མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདུང་སེམས་མཉམ་སྐྱེད་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཉི་ཧོང་དང་ཐེ་ཝན། ཨ་རི་བཅས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་གི་གནས་བབ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་འདུག

ཁ་སང་ཐེ་ཝན་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱིད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། མི་ ༡༡ ཙམ་གྱིས་མགོ་སྐྲ་བཞར་ཏེ་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་སྐུལ་སྤེལ་ཚོགས་པའི་མགོ་ཁྲིད་ཀྱིས་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བདེན་རྫུན་གང་ཞིག་བྱས་ཀྱང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཧ་ཅང་སྐྱོ་བོ་ཡིན་པ། ཉིན་འདི་གར་བོད་ནང་སྔ་འབྱུང་བཞིན་པའི་གནས་ཚུལ་དེ་དག་གིས་གསལ་བོར་བཤད་ཡོད་ཅེས་བརྗོད་ཡོད།

དེ་བཞིན། ཉི་ཧོང་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་ཇོན་ཇི་ནང་པའི་ལྷ་ཁང་དུ་ཉི་ཧོང་ས་གནས་བོད་རིགས་ཚོགས་པ་དང་། ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་པའི་དམ་དྲག་གི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ནང་རང་དབང་དགོས་པ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་བཅས་ཀྱི་འབོད་ཚིག་འོག བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དག་ལ་མཆོད་འབུལ་སྨོན་ལམ་གནང་ཡོད་འདུག སྐབས་དེར་ཉི་ཧོང་ནང་པའི་མཐུན་ཚོགས་ཀྱི་མཁན་པོ་སྐུ་ཞབས་ཀོ་བྷ་ཡ་ཤི་མཆོག་གིས་བོད་ནང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། ཉི་ཧོང་གསར་འགྱུར་བརྒྱུད་ལམ་ཁག་གིས་གསལ་སྟོན་མ་བྱས་པའི་གནས་སྟངས་དེར་བློ་ཕམ་སྐོར་བརྗོད་ཡོད་འདུག

ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བཅས་ཀྱིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་སྒྲོན་མེ་སྤར་བ་དང་། བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བཅས་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧

མཆན། 1

  1. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཕལ་ཆེར་བོད་པ་གང་དུ་ཡོད་པ་དེར་ལས་འགུལ་རེ་ཡོད་པ་ཐག་ཆོད་པ་འདྲ་བོ་རེད། ང་ཚོ་ཡོད་སའི་ཝན་ཁོ་ཝར་ནས་དེ་དགོང་དུས་ཚོད་དྲུག་པ་ནས་བརྒྱད་དང་ཕྱེད་ཀ་བར་དུ་རྒྱ་གཞུང་གི་དོན་གཅོད་ལས་ཁུངས་ཀྱི་སྒོ་ཁ་ནས་མར་མེ་སྒྲོན་ཞིང་། བོད་ཀྱི་རྒཉཡལ་དར་དང་དར ལྕོགས་ཀྱིས་ཁྲ་གྱིག་གེར་སྒར་བཏབ་ནས་བསྡད་པ་ཡིན། མ་གཞི་ས་འདིར་བོད་པ་ཉུང་ཉུང་ཡིན་ཡང་། ཉུང་བའི་ཚོད་ཀྱི་མང་པོ་བསླེབས་འདུག ང་ཚོར་ད་དུང་ལས་འགུལ་མང་པོ་བང་སྒྲིག་ནས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese