མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་ཆེན་རོལ་དབྱངས།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

རྒྱ་ནག་གུང་ཁྲན་ཏང་དང་དམག་དཔུང་གིས་༡༩༤༩ལོར་ཀྲུང་གོ་གསར་བའི་རྒྱལ་ཁབ་བཙུགས་པའི་རྒྱལ་སྟོན་དང་དུས་མཉམ་གངས་ཅན་བོད་ལ་ལོ་རྒྱུས་ཀྱི་གོད་ཆག་གསར་བ་ཞིག་གི་ལམ་ སྣེ་བཏོད་ཅིང་ལམ་སྣེ་དེ་ཐབས་བརྒྱ་ཇུས་སྟོང་གིས་ཆེར་བསྐྱེད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་སྙིང་ཁར་བརྟོལ། དུས་དེ་ནས་བཟུང་ས་ཡི་སྙིང་དང་མི་རིགས་ཀྱི་སྙིང་གཉིས་ཀ་ཚལ་བར་གཤགས་ཏེ་དུས་རབས་ཕྱེད་ལྷག་འདས་ཀྱང་གས་ཆག་ཏུ་སོང་བའི་སྙིང་དམར་པོ་དེ་གཉིས་ཀྱི་འཕར་རྩ་ལ་ ནམ་ཡང་འཇགས་མྱོང་མེད། ས་གནས་ལ་ལར་སྲིད་གཞུང་གི་ཁང་པ་སོགས་ལ་མེ་རྒྱག་ཆུང་ངུ་རེ་དང་སྒོ་སྒེའུ་ཙམ་ རེ་གཏོར་བཅོམ་གྱི་ཁུ་ཚུར་མང་པོ་ཞིག་ཀྱང་གཡུགས་མྱོང་། དེ་དག་རེ་རེ་ལ་ཁག་དཀྲི་དང་བསྙོན་འཛུགས་དུ་མས་དྲག་གནོན་ཡ་ང་བ་དུ་མ་བྱས། ཁོ་ཚོས་མདའ་མཚོན་བཟུང་ཡོད་པས་ཁུ་ཚུར་ཕྱར་མཁན་དག་གནོན་ཐུབ་ངེས་ཀྱི་སྟོང་བསམ་བཅངས། (དཔེར་ན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲག་གནོན་བཞིན་ཁུ་སིམ་མེར་འགྲོ་ རྒྱུར་ཚོད་དཔག་བྱས།)དེ་རིང་ཁོ་པ་ཚོས་ཚོད་དཔག་དེ་ནོར་ཡོད་པར་ངོས་ཟིན་འཐོབ་ པའི་ཆོ་ག་གསར་བ་ཞིག་མཐོང་ཡོད།

རྒྱ་ གར་དུ་རྒྱ་གཞུང་ལ་མེ་གཏོང་དང་གཏོར་བཅོམ་སོགས་ཀྱི་བྱ་བ་རྩོམ་ས་མེད་ན་ཡང་རྒྱ་ གཞུང་གི་དཔོན་ངན་མང་པོ་ཞིག་གི་འདྲ་གཟུགས་གང་མང་ཞིག་བསྲེགས་ཡོད། ༡༩༩༨ལོའི་ཟླ་བཞི་བར་་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་གསོབ་གཟུགས་དེ་དག་ བསྲེགས་པས་འདོད་པ་མ་ཚིམ་པར་རང་ལུས་མཆོད་མེར་སྦར་ཡོད། གསར་འགྱུར་དེ་ལམ་སང་རྒྱལ་སྤྱིར་ཁྱབ་ཅིང་བོད་གཞིས་བྱེས་གཉི་གར་དྲན་སྐུལ་ཟབ་ མོ་ཞིག་དང་སྤོབས་པ་གསར་བ་ཞིག་སྦར་ཡོད། འོན་ཀྱང་མཆོད་མེ་ག་ལེར་གཟིམ་ལ་ཉེ་དུས་སླར་ཡང་༢༠༠༩ལོའི་ཟླ་༢་ཚེས་༢༧ཉིན་ཨ་ མདོ་རྔ་བར་དཔའ་རྒོད་བཀྲ་བྷེ་ཡིས་མཆོད་མེ་དེར་ཁ་གསོས་ཏེ་སླར་ཡང་བོད་མི་ཚོའི་ སེམས་ལ་འོད་སྣང་ཞིག་སྦྱིན། དེ་རྗེས་༢༠༡༡་ཟླ་༣་ཚེས་༡༦ལ་དཔའ་རྒོད་བློ་བཟང་ཕུན་ཚོགས་དང། དེ་རྗེས་ཟླ་༨་ཚེས་༡༥་ལ་རྟ་བོའི་དཔའ་རྒོད་ཚེ་དབང་ནོར་བུ་དང། དེ་ནས་བསྟུད་མར་ཁ་སང་གི་བར་དུ་དཔའ་རྒོད་བློ་བཟང་སྐལ་བཟང་དང་བློ་ནཟང་དཀོན་ མཆོག་དང་བློ་བཟང་དབང་ཕྱུག་དང་ཆོས་འཕེལ་དང་མཁའ་དབྱིངས་དང་ནོར་བུ་དགྲ་འདུལ་ དང་བཙུན་མ་བསྟན་འཛིན་དབང་མོ་སྟེ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་ལུས་ མཆོད་མེར་བསྒྲོན་ནས་འོད་སྣང་གིས་འཛམ་གླིང་ཁྱབ་པར་བྱས།

 

རང་ སྲོག་ལ་རྒོལ་བའི་ད་ལྟའི་ཞི་རྒོལ་གསར་བ་འདི་ལ་སྔོན་མ་ལྟར་དམག་དཔུང་གི་མེ་ མདའ་བཀོལ་ས་མེད་པར་མ་ཟད་ད་དུང་མེ་གསོད་དང་སྨན་བཅོས་ཀྱིས་ངོ་རྒོལ་བ་སྐྱོབ་ ཐབས་བྱེད་དགོས་པའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཆགས། ཐ་ན་གསར་ལམ་ཁག་ཏུ་ཞི་རྒོལ་བའི་སྲོག་ལ་ཉེན་ཁ་ཆེ་ན་ཡང་མི་ཆེ་ཚུལ་དང་དཔའ་བོ་ དེ་དག་བསམ་བློ་སྨིན་པའི་ལོ་ཚད་ལོངས་པ་ཏག་ཏག་ཡིན་ན་ཡང་བྱིས་པ་ཡིན་ཚུལ་ལ་ རྫུན་བཟོ་བྱེད་དགོས་པའི་འུ་ཐུག་གི་གནས་སུ་གྱར། རྒྱུ་མཚན་ནི་ཁོང་ཚོས་མི་རིགས་་ཤིག་གི་བདེ་སྡུག་ཆེད་དུ་སྐུ་སྲོག་བློས་གཏོང་ གིན་ཡོད་པས་མི་རེས་རང་ལུས་གསོན་བསྲེགས་ཀྱི་ན་ཚ་དེ་ལས་ཀྱང་སེམས་ཀྱི་སྡུག་ བསྔལ་ཆེ་བ་མཚོན་ཡོད་ལ། དེའི་འབྱུང་རྩ་ཉིད་ནི་ཏང་ཀྲུང་དབྱང་དང་དེའི་དམག་དཔུང་ལ་ཐུག་ཡོད། འཇིག་རྟེན་ན་བདེན་པའི་ར་སྤྲོད་ལ་རང་སྲོག་དཔང་དུ་འཛུགས་པ་ལས་ལྷག་ཅི་ཡོད། མཆོད་མེ་གསོན་པོ་འདིས་དགྲ་བོའི་སྙིང་རྩ་སྲེག་པར་བྱེད་པ་མ་ཟད་གཉེན་གྱི་གདུང་ སེམས་དང་དཔའ་ངར་ཡང་ཧ་ཅང་ཚད་མཐོར་སྐྱེལ་ཐུབ། དེ་བས་ཚེ་སྲོག་གི་མཆོད་མེ་རེ་རེ་འདི་པེ་ཅིང་སྲིད་གཞུང་ལ་མེ་སྒྱོགས་ཆེན་པོ་ རེ་རེ་ལས་འཇིགས་སྣང་ཆེ་བ་ཡིན། ང་ཚོས་ཁོང་ཚོའི་སྐུ་སྲོག་ལ་ཕངས་སེམས་ཅི་འདྲ་ཆེ་ན་ཡང་སྙིང་ཅི་འདྲ་རྗེ་ན་ཡང། ཁོང་ཅག་གི་དང་བླང་གི་བློས་གཏོང་ཆེན་པོའི་ལྗིད་ཚད་དེ་ཤེས་དགོས། རང་དབང། འདྲ་མཉམ། ཐོབ་ཐང། དྲང་བདེན། མདོར་ན་བོད་མི་རིགས་ཀྱི་བདེ་སྐྱིད་གསར་བ་ཞིག་གི་སླད་དུ་ཁོང་ཚོས་གཡུལ་སའི་ དཔའ་རྟུལ་ཞིག་དང་འདྲ་བར་གདོང་མཆོང་གནང་བ་འདིས་བདག་ཡིད་ཚིམ་སོང་ལ། ཡིད་ཆེས་དང་རེ་བ་སྦར་སོང། རྒྱལ་ཁའི་གཡུལ་འགྱེད་ཅིག་གི་རྔ་ཆེན་རོལ་དབྱངས་ལྟ་བུར་འཛམ་གླིང་ལ་ཡང་གྲགས་ སོང།

བཙན་ བྱོལ་བོད་གཞུང་དམངས་ཀྱིས་ཀྱང་ཐུགས་ཐག་ཆོད་པོའི་སྒོ་ནས་དཔའ་བོ་རྣམ་པར་མྱ་ངན་ གུས་འདུད་དང་བཅས་གཞིས་ལུས་རྒྱ་ཆེའི་མི་དམངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ བཅོས་མིན་རྣམ་འགྱུར་ཞིག་སྟོན་འགོ་ཚུགས་སོང་ལ། རྒྱལ་སྤྱིར་དྲིལ་བསྒྲགས་ཀྱི་ནུས་པ་ཡང་མི་དམན་པ་ཞིག་ཐོན་ངེས། ལྷག་པར་དུ་ཡང་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དང་༸རྒྱལ་བ་ཀརྨ་པ་མཆོག ཨ་ལགས་ཀིརྟི་རིན་པོ་ཆེ་མཆོག་རྣམ་གསུམ་དབུ་བཞུགས་ཀྱི་བཙན་བྱོལ་གཞུང་དམངས་ སེར་སྐྱ་ལྔ་སྟོང་ལྷག་གིས་ཉིན་གཅིག་དུས་གཅིག་ལ་སྨྱུང་བར་གནས་ཏེ་སྐྱབས་འཇུག་ དང་སྨོན་ལམ་གྱི་ཆོ་ག་རླབས་ཆེན་ཞིག་མཛད་པ་འདིས་སྐུ་གཤེགས་དཔའ་རྒོད་རྣམ་པའི་ རྣམ་ཤེས་ལ་སྐྱེལ་མ་བླ་མེད་ཅིག་ཡིན་པར་མ་ཟད་ཤུལ་ལུས་གཉེན་ཉེ་དག་གིས་གཙོས་ གཞིས་ལུས་མི་དམངས་ཡོངས་ལ་ཡང་དགའ་དད་དང་རེ་སྤོབས་གསར་བ་ཞིག་སྐྱེད་ངེས་པ་ཡིན། ཕལ་ཆེར་རང་ལུས་མཆོད་སྦྱིན་གྱི་ཆོ་ག་འདི་ལས་གཞན་ཡང་ཞི་རྒོལ་གྱི་ཐབས་ཚུལ་སྣ་ མང་གི་ལས་འགུལ་ཆུ་བོའི་གཉེར་མ་བཞིན་བསླང་སྲིད། དཔའ་རྒོད་དུ་མ་ཞིག་རྦབ་རྡོ་བཞིན་དུ་འགྲིལ་ཡང་སྲིད།

དེས་ ན་སྐབས་འདིར་ང་ཚོའི་གཞུང་དམངས་ཀྱིས་རྒྱལ་སྤྱིའི་མི་རིགས་སྤྱི་དང་ལྷག་པར་ ཀྲུང་གོའི་མི་རིགས་གཞན་དག་དང་སྐྱིད་སྡུག་མཉམ་མྱོང་གི་ལས་གཞི་གསར་བ་མྱུར་ སྤེལ་གྱིས་རྒྱ་རིགས་དམངས་གཙོ་དོན་གཉེར་བས་གཙོས་ཞི་རྒོལ་ཆེན་མོའི་རྒྱ་མཚོའི་ རྦ་རླབས་ཐེངས་གཉིས་པ་ཞིག་བསླངས་ཐུབ་ན་ད་གཟོད་ཀྲུང་གོ་དམངས་གཙོ་ཅན་དུ་འགྱུར་ བའི་རླབས་ཆེའི་གསར་བརྗེ་ཞིག་འབྱུང་སྲིད་ལ། དེའི་མཚུངས་བོད་སོགས་ལ་ཡང་མཐོ་ས་རང་བཙན་ནས་དམའ་ས་རང་སྐྱོང་གང་ཞིག་འཐོབ་ངེས། དེ་འདྲའི་གཞི་རྒྱ་ཆེ་བའི་ཞི་རྒོལ་ཞིག་འབྱུང་སྲིད་པར་རྒྱུ་རྐྱེན་ཚང་ཡོད་ལ། དེ་ལ་དེ་སྔོན་ལྟར་གྱི་དྲག་གནོན་ཞིག་བྱེད་དཀའ་བ་ཡང་མོ་རྒྱག་མི་དགོས་པ་ཞིག་ རེད། གལ་ཏེ་སླར་ཡང་བཅིངས་འགྲོལ་དམག་གིས་རང་གི་རྒྱལ་འབངས་ཁྲི་འབུམ་དུ་མ་ཞིག་དམར་ གསོད་གཏོང་རྒྱུར་ཐུག་ན་དམག་དཔུང་བར་ལ་ཡང་དམག་འཁྲུག་འབྱུང་ཉེན་ཆེ་བའི་གནས་ སྟངས་ཤིག་བདག་བློའི་ཆུ་བུར་མིག་ལ་གསལ་བར་སྣང་ངོ། དེ་བས་རང་ཉིད་ནས་ཀྱང་དྲ་ལམ་འདིར་དམག་སྤྱི་ཞིག་གི་ཚུལ་དུ་བཀོད་འདོམས་ལ་འབད་ རྒྱུར་ཆོད་སེམས་བརྟན་པོ་བཞག་ཡོད།

ང་ ཚོའི་ཁ་གཡང་ངམ་བརྩོན་ལེན་གྱི་དགོས་འདུན་ནི། མི་རིགས་འདྲ་མཉམ་དང། མི་རིགས་རང་སྐྱོང། མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང། ཀྲུང་གོ་ལ་ཡང་དག་པའི་དམངས་གཙོ་ཞིག་དགོས་ངེས་པ་བཞི་བོ་འདིས་བོད་མི་རིགས་རང་ ཉིད་དང་བཅས་པའི་ཀྲུང་གོའི་མི་རིགས་ཁག་ལྔ་བཅུ་ལྷག་གམ་མི་དམངས་དུང་ཕྱུར་མང་ པོའི་རེ་འདུན་སྐོང་ཐུབ་པ་དང་རེ་བ་འདི་དག་སྔ་ཕྱི་མ་གཏོགས་མངོན་འགྱུར་ཡོང་བར་ ཡང་བདག་ཡིད་ཆེས་བརྟན་པོ་ཡོད།

དེས་ན་བདེན་པའི་མཐུ་ཡིས་བདེན་མཐའ་གསལ་བ་ལ་བདེན་སྐྱོང་ཞི་རྒོལ་འདི་མུ་མཐུད་རླབས་བཞིན་འཕྱུར་དགོས་པས་ང་ཚོས་ཆིག་སྒྲིལ་གྱི་དཔུང་ཤུགས་ཀྱིས་འཚེ་མེད་བདེན་པའི་ རྒྱལ་རྔ་ཤུགས་ཀྱིས་རྡུང་དགོས། “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།”

 

༢༠༡༡།༡༠།༡༩།དགོང་མོར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 11

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མིའི་རེ་བ་ཤི་སོང་ན་དེ་ནི་མི་གསོན་པོ་ཞིག་མིན་ཟེར་ཡང་ཆོག་དེ་བས་མི་ལ་རེ་བ་དགོས། རེ་བ་དེ་ཡང་རྒྱུ་མཚན་དང་གནས་ལུགས་ཀྱིས་སྐྱེད་དགོས། བདེན་པ་ལ་ཡིད་ཆེས་དང་དོན་དངོས་ལ་རྒྱུས་ལོན་གྱིས་འབྱུང་འགྱུར་ལ་བསམ་གཞིགས་བྱས་ན་ད་གཟོད་ན་མི་རེ་རེར་རེ་བ་དང་ཡིད་ཆེས་རེ་འབྱུང་ངེས་སྙམ།
    ཡིད་བཞིན་ནོར་བུ་ཚང་གིས་ཐབས་མཁས་ཐུགས་རྗེས་ད་བར་ལ་བོད་མི་ཚོའི་བྱིས་བློ་དེ་ཕ་མས་གཉོར་སྐྱོང་ལྟར་སེམས་གསོ་དང་སློབ་གསོ། ལམ་སྟོན་ཅི་རིགས་ཀྱིས་ཁྲིད་གནང་ཡོད། ད་ནི་ང་ཚོ་ལོ་ཚོད་ལོན་པའི་གསར་བུ་གསར་མོ་ཞིག་ཆགས་ཡོད་སྙམ།
    ཆབ་སྲིད་དང་འབྲེལ་བའི་འཚེ་མེད་ངོ་རྒོལ་ཟེར་བ་འདི་གཞུང་དང་སྤྱི་ཚོགས་ཏེ་གཞན་ལ་གནོད་པ་ཆེར་མི་གཏོང་བའི་བྱེད་སྒོ་རིགས་ཤིག་ཡིན། དེ་བས་རྒྱལ་གཅེས་དཔའ་རྒོད་རྣམ་པས་རང་སྲོག་ལ་རྒོལ་བ་དེ་ནི་བླ་ན་མེད་པའི་འཚེ་མེད་ཞི་རྒོལ་ཞིག་ཡིན། བུ་རེ་བ་ཅན་ཚོས་རེ་བའི་མེ་སྦར་ཐེངས་རེ་ལ་བུ་རེ་བ་མེད་པ་ཚོས་ཀྱང་རེ་བའི་མེ་ཁ་གསོ་རྒྱུ་གལ་ཆེ།

    Reply
  2. མི་ཆུང་། says:
    ལོ་ 15 སྔོན།

    ངས་ཡང་ནས་ཡང་དུ་ཨ་རབ་ཡུལ་གྲུའི་གསར་བརྗེ་བ་ཚོའི་སྙིང་སྟོབས་དྲན་གྱི་འདུག གསར་བརྗེའི་ལས་འགུལ་འདི་དག་ནང་ནོར་འཛོལ་ཡང་ཆེན་པོ་བྱུང་གིན་ཡོད། འོན་ཀྱང་ང་ཚོའི་ལུང་པར། གཅིག་དང་གཉིས་གསུམ། གཡས་ནས་མེ་ལྕེ་སྤོར་དུས་གཡོན་ནས་ལྷིང་འཇགས། གཡོན་ནས་མེ་ལྕེ་སྤོར་དུས་གཡས་ནས་ལྷིང་འཇགས། ད་དུང་ཆེས་ཉུང་བའི་མི་རིགས། སྤྱིར་ན་གྲང་ཉུང་བ་ཙམ་གྱིས་སྐྱོན་ཆེར་མེད། མེ་སྟག་ཕྲ་མོས་ཀྱང་རྩ་ཕུང་རི་རབ་ཙམ་སྲེག་གིས་ཡོད་པས་རེད།

    Reply
  3. མྱི་ནག་ཚང་། says:
    ལོ་ 15 སྔོན།

    ཁྱེད་གཅིག་པུར་འདི་ལྟའི་ཡིད་ཆེས་ཤིག་ཡོད་པ་དེས། ཁྱེད་ལ་ཡིད་ཆེས་མཁན་གྱི་མི་ཁྲི་སྟོང་ཞིག་ལ་ཡིད་ཆེས་སྐྲུན་ཐུབ་གི་རེད། མི་དེ་དག་ལ་ཡིད་ཆེས་མཁན་གྱི་ཁྲི་སྟོང་དེ་སྡེབ་སྣོན་བྱས་ན་ད་གཟོད་ང་ཚོ་ཚང་མར་ཡིད་ཆེས་ཀྱིས་ཁེངས་པ་མ་རེད་དམ།

    Reply
  4. ཁྱུང་དཀར says:
    ལོ་ 15 སྔོན།

    རྒན་ཆབ་བྲག་ལགས་ལ་ལེགས་སོ་ཞུ་བ་དང་ཆབས་གཅིག་ང་ཚོའི་སྤྱི་ཚོགས་ལ་སྐྱོན་ཆེ་ཤོས་ཤིག་ཡོད་པ་ནི་བཤད་མཁན་ལས་བསྒྲུབ་མཁན་ཧ་ཅང་ཉུང་། དེས་རྒྱུ་རྐྱེན་ཡང་སེམས་ཤུགས་ཆེ་མདོག་དང་རྔམ་མདོག་གིས་ཕ་ཡུལ་དང་ཕ་ཡུལ་གྱི་གོད་ཆགས་འཆད་ལ་མཉེས་ཀྱང་། དོན་ངེས་སུ་ལག་ལེན་གྱི་དབུ་འགྲེངས་མཁན་ཉུང་ངུ་ཡིན་པས་སློབ་སྦྱོང་གི་ཤེས་ཚད་དམའ་བའི་མི་དམངས་བྱིངས་ལ་རང་ཉིད་འགུལ་ཚད་ཀྱི་བརྙན་གཟུགས་མ་བསྐྲུན་ན་མཐོང་གི་མེད། འདི་ནི་ལག་ལེན་ལ་གོ་ཡི་ཡོད། གལ་སྲིད་ཁྱེད་རང་དམག་དཔོན་ཞིག་ཡིན་དུ་བཅུག་ན་དམག་དཔུང་དང་མཉམ་བསྐྱོད་བྱ་རྒྱུ་གལ་ཆེན་ཞིག་ཏུ་མཐོང་།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མདང་དགོང་ཤར་རྒྱག་བྲིས་རྗེས་བམ་ཀློག་ཐེངས་གཅིག་བྱས་མོད། ཆད་ལྷག་ཏོག་ཙམ་རེ་ཤོར་འདུག་པས་ད་ནངས་ཞུ་དག་བྱས་ཡོད། ཞུ་དག་ཟིན་པའི་མ་ཡིག་འདི་ན་ཡོད།
    http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/
    རྣམ་པ་ཚོ་རྒྱལ་རྔ་མཉམ་དཀྲོལ་ལ་ཕེབས་པར་དགའ་བསུ་དང་བཀའ་དྲིན་ཆེ་ཞུ། མུ་མཐུད་དེ་སོ་སོའི་ས་ནས་འཕག་འཚག་མི་འཆད་པར་རྒྱག་རོགས།

    Reply
  6. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    རྒན་ཆབ་བྲག་པ་ལགས། མུ་མཐུད་དམག་སྤྱིར་བཞུགས་ནས་བཀོད་འདོམས་གནང་རོགས། གནམ་ས་སྒུལ་བའི་མི་རིགས་མཉམ་འབྲེལ་གྱི་ཞི་རྒོལ་ཆེན་མོ་ཞིག་ལ་ཤུགས་རྒྱོབ་དང་ང་ཡང་ཁྱོད་ཀྱི་དམག་མི་དཀྱུས་མ་ཞིག་ཡིན། གལ་ཏེ་ཁྱེད་ཀྱིས་ང་ལ་མེ་མདའ་ཞིག་སྤྲད་ན་ངས་ཀྱང་རྒྱོབ་ས་ཞིག་ལ་རྒྱག་ཁོ་ཐག་ཡིན་ལོ། ཨ་ལ་སྐུ་རྩེད། རྒན་ལྷ་མོ་ཁྱེད་ཀྱི་དཀྱེལ་ཡངས་ཀྱི་དགོངས་ཚུལ་ལ་ང་ཤིན་ཏུ་མོས།

    Reply
  7. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    རྔ་ཆེན་རོལ་དབྱངས་ཞེས་པ་ནི་འདས་པོ་སྙན་ངག་པ་ཡི་དམ་ཚེ་རིང་མཆོག་གི་སྙན་ངག་སྐད་གྲགས་ཅན་ཞིག་གི་ཁ་བྱང་ཡིན་པ་དང་།ཆབ་བྲག་གིས་ཆབ་སྲིད་གླེང་སློང་བྱ་བྱེད་ཀྱི་ཁ་བྱང་དུ་ལུང་འདྲེན་ཙམ་མེད་པར་བཀོད་པ་དེ་ཡག་པོར་མ་མཐོང་།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    བཀུར་འོས་རྒན་ལྷ་མོ་ལགས། ཁྱེད་ཀྱིས་བློས་བསླངས་བྱས་པའི་རི་སྤྱང་གི་སྒོ་ཟོག་རྣམས་ད་ནི་རང་རང་ས་ན་མེ་བོངས་རེར་གྱུར་ནས་མངོན་ཡོང་གིན་འདུག་པས། ད་ནི་ཁྱེད་ཀྱིས་རི་སྤྱང་གི་སྒོ་ཟོག་མཇུག་མཐུད་ན་ཡག་པར་འདོད། དེ་ནི་ཁྱོད་དྲ་ཐོག་འདིར་དམག་དཔོན་ཞིག་གི་ཚུལ་དུ་ཕེབས་སྟངས་ཡང་རེད་ལ།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    མཐུན་འབྲེལ་ཟེར་ནས་བཅོས་རོགས་དགོངས་དག

    Reply
  10. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    མཐུན་སྒྲེལ་གྱི་ལག་གདང་བསྒྲིལ་ནས།།
    ལྷ་ཡི་རྔ་བོ་ཆེན་རྡུང་ཤིག
    ཁ་ཁོག་མེད་པར་ངོ་ལྐོག་མེད་པར།
    མགོ་དབུ་ཁྲིད་དང་།
    འོག་བྱིས་པ་ཡན་ཆད་ཀྱིས་རྡུང་ཤིག
    ད་རྡུང་ཤིག།
    དྲག་རུ་རྡུང་ཤིག
    རྔ་སྐད་བྲག་ལ་མ་འགྱུར་བར་དུ་རྡུང་ཤིག
    རྔ་དབྱུག་དུམ་བུ་མ་ཞིག་བར་དུ་རྡུང་ཤིག

    Reply
  11. རང་དབང་རྒྱལ། says:
    ལོ་ 15 སྔོན།

    བཀུར་འོས་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་དོན་ལ་འཁེལ་བའི་ཆེད་རྩོམ་ཞིག་སྤེལ་འདུག་པ་ལ་ཡི་རངས་ཞུ།
    ངོ་མ་རེད།
    འདི་ལོར་བོད་ནང་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་བྱེད་དུས། རྒྱ་གཞུང་གི་དགོས་མཁོ་བསྒྲུབ་མཁན་བོད་མི་མང་སེ་ཞིག་བྱུང་སོང་། དཔེར་ན། ཁ་བརྡ་དྲ་བ་སོགས་ཀྱིས་ཞིབ་མོར་གཟིགས་ཡོད་མཁན་ཞིག་ཡིན་ན། གསལ་ཐང་ཐང་རེད།
    ཁོ་ཚོའི་ཀུན་སློང་ཡག་སྡུག་བཤད་མི་ཤེས་ཀྱང་སྤྱོར་བའི་གྲུབ་འབྲས་འབབ་ས་ནི། རྒྱ་གཞུང་གི་དགོས་མཁོར་གྱུར་ཡོད་པ་དེ་རེད། སྤྱིར་ན། བོད་མི་རིགས་འདིའི་བྱུང་བ་དང་ད་ལྟ་བ་ཡིན་དང་ཡིན། མ་འོངས་པ་དེ་འདྲ་ཞིག་ཡིན་ན། བོད་ཀྱི་དཀའ་ངལ་འདི་བོད་མིས་སེལ་ཐུབ་མིན་དོགས་པ་ཆེན་པོ་འདུག
    དཔེར་ན། ཁག་ཅིག་བློས་བཏང་གིས་ལས་འགུལ་སྤེལ་སྐབས་རེ་ཤས་ཀྱིས་ལྟད་མོ་བལྟ་བའི་ལུགས་སྲོལ། ཡང་འགའ་ཤས་ལ་སེམས་ཤུགས་ཡོད་ཀྱང་། ཁ་ཅིག་ལ་སེམས་ཤུགས་མ་དགོས་བོད་དོན་ཟེར་བ་འདི་གང་ཞིག་ན་འགྲོ་གི་ཡོད་པ་དང་ཅི་ཞིག་ཡིན་མིན་སོགས་གསལ་ཆ་མེད་མཁན་མང་དག་ཅིག་འདུག
    སོང་ཙང་། བོད་མི་ངོ་རེ་མི་རེ་ནས་རང་ཉིད་ལ་བསྐྱར་ཞིབ་ཅིག་བྱས་ནས། མདུན་དུ་ཐོན་རན་པའི་དུས་ཚོད་གལ་ཆེན་ཞིག་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese