྱུར་འབྲེལ་མཐུད་པ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་བཅར་འདྲི་ཞུས་པར། “ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ཕྱི་ཚེས་ ༡༣ ཉིན་ལྡི་ལིར་འབྱོར་ཏེ། ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་ ༣༦ ཙམ་གྱི་ལས་འགུལ་བ་དག་ལ་བཞུགས་གནས་དང་། བཞེས་ལག་གོ་སྒྲིག་བྱེད་བཞིན་ཡོད་པ་རེད། ད་ལྟ་ཕྱོགས་མཐའ་ཁག་གི་ལས་འགུལ་བ་རྣམས་འདིར་འབྱོར་བཞིན་པ་རེད། མོན་གྷོ་འདོད་རྒུ་གླིང་ནས་སྐྱ་སེར་ ༣༠༠ ཙམ་ཚེས་ ༡༦ ཉིན་ནས་འབྱོར་སོང་། དེ་རིང་སྦེལ་ཀོབ་ནས་སྐྱ་སེར་ ༡༠༠ ལྷག་འབྱོར་འདུག ལྷག་མ་རྣམས་དོ་ནུབ་མཚན་དང་སང་ཉིན་འབྱོར་གྱི་ཡོད་ས་རེད།

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གསུངས་ན། སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་དང་། གཞིས་སྒར་བསམ་ཡས་གླིང་བརྒྱ་འཐུས་ལས་ཁུངས། ས་གནས་གཞོན་ནུ་དང་བུད་མེད་གཙོ་བོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཚང་མ་མཉམ་འབྲེལ་ཐོག ལས་འགུལ་བ་ཡོངས་ལ་བཞེས་ལག་དང་བཞུགས་གནས་གྲ་སྒྲིག་འཐུས་ཚང་བྱས་ཡོད་གསུངས་སོང་། ལམ་གྲོན་སོགས་ཀྱི་ཐད་ལ། མོན་གྷོ་འདོད་རྒུ་གླིང་ལ་མཚོན་ན། ལས་འགུལ་བ་ ༣༠༠ ཡོད་པ་ལས་མི་གཅིག་རེར་འགྲོ་སོང་ཧིན་སྒོར་ ༣༠༠༠ རེ་ཡོད་པ་དང་། ཁྱོན་སྡོམ་ཧིན་སྒོར་འབུམ་དགུ་ ༩༠༠༠༠༠ ཆགས་ཀྱི་ཡོད་ས་རེད། དེ་དག་ས་གནས་གཞིས་མགོའི་ཁྱབ་ཁོངས་ཀྱི་མི་རེར་ཧིན་སྒོར་ ༡༠༠ རེ་ཞལ་འདེབས་སུ་བསྡུ་རྒྱུའི་བཀའ་མོལ་བྱུང་ཡོད་ས་རེད” ཅེས་ངོ་སྤྲོད་གནང་བྱུང་།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༩ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 8

  1. འབྲོང་སར་ཚེ་ཉི། says:
    ལོ་ 14 སྔོན།

    ད་རེས་མི་མང་འདུ་འཛོམས་ཀྱི་ལས་འགུལ་འདིས་བཀའ་ཁྲི་གསར་པར་གཞི་བྱེས་བོད་མི་ཡོངས་ལ་སྔར་ལས་ལྷག་པའི་ཡིད་ཆེས་དང་རེ་བ་བླ་ནས་བླ་རུ་འདེགས་པའི་གོ་སྐབས་ཡག་ཤོས་ཞིག་དང་སྐབས་དང་དུས་ལ་བབས་པའི་ལས་འགུལ་ཞིག་ཀྱང་རེད། བོད་རྒྱལ་ལོ།།

    Reply
  2. གངས་ཕྲུག says:
    ལོ་ 14 སྔོན།

    རྩོམ་སྒྲིགས་པ་ལགས།
    འགྱུར་མེད་བསྟན་འཛིན་མིང་ཅན་ནས་ག་དུས་ཡིན་ཡང་དོན་མེད་རྙོག་དྲ་བཟོ་བཞིན་འདུག
    རྩོམ་སྒྲིགས་པ་མཆོག་གིས་སྟངས་འཛིན་བྱེད་རན་རེད་འདུག གཞིས་ལུས་མི་མ་དང་བཙན་བྱོལ་གཞུང་། ༧གོང་ས་མཆོག་གི་བར་འགལ་བ་ཡོང་ཉེན་འདུག

    Reply
  3. sangkye says:
    ལོ་ 14 སྔོན།

    དེ་རིང་ནང་བཟུང་རྒྱལ་ས་རྡིན་ལུ་ནས་་་་་་བོད་གྱི་བཀའ་བློ་ཁྲི་བ་བློ་བཟང་སེངས་གེ་གཙོའི་བཙན་བྱོལ་ནང་གི་ཚོགས་པ་ཚོ་དང་མི་མང་ཡོངས་ནས་ལས་འགུལ་ཤུགས་ཆེན་སྤེལ་རྒྱུ་ཡིན། ང་ཚོའི་མེ་སྲེག་བཏང་གི་ཡིན་། གྲོགས་པོ་ཚོ་ལྟོས་དང་། བོད་ནང་ལོགས་ནས་ག་འདྲ་བྱེད་གྱི་ཡོད་དམ། ཡར་ལོགས་ཤོགས། འགྲོ་ཡ་འགྲོ་ཡ་སྐད་འབོད་འགྲོ་།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དུས་བབ་འདི་རྒྱ་ཆེན་མང་ཚོགས་ཀྱི་སྐྱིད་སྡུག་མངར་སྐྱར་ཚང་མ་གླེང་སའི་རྒྱ་ཆེ་བའི་གར་སྟེགས་ཤིག་རེད་་་་་་་་་་་་འདི་ལ་སྐྱིད་དུས་སྐྱིད་གླུ་གཞས་བཏང་ཆོད་བ་རེད་ལ་་་སྡུག་དུས་མིག་ཆུ་བཏང་ཆོག་བ་རེད་་་དྲ་རྒྱ་འདི་མི་རེ་ཟུང་གིས་ལྟ་གྲུབ་བཤད་ས་ཞིག་མ་རེད་་་མི་རེ་ཟུང་གིས་ལྟ་བ་དང་མ་མཐུན་ན་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏད་ལངས་མཁན་དང་་་་་བོད་མི་རིགས་དཀྲུག་ཤིང་རྒྱགས་མཁན་་་རྒྱ་དམར་པོས་དཔེ་ཤག་ཟ་མཁན་་ལྷ་ཤུགས་ལྡན་ལྷ་རུ་འཛིན་མཁན་ཆགས་ཀྱི་མ་རེད་་་དྲ་གྲོགས་རེ་ཟུང་གི་་བློ་མིག་ཁབ་ལས་དོགས་ཤིང་་་ལྟ་གྲུབ་རྡོ་ལས་མཁྲེགས་པའི་སྐད་ཆ་དེ་ཚོ་་་ལ་རིན་ཐང་ཟེར་གང་ཡོད་པ་མ་རེད་་་་དོན་ངོ་མར་ང་ཚོ་གུ་ཡངས་པོའི་སྒོ་ནས་སྐྱོན་ཡོན་ཚང་མ་གླེང་དགོས་ལ་་་མི་རིགས་འདི་འགྱེལ་ས་ནས་ལངས་བའི་ཐབས་ཤེས་ཤིག་དྲང་ལྡོག་གཉིས་ཀའི་ཕྱོགས་ནས་བྱ་དགོས་་་་་འཐུས་ཤོར་སོང་ས་དེ་གཏན་ནས་མི་གླེང་པར་གསོལ་འདེབས་སྨོན་ལམ་་་དང་དད་པ་ཡིད་ཆེས་་་་གཅིག་པུའི་མི་རིགས་ཤིག་གི་རྩ་དོན་རྩོད་མི་ཐུབ་་་་ཁ་སང་དེ་རིང་ང་ཚོ་ལ་ཛ་དྲག་པའི་སྐབས་སུ་བོད་པའི་མིང་ཐོབ་ཚད་སུ་ཡང་ལྷོད་ལྷོད་བྱ་ནས་འདུག་པའི་དུས་མ་རེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  5. སྤེན་རྡོར། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབ་དྲ་བའི་གནས་ཚུལ་དུས་ཐོག་ཏུ་སྤེལ་བར་ཐུགས་རྗེ་ཆེ། ལས་འགུལ་འདི་བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱིས་སྣེ་འཁྲིད་པའི་ལས་འགུལ་ཞིག་ཡིན་ཡང་། བཀའ་ཤག་གིས་ལྡི་ལི་ན་ཅི་ཞིག་གནང་གི་ཡོད་པ་རེད། བཀའ་བློན་ཁྲི་པ་ཚེས་ ༡༨ ཉིན་གྱི་ལས་འགུལ་དབུ་འཛུགས་སྟེང་ཕེབས་ཀྱི་ཡོད་པ་རེད་དམ། ཡང་དོགས་འདྲི་ཞིག་ལ། ཨེ་ཤ་ཡ་ཚང་གིས་ལྡི་ལིའི་ལས་འགུལ་སྐོར་བཤད་མ་སོང་། དེ་གང་ཡིན་ནམ། བོད་ནང་གི་བོད་མི་ཚོས་ཕྱི་ཕྱོགས་ལ་རྣ་བ་གཏད་ཡོད་པ་རེད།

    Reply
  6. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན། ཟེར་བའི་མི་ངན་དེར་དུས་བབ་ནས་སྟངས་འཛིན་གནང་རོགས་ཟེར་དེ་སྔོན་ནས་རེ་བ་ཞུས་པ་ཡིན། ཁོས་ག་དུས་ཡིན་ན་ཡང་སྨྱོ་ལབ་རྒྱབ་བསྡད་ཀྱང་སྟངས་འཛིན་མི་འདུག ད་ཆ་དུས་བབ་དྲྭ་མགྲོན་མང་པོ་ཞིག་སྐད་ཤོར་འདུག་པས་མི་དེ་ཡན་པོར་མི་གཏོང་རོགས་ཞེས་ཡང་བསྐྱར་ཞུ་བཞིན་ཡོད།

    Reply
  7. རུ་གསར་ཚང་། says:
    ལོ་ 14 སྔོན།

    གཞུང་གི་ཕྱྭ་ཁྲལ་མི་འཇལ་ཞིང་གཞུང་གི་ཁྲིམས་སྒྲིག་མི་བརྩི་བ། བོད་མིའི་སྐྱབས་གཅིག་དམ་པར་ཟུར་ཟ་ཞིང་རང་གཞུང་དབུ་ཁྲིད་རྣམས་ལ་དམའ་འབེབ་པའི་བོད་གཟུགས་རྒྱ་འདྲེའི་སྙིང་ཁམས་ཅན་འགྱུར་མེད་བསྟན་འཛིན་ཟེར་བའི་བསྟན་བཤིག་འདི་ལ་སྤྱིར་བོད་དོན་སྤྱི་དང་ཡང་སྒོས་ད་རེའི་ལས་འགུལ་འདིའི་ཐད་སྨྲ་ལྕེ་རྐྱོང་བའི་ཐོབ་ཐང་མི་འདུག་ལབ་རྒྱུ་ཡིན། མ་ཟད་སྔ་ཕྱིའི་ཁོའི་གཏམ་འཆལ་རྣམས་ལ་ཕྱོགས་སྡོམ་བརྒྱབ་ནས་བལྟས་ན་ཁོང་འཕྲལ་མ་ཉིད་དུ་དུས་བབ་དྲ་ཐོག་ནས་ཀྱང་གནས་དབྱུང་གཏོང་རན་འདུག གོང་དུ་ཚང་མས་བཤད་པར་གནས་ལུགས་འདུག་པས་དྲ་བདག་གིས་ཀྱང་སྟངས་འཛིན་བྱེད་གལ་འདུག དེ་ནས་དྲ་བདག་གིས་ཀྱང་ཁོས་བྱུང་རྒྱལ་གར་བབ་ཏུ་བཤད་ཀྱང་དྲ་ཐོག་ཏུ་འགོད་རྐྱང་བྱེད་ཅིང་ང་ཚོས་དངོས་ཡོད་གནས་ཚུལ་གྱི་ཚིག་འགའ་བྲིས་ཀྱང་སྤྱི་ཚོགས་ནང་དཀྲིགས་ཆགས་ཚུལ་སོགས་ལ་བསྙད་ནས་འགོག་རྐྱང་བྱེད་ཀྱི་འདུག འདི་ཡང་ཅི་ཞིག་ཆོ་འཕྲུལ་ཡིན་མིན་ཆ་མ་འཚལ་ལོ།།

    Reply
  8. ཚང་མ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་མིང་ཅན་འདིས་མོ་སྟོན་ཕག་མགོ་བཞིན་ཚང་མས་མྱ་ངན་བྱེད་ས་ན་བཀྲ་ཤིས་བདེ་ལེགས་དང་རྟེན་འབྲེལ་དགའ་སྟོན་བྱེད་ས་ལ་མྱ་ངན་བྱེད་མཁན་ཁོ་ད་ནས་བཟུང་དུས་བབས་ཚང་གིས་དུས་བབས་ཟིན་བྲིས་ནང་ཡོང་རྒྱུ་བཀག་སྡོམ་མཐའ་གཅིག་ཏུ་བྱེད་ན་མ་གཏོགས་ད་དུང་ཡོང་བཅུག་ན་ང་ཚོས་དུས་བབས་སྒོ་ནང་ཡོང་ནས་ངོ་རྒོལ་བྱེད་རྒྱུ་མ་གཏོགས་མེད། བཀག་སྡོམ་བྱེད་ཡའི་དབང་ཆ་ཚང་མ་དུས་བབས་ཚང་ལ་ཡོད་པ་ཤེས་དགོས། ཁོས་བོད་མི་ནང་ཁུལ་དཀྲུགས་པའི་སྐད་ཆ་བཤད་པ་མང་མེད་ན་ཉུང་མེད། ལྷག་ཏུ་གཞིས་བྱེས་བར་ལ་ཡང་དཀྲུགས་ཤིང་གི་སྐད་ཆ་མང་པོ་བཤད་ཡོད་པ་དཔེར་མཚོན་ཙམ་འོག་ཏུ་ཁོ་རང་གི་ངག་འཆལ་འགོད་རྒྱུ་ཡིན།
    ༼དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་གསལ་གྱི་རེད་་་་་་་་་རང་སྲིད་རང་སྐྱོང་ཐུབ་ཀྱི་རེད་་་་་་་་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་ཀྱི་རེད་་་་་་་་་་་བོད་རྒྱལ་ཞི་མོལ་བྱ་གི་ཡིན་་་་་་་་་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་ཇེ་མང་དུ་འགྲོ་བཞིན་ཡོད་་་་་་་་་་འགྱུར་བ་ཞིག་འགྲོ་གི་རེད་་་་་་་་་རྒྱ་ནག་དམང་གཙོ་ཅན་ལ་འགྱུར་གྱི་རེད་་་་་་་་་་ཨོ་སྐད་ཆ་འདི་ཚོས་མི་ལུས་རིན་ཆེན་དུ་མ་ཞིག་འཕྲོགས་བརླས་བཏང་སོང་་་་་་་་་་་ བོད་ནས་ཚེ་སྲོག་མཆོད་མེ་ལ་སྤར་ནས་་་་་་་མི་རགས་ཀྱི་རིག་གཞུང་རྩོད་ཀྱི་འདུག་་་་རྩོད་བཞིན་པ་རེད་་་་་་རྩོད་པར་འགྱུར་བ་རེད་་་་་་་་་་རྡ་ས་ནས་མི་རིགས་ཀྱི་རིག་གཞུངས་དང་སྐད་ཡིག་མི་ཤེས་པའི་དབུ་ཁྲིད་རྐྱང་རྐྱང་གམ་སོང་་་་་་རྡ་ས་ནས་ཆོས་ལུགས་ཀྱི་ཐོབ་ཐང་རྩོད་ཀྱི་འདུག་ལུང་ཚན་གྱི་འཐེན་ཁྱེར་བྱེད་ཀྱི་འདུག་་་་་་་གནས་ཚུལ་འདི་ངོ་ཚ་དང་ཕམ་ཁ་ཞིག་ཡིན་པ་་དུང་ཡང་ཤེས་མི་འདུག་རང་རྒྱལ་གཞན་ཕམ་རྩོད་ཀྱི་འདུག་་་་་་་་་སྐུ་ངོ་ཚོས་མི་རིགས་ཀྱི ་རྩ་དོན་ཟེར་བ་དེ་མགྲིན་པ་ཡན་ཆོད་ཀྱིས་རང་དོན་བསྒྲུབ་པའི་ངོ་འབག་ཅིག་རེད་ཤག་་་་་་་་ད་དེ་ལྟར་རེད་ཤག་དྲང་མོ་བཤད་ན་དེ་ལྟར་རེད་ཤག་་་་་་་་སྐད་ཆ་འདི་ཚོས་ཞེ་སུན་རུ་བཅུགས་སོང་དཀོན་མཆོག་མཁྱེན་་་་་་་་་་་༽ ལྟོས་དང་ཁོས་བཤད་པའི་ངལ་འཆལ་འདི་ལ་རྒྱུ་མཚན་ཞིག་ཨེ་འདུག། ཟིན་བྲིས་པ་ཚང་མས་བསམ་བློ་ཞིག་ཐོངས་དང་། དུས་བབས་ཟིན་བྲིས་ནང་ཡོང་རྒྱུའི་རིན་ཐང་འདུག་གམ། ཁོའི་ཀུན་སློང་རྣམ་དག་རེད་དམ། བོད་ལ་ཤ་ཞེན་ཞིག་འདུག་གམ། སོ་སོའི་གཞུང་དང་དབུ་ཁྲིད་ལ་གུས་ཞབས་ཞིག་འདུག་གམ། ཚེ་ཐུང་ལ་འགྲོ་རྒྱུ་འདི།་གཅིག་བྱས་ན་དོལ་རྒྱལ་བ་ཞིག་ཡིན་པ་ཐག་ཆོད། གཅིག་བྱས་ན་རྒྱ་མའི་གུང་བྲན་གྱི་ཚོ་ཉུལ་བ་ཞིག་རེད། དེ་རིགས་འདི་འདྲ་ལ་བརྫུས་ཡོང་ནས་གོ་སྐབས་ལེན་གི་རེད། དེར་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རྒྱུའི་འགན་དུས་བབས་ཚང་ལ་ཡོད་པ་ལྟར་འགན་ཏེ་ཁྱེད་ཚོར་འཁུར་དགོས།
    ཁ་སྔོན་ཡང་ཆོས་ལུགས་དང་གྲུབ་མཐའ་བར་དཀྲུགས་ཤིང་གི་ངལ་འཆལ་མང་ཐག་ཆོད་ཞིག་བཤད་ཡོད། གོང་གི་དམར་རྟགས་བརྒྱབ་པ་དེ་ཚོ་ཞིབ་དཔྱོད་གནང་དང་། ་་་་་་ཨོ་སྐད་ཆ་འདི་ཚོས་མི་ལུས་རིན་ཆེན་དུ་མ་ཞིག་འཕྲོགས་བརླས་བཏང་སོང་་་་་་་་་་་སྐད་ཆ་འདི་ཚོས་ཞེས་པའི་སྐད་ཆ་དེ་གསུངས་མཁན་༧གོང་ས་༧རྒྱལ་བ་རིན་པོ་ཆེ་ཡིན་ལ་་སྐད་ཆ་དེས་མི་ལུས་རིན་ཆེན་མང་པོ་འཕྲོགས་བརླས་བཏང་སོང་ཞེས་ཟེར་པས་མི་ལུས་རིན་ཆེན་མང་པོ་འཕྲོགས་བརླས་ག་འདྲ་སེ་བཏང་བ་རེད། ཁོས་རྒྱ་མའི་གུང་བྲན་གྱི་སྐད་ཆ་བསྐྱར་བཟླས་བྱས་པ་ཙམ་རེད། རྒྱ་མས་ག་དུས་ཡིན་ཡང་བོད་ནང་བྱུང་བའི་རྙོག་དྲ་དེ་ཚོ་ཚང་མ་ཏཱ་ལའི་བླ་མས་བཟོས་བ་རེད་ཟེར་ཀི་ཡོད་པ་དང་གཅིག་མཚུངས་བཤད་ཀྱི་མི་འདུག་གམ། སྤྱིར་ཁྲིམས་ཐོག་ལ་འགྲོ་ནས་སྐད་ཆ་དེ་ཚོ་ཁུངས་བསྐྱེལ་ར་འཕྲོད་བྱེད་ཀི་འཇུག་དགོས་པ་ཞིག་རེད། བོད་ནང་སོང་ནས་གཞིས་ལུས་མི་མང་ཚོར་བཀའ་འདྲི་གནང་ན་རྙོག་དྲ་སུས་བཟོས་པ་རེད། མི་ལུས་རིན་ལེན་མང་པོ་འཕྲོ་བརླག་ལ་སུས་བཏང་པ་རེད་ཧ་གོ་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese