མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀྱི་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ལྡི་ལིའི་
ཇཱན་ཏར་མཱན་ཏར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མགོ་འཛུགས་གནང་ཡོད་འདུག

ཟས་བཅད་ངོ་རྒོལ་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་སྤྱི་འཐུས་ ༣༥ མཉམ་ཞུགས་གནང་ཡོད་པ་དང་། དེ་མིན། ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་དང་། བཙུན་མ། མི་མང་བཅས་མཉམ་ཞུགས་གནང་ཡོད་འདུག

ཟས་བཅད་ངོ་རྒོལ་སྐབས་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་ཟས་བཅད་ངོ་རྒོལ་གནང་དགོས་པའི་རྒྱུ་མཚན་བཅས་ངོ་སྤྲོད་གནང་སོང་། ཟས་བཅད་ངོ་རྒོལ་འདི་ཆུ་ཚོད་ ༢༤ རིང་གནང་རྗེས་ཕྱི་ཚེས་ ༡༩ ཉིན་རྒྱལ་ཡོངས་མི་མང་གིས་ལས་འགུལ་གནང་འཆར་ཡོད་པ་རེད། གཞན་ཡང་ཟས་བཅད་ངོ་རྒོལ་འདིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དུར་ཁ་རྗེ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨ་ཤར་རེ་ཊེ་སོགས་མཉམ་ཞུགས་གནང་ཡོད་འདུག་ལ། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་ཁག་ཅིག་ཕེབས་ཏེ་གསུང་བཤད་སོགས་གནང་རྒྱུ་ཡིན་པ་དང་། ཉིན་རྒྱབ་གསར་འགོད་གསལ་བསྒྲགས་དང་། དགོང་དྲོ་མར་མེ་ཁྲོམ་སྐོར་སོགས་ཀྱི་མཛད་འཆར་ཡོད་འདུག

 

བོད་མི་མང་སྤྱི་འཐུས་རྣམ་པའི་ཟས་བཅད་ངོ་རྒོལ་གནང་བཞིན་པ།

 

ཕྱོགས་མཐའ་ཁག་ནས་ཕེབས་པའི་གྲྭ་བཙུན་ཚོས་ཟས་བཅད་ངོ་རྒོལ།

 

མཆན། 29

  1. རང་དབང་རྒྱལ། says:
    ལོ་ 11 སྔོན།

    སློབ་གྲྭ་ནས་དགོངས་པ་ཆེད་ཞུས་བྱས་ནས། ད་ཐེངས་ཀྱི་གཞུང་མང་གི་ལས་འགུལ་དེ་རྩ་ཆེན་དོན་ཆེན་དུ་བརྩིས་ནས་མཉམ་ཞུགས་བྱེད་འདུན་གྱི་དབང་གིས། སེམས་ཐག་གཙང་བཅད་ཀྱི་སྒོ་ནས་མ་སྐུལ་དང་བླངས་ཀྱིས་ཡོང་བ་ཡིན།
    ཁ་སང་སྤྱི་འཐུས་རྣམ་པའི་སྣེ་ཁྲིད་འོག་ཟས་བཅད་ཞི་རྒོལ་ལ་ཞུགས་པ་ཡིན་ལ། སྐབས་དེར། ངས་གསར་འགོད་པ་སོགས་ཀྱི་རྣམ་འགྱུར་ཅི་ཡང་མ་བཟུང་བར་ལས་འགུལ་བ་དཀྱུས་མའི་ལུགས་སུ་བྱས་ནས་བསྡད་པ་ཡིན། དེ་དུས། མཐོང་སྣང་མི་བདེ་བ་ཁ་ཤས་བྱུང་སོང་།
    གཅིག སྤྱི་འཐུས་རྣམ་པ་ཟས་བཅད་ཞི་རྒོལ་ལ་བཞུགས་པའི་སྟེགས་བུ་སྟེང་དུ། སྟོང་བ་མ་སོང་ཙམ་གྱི་ཕྱིར་དུ། སྤྱི་འཐུས་གྲངས་འབོར་བཅུ་འདུན་ལས་ཡན་བཞུགས་མཁན་མི་འདུག
    གཉིས། གྲྭ་བཙུན་དང་མི་མང་འདུག་སར་ཉི་ཁེབ་ཙམ་ཡོད་པ་ལས་བོད་ཀྱི་རྒྱལ་དར་དང་པོ་གཅིག་ཀྱང་མི་འདུག རྗེས་སུ་སྤྱི་འཐུས་ཁག་གིས་ཡར་མར་ལ་འབྲེལ་བ་བྱས་ནས། ལྡི་ལི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་དར་བཅུ་གྲངས་ཤིག་བཙུགས་སོང་།
    གསུམ། ཟས་བཅད་ཞི་རྒོལ་ལ་བཞུགས་པའི་སྤྱི་འཐུས་ཁག་ཅིག་གླེང་མོལ་གློད་པ་དང་། ཡང་རེ་ཤས་ཀྱིས་ཞལ་པར་བཀྱོན་པ། འགའ་ཤས་ཀྱིས་གློག་ཀླད་ཀྱི་ཁ་ཕྱེས་ནས་བཞུགས་རུང་། རྗེས་སུ་ཁོང་རྣམ་པའི་གསར་འགྱུར་ནི། རང་དང་འབྲེལ་བའི་འདྲ་པར་ཁག་ངོ་དེབ་ནང་ལ་ཁྱབ་བསྒྲགས་བྱས་པ་ཙམ་ལས་མཐོང་མ་སོང་། འགའ་ཤས་ནི་གསར་འགོད་པའི་རྣམ་པར་གྱུར་ནས་ཕྱག་ཏུ་པར་ཆས་རེ་བཞེས་ནས་ཡར་མར་ལ་འདུར་རྒྱུགས་རུང་། སྐད་ཡིག་གི་ཤེས་ཚད་ནི། བོད་ཀྱི་སྐད་ཡིག་གཅིག་པོ་མ་གཏོགས་མི་ཤེས་མཁན་དག་རེད། དེས་ན། ཁོང་ཚོས་བླངས་པའི་འདྲ་པར་དང་གནས་ཚུལ་ཁག་གང་ཞིག་ཏུ་སྤེལ་ཡོད་དམ།
    བཞི། ཁ་སང་གི་ཟས་བཅད་ཞི་རྒོལ་ལ་གསུང་དབྱངས་གཅིག་དང་བཞུགས་སྟངས་གཅིག རྣམ་འགྱུར་གཅིག་སྟོན་མཁན་ནི། གྲྭ་བཙུན་དང་མི་དམངས་རྣམས་རེད་མ་གཏོགས་སྤྱི་འཐུས་རྣམ་པར་ཆགས་སོང་།
    ལྔ། མ་གཞི་ནས། སྐྱོན་གྱི་ཁོ་ནར་འཇུས་པ་གཏན་ནས་མིན་མོད། གྲ་སྒྲིག་བྱེད་ཕྱོགས་དང་རང་ཉིད་ནས་འགོ་འཛུགས་སྟངས་རྒྱུས་ཡོད་མཁན་ཞིག་གི་བལྟས། ཡིད་ཆད་པའི་གནས་ཤིག་ཡིན་པས་ན། འདི་ལྟར་ཤོར་སོང་།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    གྲྭ་དམངས་ཀྱི་ཟས་བཅད་ངོ་རྒོལ་གྱི་སྐུ་པར་འདིར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཧ་ཅང་གསལ་འདུག སྤྱི་འཐུས་རྣམ་པ་ཡང་ཚང་འཛོམས་ཐོག་བཞུགས་སྟངས་ཡག་སེའི་སྐུ་པར་ཅིག་ཡོད་ན་་་

    Reply
  3. སོག་ནག་ཚང་། says:
    ལོ་ 11 སྔོན།

    སེམས་ཤུགས་ཀྱི་མེ་ལྕེ་ཡིས་ལུས་པོ་བསྲེགས་ཤིང་། ལུས་ཕུང་གི་མེ་ལྕེ་ཡིས་སེམས་པ་བསྲེགས་པའི་དཔའ་རྒོད་དག ཁྱེད་ཅག་གི་ལུས་ཕུང་གི་མེ་སྟག་དམར་པོ་མཆེད་སྟངས་རེ་རེས་རི་བོ་ཧི་མ་ལ་ཡའི་རྒྱབ་མདུན་ལ་ཚ་གདུག་གི་མེ་རི་འབར། ཚ་གདུག་གི་མེ་རི་འདིས་ང་ཚོ་བསྲེགས་ཐུབ་དགོས། འཚིག་དཀའ་བའི་ང་ཚོ། གྲང་སླ་བའི་ང་ཚོ། ད་ཐེངས་འབར་ཡུན་རིང་དགོས། སའི་གོ་ལའི་ཤར་ནུབ་གཉིས་ཧྲིལ་གྱིས་གཞོམ་ཐུབ་ན་གངས་རི་ལ་བརྩེ་མདང་ཆེ་རུ་འགྲོ་ངེས་ཡིན།

    Reply
  4. སོག་ནག་ཚང་། says:
    ལོ་ 11 སྔོན།

    ལས་ཀྱི་སྣེ་མོ་བ་དག་གིས་མགོ་ཁྲིད་ནས་བོད་ཀྱི་མིག་སྔའི་དཀའ་ངལ་འདི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དཀའ་ངལ་ཞིག་ཏུ་འགྱུར་བར་ཐབས་བརྒྱ་ཇུས་སྟོང་གིས་བློ་བསྡུར། ནུས་པ་སྤུངས། དཔའ་རྒོད་ཚོའི་ལུས་ཕུང་གི་མེ་ལྕེ་དམར་པོ་མ་ཡལ་གོང་ལ། མི་དམངས་ཀྱི་སེམས་ཤུགས་ཀྱི་མེ་ལྕེ་དམར་པོ་མ་གྲང་གོང་ལ།

    Reply
  5. རིག་བཟང་། says:
    ལོ་ 11 སྔོན།

    བོད་མི་མང་བཀའ་སྤྱི་གཉིས་ཀྱིས་ཁ་ནས་བཤད་པ་ཙམ་མ་ཡིན་པ་དོན་ལ་སྨིན་སོང་ངོ་མ་སེམས་སྟེང་ནས་གུས་དུད་ཞུ

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    ཡོད་ཚད་བློས་གཏོང་གི་དམར་མཆོད་དག་གིས།
    ང་ཚོ་ཡང་འདི་ལྟར་བསྒུལ་བྱུང།

    འགུལ་སྟངས་འདིས།
    ད་དུང་ཡང་སྒུལ་ན་ཐང།

    ཡིན་ན་ཡང་་་
    ང་ཚོ་མི་མཐུད་འགུལ་ཐུབ་བམ།
    ཇི་ལྟར་འགུལ་རྩིས་ཡོད།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 11 སྔོན།

    དེ་འདྲ་གནང་ན་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡག་པོ་ཞེ་དྲག་རེད་འདུག ལས་འགུལ་བ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 11 སྔོན།

    ལས་འགུལ་འདིའི་ནང་དུ་ས་གནས་ཀྱི་ཆ་ནས་རྡི་ལིར་ཡོད་པའི་མཐོ་རིམ་སློབ་ཚོ་དང་རྡི་ལིའི་ཤར་ནུབ་གང་སར་ཡོད་པའི་མི་མང་ཡོད་ཚད་མཉམ་ཞུག་དགོས་བ་གལ་ཆེན་པོ་རེད་་་་་་་་་་་་བོད་ནང་ནས་ཚེ་སྲོག་མེ་མཆོད་ལ་སྤར་ཐུབ་དུས་་་རྒྱ་གར་དང་ཕྱི་རྒྱལ་ནས་ཉིན་ཁ་ཤས་ཀྱི་ཚོང་ལས་བློས་བཏང་ཐུབ་དགོས་བ་ཞིག་རེད།
    ཁ་སྙན་པོ་བྷསད་ན་མི་ཕན་པར་དོན་ངོ་མའི་ཆ་ནས་ལས་འགུལ་ནད་དུ་འཛུལ་ཞུགས་བྱ་དགོས་བ་རེད།
    སློབ་གྲྭ་ཁག་ནས་དབུ་འཛིན་ཚོས་མ་བཏང་ན་ཞབས་འདྲེན་ཆགས་ཀྱི་རེད།
    དེ་འདྲའི་གནས་ཚུལ་ཐོན་སོང་ན་མཐའ་གཅིག་ཏུ་ཁ་གཏད་དང་དགག་སྒྲུབ་བྱ་གི་ཡིན།
    ནུས་པ་མཉམ་སྤུང་དང་སྐྱིད་སྡུག་མཉམ་མྱོང་བྱ་དགོས་བ་རེད།

    Reply
  9. གྲགས་བསོད་ says:
    ལོ་ 11 སྔོན།

    སྤྱི་འཐུས་ཚོས་སྣེ་འཁྲིད་དེ་ཟས་བཅོད་ངོ་རྒོལ་བཞུགས་མཁན་ཚོའི་པར་ལ་ལྟོས་ན་རང་གི་སེམས་ལ་མི་རིགས་གཅིག་ལ་བདེ་སྡུག་གི་དཀའ་བསྔལ་ཡོད་པའི་རྣམ་འགྱུར་ཙམ་ཡང་བརྟེན་མཁན་མི་འདུག་པས་ངོ་སྲུང་དང་འཁྲིས་ལ་ཐུག་ཡོད་པ་ཨེ་རེད།

    Reply
  10. ནད་པ says:
    ལོ་ 11 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    བོད་ཀྱི་བདག་པོ་བོད་མི་ཡིན། བོད་མིར་རང་དབང་དགོས། ༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་མིདམངས་ཁྲི་ལོར་བརྟན་པར་ཤོག བོད་རྒྱལ་ལོ།།

    Reply
  11. ནགས་མཚོ says:
    ལོ་ 11 སྔོན།

    བོད་མི་དམངས་སྤྱི་མཐུན་རྣམས་པ་དང་གཞན་ཡང་གྲྭ་བརྩུན་རྣམས་པ་ལ་མཚམས་འདྲི་དང་གུས་འདུས་བཅས་ལས་འདི་དོན་འདི་
    དང་ལྡན་པ་ཞིག་དང་ནུས་པ་ལྡན་པ་ཞིག་ཡོངས་བའི་རེ་བ་དང་ཡིན་ཆེས་ཡོད། བོད་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  12. ནད་པ says:
    ལོ་ 11 སྔོན།

    བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ངོ་ཚབ་མཚོན་ནུས་པའི་བཙན་བྱོལ་བོད་གཞུང་གི་རྒྱ་ཆེའི་མི་དམངས་ཀྱི་སྐུ་ཚབ་སྤྱི་འཐུས་རྣམ་པས་ཟས་བཅད་ངོ་རྒོལ་གནང་བ་དེས་ཕྱི་ནང་བོད་རིགས་མི་དམངས་ཡོངས་ཀྱིས་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་བྱས་པ་ཞིག་ཡིན།

    དེ་ནི་འཛམ་གླིང་རྒྱལ་ཁབ་དང་། སྲིད་གཞུང་། ཚོགས་སྡེ། མི་དམངས་བཅས་ཀུན་གྱིས་རྒྱ་མིས་བོད་མིར་བཙན་གནོན་དང་སྡུག་རྩུབ་ཡ་ང་བ་ཞིག་བྱེད་བཞིན་ཡོད་པ་དེ་འཛམ་གླིང་ཡོངས་ཀྱིས་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

    ང་ཚོའི་བོད་རྒྱལ་ཁབ་དེ་ང་ཚོའི་བོད་མི་རིགས་ལ་བདག་དབང་ཡོད་པ་དེ་འཛམ་གླིང་ཐོག་ཕྱི་གསལ་ནང་གསལ་གནས་ཚུལ་གསལ་བཤད་བྱས་པ་ཞིག་ཡིན། དེ་ནི་སྐབས་སུ་བབ་པའི་བྱ་སྤྱོད་ཚ་ཚ་འུར་འུར་ཞིག་ཡིན་རྒྱ་དམར་སྲིད་གཞུང་གི་ཆབ་སྲིད་པ་ངོ་གདོང་ཡང་ཚ་འུར་འུར་ཞིག་ཡོང་ངེས་ཡིན།

    ཇི་ཙམ་གྱི་སྟོབས་ཤུགས་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་འདི་འཛམ་གླིང་འདིའི་ནང་གི་ཆ་ཤས་ཞིག་ཡིན་སྟབས། འཛམ་གླིང་ཡོངས་ལ་རྒྱ་ནག་གི་ངོ་གདོང་དེ་གང་འདྲ་བྱས་ན་ས་སྟོན་དགོས་མིན་དང་། གསལ་བཤད་གང་ས་བྱས་ཏེ་རྒྱག་དགོས་མིན། སོགས་ཀྱི་གནད་དོན་ལ་ཐུགས་ཡོད།

    ཡིན་ནའང་འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་མི་དམངས་རྣམས་ལྐུགས་པ་དང་གླེན་པ་ཤ་སྟག་མ་ཡིན་པར་སོང་རྒྱ་ནག་གཞུང་གི་ངོ་གདོང་དེ་ཇི་འདྲ་ཡིན་མིན་ཀུན་གྱིས་ཤེས་རྟོགས་ཐུབ་ངེས་ཡིན།

    རྗེས་སུ་ཡི་རང་དང་གསུང་སེམས་མཉམ་བསྐྱེད་ཞུ། བོད་རྒྱལ་ལོ།།

    Reply
  13. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    ད་ཐེངས་ཀྱི་ལས་འགུལ་འདིའི་རྗེས་ཕ་ཡུལ་ལ་ཁ་པར་གཏོང་སྐབས་ངོ་ཚ་མི་དགོས་བར་ང་ཚོ་ལའང་ནུས་བ་འདི་ཐོན་ཡོད་ཅེས་བ་ཞིག་བཤད་རྒྱུ་ཡོད་དགོས་བ་མ་ཟད་ཆིག་སྒྲིལ་ལ་ནུས་བ་ཡོད་པ་དེའང་གསལ་སྟོན་བྱེད་ཐུབ་དགོས།

    Reply
  14. བློ་བཟང་ཉི་མ། says:
    ལོ་ 11 སྔོན།

    སྤྱི་འཐུས་ཚོས་སྣེ་ཁྲིད་ཡག་པོ་ཞིག་གནང་རྒྱུའི་རེ་བ་ཡོད། ༢༠༠༨ ལོའོ་བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་བཞིན་མགོ་ཡོད་མཇུག་མེད་ཅིག་མི་ཆགས་པའི་རེ་བ་ཡོད།

    Reply
  15. ཤེལ་དཀར་བློ་བཟང་། says:
    ལོ་ 11 སྔོན།

    དངོས་གནས་ཡག་པོ་འདུག བཤད་ཀྱང་བྱས་ནས་མ་བཞུགས་པར་འཚམས་འཚམས་ཐང་སྟེང་དུ་ཐོན་ན་ཡག་པོ་འདུག རྗེས་སུ་ཡི་རང་ཡོད།

    Reply
  16. དབུས་ཕྲུག་ཚེ་རིང་། says:
    ལོ་ 11 སྔོན།

    མཐོ་ས་ནས་མི་དམངས་ཁྲོད་མཉམ་བཞུགས་ཀྱི་ལས་འགུལ་འདི་རིགས་ནི་རླབས་ཆེན་གྱི་བྱ་བཞག་རེད་ལ། མི་དམངས་ཚོར་ཡང་སེམས་ནུས་སྤོར་ནུས་པ། རྒྱལ་སྤྱིར་ཡང་དམིགས་བསལ་གྱིས་དོ་སྣང་འབྱུང་ངེས་རེད། ཡིད་རང་དང་རྒྱབ་སྐྱོར་ཡོད།

    Reply
  17. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    ངའི་བདེ་སྐྱིད་ཀྱི་དོན་དུ་ཁྱོད་ཀྱི་བདེ་སྐྱིད་བློས་བཏང་བ་དེར་ཐུགས་རྗེ་ཆེ་ཞུས་བ་ཙམ་གྱིས་མི་ཡོང་བས། ད་ཐེངས་གོ་སྐབས་འདི་བཟུང་ནས་ཁ་ཙམ་མིན་པར་ཁོག་ན་སྙིང་དང་སྙིང་ལ་རུས་བ་ཡོད་པ་དེ་ཚང་མས་སྟོན་ཐུབ་དགོས།

    Reply
  18. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    རང་གིས་རང་གི་ཐོག་ལ་མེ་སྲེག་ཆུང་ཆུང་རེ་བྱོས། དེའང་མི་ཐུབ་ན་སེན་བཏོག་རེ་བྱོས། དེ་ནས་བོད་ནང་གི་དཔའ་བོ་དཔའ་མོ་དེ་དག་གི་ཚེ་སྲོག་མེ་རུ་བསྒྲོན་པའི་བློས་བཏང་དེ་ལས་སླ་བོ་ཞིག་ཡིན་མིན་ཤེས་ཐུབ།

    Reply
  19. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    མིས་ཅི་ཞིག་བྱེད་བཞིན་ཡོད་མེད་ལ་མ་བལྟ། རང་རང་ཡོད་སའི་ས་གནས་དེ་ན་གོ་སྒྲིག་ཅི་ཞིག་ཡོད་པ་དེའི་ཆ་ཤས་ངེས་བར་ཏུ་ལེན་དགོས། ལྷག་པར་དུ་སྐད་ཆ་ཆེན་པོ་བཤད་མཁན་ཚོ་མདུན་དུ་ཐོན་ཤོག དེ་ཐེངས་མི་སུ་ཡིན་ཡང་རང་རང་གི་སེམས་ནས་འགྱོད་པ་མེད་པ་ཞིག་བྱེད་རོགས། ནམ་རྒྱུན་ཆེན་པོ་རེ་བཤད་དེ་ལས་འགུལ་གྱི་སྐབས་སུ་ལྐོག་ལྟ་བྱེད་མཁན་ཚོ་ལས་འགུལ་འདིའི་རྗེས་སུ་རེས་རེས་བཞིན་བཙུར་གི་ཡིན།

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 11 སྔོན།

    འདི་ཡག་པོ་རེད།

    Reply
  21. ཤེས་རབ says:
    ལོ་ 11 སྔོན།

    ད་རེས་ཀྱི་ལས་འགུལ་དེ་ནི་ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་རེད་བསམ་གྱི་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཕལ་ཆེར་ཐོག་མ་ཡིན་རྒྱུ་རེད། ཧ་ཅང་གི་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། བོད་ནང་གི་བོད་མི་ཚོས་བདེན་མཐའ་མ་སེལ་བར་དུ་ལས་འགུལ་མཚམས་འཇོག་མི་སྲིད་པ་དེ་བཞིན་དུ་བྱེས་སུ་ཡོད་པའི་བོད་མིའི་སྒྲིགས་འཛུགས་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མདོར་ན་བྱེས་འབྱོར་བོད་མི་ཡོད་དོ་ཅོག་གི་འགན་ཁུར་ནས་གཙོ་བོ་བོད་ནང་གི་རང་སྲོག་བློས་བཏང་བ་དེ་དག་རྒྱལ་སྤྱི་སྟེང་དུ་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་དགོས་ཀྱི་འདུག

    Reply
  22. སྙིང་རྩ་སྤར་འཛིན། says:
    ལོ་ 11 སྔོན།

    ལས་འགུལ་ལ་རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ།
    འགྱུར་མེད་བསྟན་འཛིན་འབོད་པ་ལགས། ཁྱོད་ཀྱི་སྐད་ཆ་དེ་བདེན་པ་ཡིན་ཡང་། མི་ཚང་མར་རང་གི་སྐད་ཆ་བཤད་རྒྱུའི་ཐོབ་ཐང་གཅིག་མཚུམས་སུ་ཡོད་ནའང་། སྐད་བཤད་པར་དུས་དང་འཚམས་མིན་ལ་བལྟ་རོགས། ཕན་ལས་གནོད་ཆེ་བའི་སྐད་ཆ་དེ་རིགས་དུས་དང་མི་རན་མ་བཤད་རོགས་ཞུ་བཞིན་ཡོད། ང་ཚོ་ཚང་མ་མཉམ་དུ་ལང་ནས་ནུས་བ་འདོན་པར་འབད་རོགས།

    Reply
  23. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ལས་འགུལ་འདི་འདྲ་ཐེངས་དང་པོ་རེད་ཟེར་ན་མི་འོས་པ་མེད། འོན་ཀྱང་འདི་ཐེངས་ཐ་མ་མ་ཡིན་པའི་རེ་བ་ཡོད་ལགས།

    Reply
  24. མི་ཉག་བཙན་པོ says:
    ལོ་ 11 སྔོན།

    ལས་གུལ་ཆེན་མོ་དེ་འདྲ་ཞིག་གོ་སྒྲིག་བྱས་པ་ནི་ཡི་རངས་དང་བསྔགས་བརྗོད་
    ཡོད་ལ་རྒྱབ་སྐྱོར་དེ་བས་ཡོད།
    མགོ་དང་ལུས་པོ་རྐང་ལག་ཡོངས་རྫོགས་ལས་འགུལ་ནང་ཞུགས་པ་ནི་ཧ་ཅང་གི་
    ནུས་པ་ཆེན་པོ་དང་གཅིག་སྒྲིལ་འཛུམ་མདངས་ཀྱི་འོད་སྣང་མངོན་ཐུབ།
    བོད་པ་མགོ་ཡོད་ཀྱང་ལུས་པོ་མེད་ཅེས་པ་ནི་རྫུན་ཚིག་འབའ་ཞིག་ཏུ་མངོན་སོང་།བཀའ་ཤག་གི་སྤྱི་འཐུས་རྣམས་ཀྱི་ནུས་པ་ལེན་ཐུབ་པ་དང་སྤྱི་འཐུས་རྣམས་ནས་མི་
    དམངས་ཀྱི་ནུས་པ་ལེན་ཐུབ་ན་ལས་འགུལ་གང་སྤེལ་ཀྱང་ནུས་པ་ལྡན་པ་ཡོང་གི་རེད། བཀའ་ཤག་ལ་སྤྱི་འཐུན་ནས་རྒྱབ་སྐྱོར་དང་སྤྱི་འཐུས་ལ་མི་དམངས་ཀྱིས་རྒྱབ་སྐྱོར་དགོས་པ་ཆབ་སྲིད་ཀྱི་ལྟ་གྲུབ་སྙིང་པོ་རེད་། བོད་རྒྱལ་ལོ་༎༎༎

    Reply
  25. བཀྲ་ཤིས། says:
    ལོ་ 11 སྔོན།

    སྤྱི་འཐུས་རྣམ་པའི་དབུ་ཁྲིད་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ལ་རྗེ་སུ་ཡི་རང་དང་བསྔགས་བརྗོད་བྱ་རྒྱུ་ཡིན། ཐུགས་རྗེ་ཆེ། སྤྱི་འཐུས་རྣམ་པའི་དངོས་སུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཡང་ཐེང་དང་པོ་དེ་རེད།
    དེ་མཐའ་མ་མ་ཡིན་པའི་ཡིད་ཆེས་ཡོད།

    Reply
  26. འགྱུར་མེད་བསྟན་འཛིན། says:
    ལོ་ 11 སྔོན།

    ངའི་གྲོགས་པོ་ཞིག་གིས་ཁ་པར་འབྱོར་གསལ་ལྟར་ན་དེ་རིང་རྡི་ལིའི་རྒྱ་མིའི་གཞུང་ཚབ་དུ་བོད་དུ་ཆོག་མཆན་ཞུ་མཁན་མི་བརྒྱད་ཅུ་ཙམ་འདུག་ཟེར་་་ཁོང་ཡང་དེའི་ནང་གི་གཅིག་ཡིན་ཟེར་་་ཧེ་ཧེ་ཧེ་་་ང་རང་གནས་ཚུལ་དེ་ལ་ཧང་འདྲ་ཞིག་སང་སོང་་་་ཕར་ཙམ་ནས་བཙན་བྱོལ་གཞུང་དམངས་གཉིས་ཀྱི་རྒྱ་མི་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་་་ཚུར་ཙམ་དེ་ནས་རྒྱ་མིའི་གཞུང་ཚབ་ནས་ལྷོད་ལྷོད་བྱ་ནས་བོད་ལ་ཐོངས་མཆན་ཞུ་་་་གནས་ཚུལ་དེ་ཚོ་དྲ་གྲོགས་ཚོས་གང་འདྲ་མཐོང་གི་འདུག་་་ངས་བསམ་ན་བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་ངོ་གདོང་རྗེན་པ་དེ་མཐོང་གི་འདུག་་་རྒྱ་ནག་གཞུང་ཚབ་ཀྱང་ལྷོད་ལྷོད་ཡིན་ས་རེད་་་གཅིག་བྱ་ན་ཆེད་དུ་གཉེར་ནས་བརྙས་བཅོས་བྱེད་ཀྱི་ཡོད་པ་འདྲ་

    Reply
  27. མིག་གསུམ་པ། says:
    ལོ་ 11 སྔོན།

    སྤྱི་འཐུས་ཚོས་ཀྱང་་བོད་མི་རྣལ་མ་ཡིན་པའི་གཤིས་ཀ་དེ་ཕྱིར་མངོན་པ་རེད། རྡོག་རྩ་་གཅིག་སྒྲིལ་གྱི་ནུས་པ་བླ་ལྷག་ཏུ་ཐོན་པའི་ཡིད་ཆེས་དང་གདེངས་སྤོབས་པ་ཡོད།

    Reply
  28. འགྱུར་མེད་བསྟན་འཛིན། says:
    ལོ་ 11 སྔོན།

    དབྱིན་བོད་རྒྱ་ཧིན་ཀྱི་ནང་དུ་་་་བཙན་བྱོལ་གཞུང་དམངས་ཀྱིས་ངོ་རྒོལ་ལས་འགུལ་ཆེན་མོ་་ཟེར་ནས་ཐ་སྙད་བེད་སྤྱོད་བཏང་དགོས་བར་སྙམ་་་་་་་་བོད་རྒྱལ་ལོ་་་་་་མི་རིགས་ཀྱི་རྩ་དོན་དང་ངོ་བོ་རྒྱལ་ལོ་་་ལས་འགུལ་འདིས་གནམ་སའི་བར་དུ་འབར་བཞིན་པའི་མེ་ལྕེ་དེ་ཡི་ངོ་བོ་ཡང་དག་པར་ཞིག་མཚོན་ཐུབ་དགོས་ལ་་་་་མི་ལོ་ལྔ་བཅུའི་མི་རིགས་ཤིག་ཡུལ་གྱར་དུ་གྱུར་བའི་སྡུག་བསྔལ་མ་ལུས་པ་མཚོན་ཐུབ་དགོས་་་ངོ་སྲུང་རིང་ལུགས་ཀྱི་ལས་འགུལ་ཞིག་མ་ཆགས་པའི་རེ་བ་ཡོད་་་་་

    Reply
  29. དབྱར་ཁབ་ཀུན་བཟང། says:
    ལོ་ 11 སྔོན།

    ད་རེང་རླབས་ཆེ་བའི་ལས་འགུལ་དེ་ཐེངས་དང་པོ་ཡིན་པས་་བོད་ཀྱི་བདེན་མཐར་མྱུར་དུ་གསལ་བའི་སྨོན་འདུན་བཅས། བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist