མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“གདུང་སེམས་མཉམ་སྐྱེད་ལས་འགུལ་གནས་སྐབས་རིང་མཚམས་འཇོག་རྒྱུ་ཡིན”

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔོ་དྲོར་བོད་རིགས་གཞོན་སྐྱེས་ཚོས་མི་མང་སྣེ་ཁྲིད་དེ་རཱམ་ལེ་ལཱ་མེལ་ཏཱན་ཐང་ཆེན་ནས་ཇཱ་ཏན་མན་ཏར་བར་གོམ་བགྲོད་སྐད་འབོད་གནང་ཡོད་ལ། ཉིན་རྒྱབ་རྒྱ་གར་གནད་ཡོད་མ་སྣས་གཏམ་བཤད་དང་བོད་ཀྱི་ཟློས་གར་ཚོགས་པས་རྒྱལ་ཞེན་གླུ་གཞས་བཏང་རྗེས། སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གནས་སྐབས་རིང་མཚམས་འཇོག་གནང་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་སོང་།   

དེ་རིང་ཕྱི་ཚེས་ ༢༡ ཉིན་སྟེ། བཀའ་སྤྱི་གཉིས་ཀྱིས་གོ་སྒྲིག་གནང་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་མཐའ་མའི་ཉིན་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་སྣེ་ཁྲིད་འོག  སྤྱི་འཐུས་རྣམ་པ་གཙོས་པའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མ། སློབ་ཕྲུག སེར་སྐྱ་མི་མང་ ༣༥༠༠ བརྒལ་བའི་ལག་ཏུ་འཕྲེད་དར་འདྲ་མིན་འཕྱར་བ་དང་མཉམ་དུ་བོད་རང་བཙན་ཡིན། བོད་ནང་དྲག་གནོན་མཚམས་འཇོག་དགོས། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། རྒྱ་མི་བོད་ནས་མཐར་སྐྲོད་གཏོང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་དགོས་ཞེས་འབོད་ཚིག་སྒྲོག་བཞིན་ལྡི་ལི་རཱམ་ལེ་ལཱ་མེལ་ཏཱན་ཐང་ཆེན་ནས་ཇཱ་ཏན་མན་ཏར་བར་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད།

ལས་འགུལ་ཐོག་ཧི་མ་ཅལ་མངའ་སྡེའི་སྲིད་བློན་ཟུར་པ་དང་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤན་ངྷར་ཀུ་མེལ་མཆོག་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སྐུ་ཞབས་བྷེལ་རྗེ་ཀུལ་ཤན་མཆོག གསར་འགོད་པ་དང་གྷན་ངྷིའི་ལྟ་གྲུབ་ཀྱི་ཉམས་ཞིབ་པ་སྐུ་ཞབས་ཨ་བྷེ་ཤཱ་ཀུ་མུར་མཆོག རྒྱ་གར་གྱི་ཝེ་ཤི་ཝ་ཧིན་རྡུ་ཆོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་བྷ་ཀེལ་ཤིན་མཆོག  བོད་དོན་རྒྱབ་སྐྱོར་བ་ཊོག་ཊར་མཱ་ཧེ་ཤཱ། གཞས་པ་ལ་དྭགས་ཕུན་ཚོགས་ལགས་བཅས་གནད་ཡོད་མི་སྣ་ཁག་མཉམ་ཞུགས་ཀྱིས་བོད་ཀྱི་གནད་དོན་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་དང་མཐུན་རྐྱེན་བསྐྲུན་འཆར་ཡོད་པའི་གཏམ་བཤད་གནང་སོང་ལ། གཞས་པ་ལ་དྭགས་ཕུན་ཚོགས་ལགས་ཀྱིས་བོད་མི་ཚོར་རྒྱབ་སྐོར་མཚོན་ཆེད་རྒྱལ་ཞེན་གྱི་གླུ་གཞས་བཏང་སོང་།    

 

ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་རྒྱལ་ཞེན་གྱི་གླུ་གཞས་བཏང་ཞིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་མཇུག་བསྡོམས་གཏམ་བཤད་ནང་། ཉེ་ཆར་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ཕྱི་ཚེས་ ༡༣ ཉིན་ནས་ཚོགས་ཆུང་ཁག་ ༨ དང་ལྡི་ལིར་ཡོད་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་མཉམ་རུབ་ཐོག་རྒྱ་གར་གནད་ཡོད་མི་སྣར་ཐུག་འཕྲད་དང་གདན་ཞུ། མི་མང་སྣེ་ཁྲིད་ཐོག་ལས་འགུལ་སྤེལ་བ་འདིས་བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་སྟེང་གསལ་སྟོན་དང་བཙན་བྱོལ་བོད་མི་ཚོར་སེམས་ཤུགས་འཕར་མ་ཞིག་སྐྱེད་ཐུབ་པའི་ནུས་པ་ཐོན་ཡོད་སྐོར་ངོ་སྤྲོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ད་ལྟའི་བར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་དང་བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་སྡུག་ཐད་ལ་ཕྱག་ལས་གནང་བཞིན་ཡོད་པ་དང་། ཐེངས་འདིར་མི་མང་མཉམ་ཞུགས་ཀྱི་ལས་འགུལ་དེ་ཐོག་མའི་འཆར་གཞི་ལྟར། ཉིན་འདི་དག་གི་རིང་དགའ་སྒོམ་བྱ་འོས་པ་ཞིག་ཆགས་ཡོད་ཚུལ་སོགས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གནས་སྐབས་རིང་མཚམས་འཇོག་བྱ་རྒྱུའི་གཏམ་བཤད་གནང་སོང་།

 

ཁོང་གིས་མུ་མཐུད་དུ་བོད་ནང་གི་བོད་མི་ཚོར་ཆེད་དུ་གསུངས་དོན། “ ད་ལྟའི་བར་བོད་ནང་གི་བོད་མི་ཚོར་ལྷག་བསམ་དང་སྙིང་སྟོབས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་བོད་མིའི་བདེན་དོན་ཆེད་ལུས་སྲོག་བློས་གཏོང་གི་ལས་འགུལ་སྤེལ་བ་དེར་ང་ཚོའི་ངོས་ནས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཁྱེད་རང་ཚོའི་བློས་གཏོང་ཆེན་པོ་དེ་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ནང་གསེར་ཡིག་འགོད་དགོས་པ་ཞིག་ཆགས་ཡོད། ང་ཚོའི་ངོས་ནས་དུས་ནམ་ཡང་ཁྱེད་ཚོའི་བློས་གཏོང་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། མ་འོངས་པར་ཡང་བོད་ནང་གི་བོད་མི་ཚོས་བོད་མི་རིགས་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ཉིད་ལ་འཁྲི་བའི་ལས་དོན་དང་རང་ནུས་ཡོད་རྒུའི་ཐོག་འབད་བརྩོན་ཞུར་འབོད་སྐུལ་ཞུ་རྒྱུ་ཡིན ” ཞེས་ཐེངས་འདིའི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ནས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་བར་བསྔགས་བརྗོད་དང་། ཐེངས་འདིའི་ལས་འགུལ་བརྒྱུད་དེ་འབོད་སྐུལ་དོན་ཚན་ ༦ ཞུས་ཡོད་པ་མུ་མཐུད་རྒྱུན་འཁྱོང་བྱ་དགོས་པའི་རེ་འདུན་བཅས་བཏོན་སོང་།  

 

ཐེངས་འདིའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཐོག་བོད་མི་མང་སྤྱི་འཐུས་རྣམ་པས་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་དང་། ཕྱི་ཚེས་ ༡༨ ཉིན་ནས་བཟུང་ཉིན་གསུམ་རིང་མེས་པོ་དམ་པ་གྷན་ངྷི་མཆོག་གི་བང་སོ་ནས་དགེ་འདུན་པའི་སྣེ་ཁྲིད་འོག་ཉིན་གཅིག་གི་གོམ་བགྲོད་དང་། བུད་མེད་དང་གཞོན་སྐྱེས་ཀྱི་སྣེ་ཁྲིད་འོག་ཉིན་གཉིས་རིང་རཱམ་ལེ་ལཱ་མེལ་ཏཱན་ནས་ཇཱ་ཏར་མན་ཏར་བར་གོམ་བགྲོད། རྒྱ་གར་གྱི་ཆོས་ལུགས་ཁག་གི་དབུ་ཁྲིད་ ༩ ཙམ་གྱིས་གདུང་སེམས་མཉམ་སྐྱེད་ཀྱི་མཚན་རྟགས་བཀོད་པ། དེ་བཞིན། ཉིན་གསུམ་རིང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། ཁྲིམས་ལུགས་མཁས་དབང་། ཆབ་སྲིད་ཚོགས་པའི་དབུ་ཁྲིད། སློབ་ཕྲུག་ཚོགས་པའི་སྐུ་ཚབ་བཅས་མི་སྣ་ ༢༠ ལྷག་གིས་གཏམ་བཤད། ཕྱོགས་མཐའ་ཁག་ནས་ཕེབས་པའི་དགེ་འདུན་པ་ ༦༠༠ གཙོས་པའི་རྒྱ་བལ་འབྲུག་གསུམ་གྱི་མི་མང་ ༣༥༠༠ ལྷག་མཉམ་ཞུགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་པ་རྣམ་དང་གཞིས་ལུས་བོད་མི་ཚོར་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་སྐོར་བཅས་གནང་ཡོད།

ལྡི་ལི་ནས་གསར་འགོད་པ་དོན་གོ

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 11

  1. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    གྲོགས་པོ་རྣམས་པ་
    ལས་འགུལ་གནས་སྐབས་མཚམས་འཇོགས་བྱས་པར་སྐྱོན་ཆེན་པོ་མེད་།
    སྐྱོན་ཆེ་བ་ནི་ང་ཚོའི་ལས་འགུལ་ལ་རྣམ་པ་གསར་པ་མེད་པས་རྒྱལ་སྤྱིའི་མི་མང་ཚོས་དོ་གནང་ཆན་པོ་གནང་གི་མེ་འདུག
    ངས་བསམ་ན་ང་ཚོས་རྣམ་པ་གསར་པའི་ལས་འགུལ་ངེས་པར་དུ་དཔིལ་དགོས།

    Reply
  2. རིག་བཟང་། says:
    ལོ་ 14 སྔོན།

    ང་ཚོའི་ལས་འགུལ་ནི་ནམ་ཡང་མཚམས་འཇོག་མི་རུང་ང་ཚོའི་བཙན་འབྱོར་ནང་ལས་འགུལ་ཆེ་ཆུང་གང་ཡིན་ཡང་ཚོགས་སྡེ་ག་གེ་མོ་ཞིག་གི་འཛད་སྒོ་བྱས་པ་བཞིན་ཉིན་མ་གཅིག་གཉིས་ཞིག་ལ་འོར་ལང་ནས་དེ་ནས་བཟུང་ཡང་ལོ་དང་ཟླ་བ་ལ་གོ་རྒྱུ་མེད་པར་གྱུར་འགྲོ་གི་འདུག་ད་དུང་མི་མཐུད་ནས་དེ་འདྲ་བྱས་པ་ཡིན་ན་བོད་ནང་གི་མི་རྣམས་སེམས་ཤུག་ཆགས་པ་དང་བོད་ཀྱི་བདེན་མཐའ་གསལ་དཀའ་མོ་རེད་ལས་ག་རེ་བྱས་པ་ཡིན་ནའང་ཆེ་ཆུང་ལ་མ་ལྟོས་པ་གྲུབ་འབྲས་མ་ཐོན་བར་རྒྱུན་སྐྱོང་དགོས་པ་གར་ཆེ་པོ་ཡིན།

    Reply
  3. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    གྲོགས་པོ་རྣམས་པ་སང་ཉིན་དུས་བབ་ལོ་ལྟོས་དང་ལས་འགུལ་མཚམས་འཇོགས་བྱས་མེད་པ་ཤེས་ངེས།

    Reply
  4. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    གནས་་སྐབས་མཚམས་འཇོགས་བྱས་པ་ཞེས་པའི་དོན་ལ་བསམ་ན་།
    ལྡེ་ལིར་གནང་བཞིན་པའི་ལས་འགུལ་ལ་བསམ་པ་ལས་སྤྱི་ལ་བསམ་ན་མི་ལེགས།
    ང་ཚོའི་བྱ་་བ་ཡོད་ཚད་ལས་འགུལ་ཡིན་པ་ཤེས་དགོས་པ་གནད་ཀྱི་དམ་པའོ།

    Reply
  5. དོན་འགྲུབ་ says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཞོན་གྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གནས་སྐབས་འཚམས་འཇོག་གནང་གི་ཡིན་པ་གསུང་འདུག ཨ་ཙི་ཁྱད་མཚར། མུ་འཐུད་ལས་འགུལ་གཞན་སྤེལ་དགོས་པ་ལས་དལ་སྡོད་བྱས་པས་ལ་དག་གམ། བོད་ནང་གི་ཛ་དྲག་གི་གནས་སྟངས་མ་བརྗེད་པའི་ཐོག་ནས་སྤྱི་འཐུས་རྣམས་ཀྱིས་དབུ་འཁྲིད་པའི་ཐོག་ནས་ང་ཚོའི་ལས་འགུལ་མུ་འཐུད་གྲོད་མ་ཡལ་བར་རྒྱ་གར་རྒྱལ་ས་ཆེ་ཁག་གཙོས་པའི་རྒྱལ་སྤྱིའི་སྟེང་སྤེལ་དགོས་པ་གལ་ཆེ་བས་ལས་འགུལ་འཆར་གཞི་བསྒྲིགས་རོགས་གནང་། དབུ་འཁྲིད་རོགས་གནང། ཐུགས་འགན་བཞེས་རོགས་གནང། རྒྱ་ཆེ་མི་མང་རྣམས་ཨང་སར་ཡིན།

    Reply
  6. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    དུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདི་མི་སྒེར་གྱི་ངོས་ནས་ཉི་མ་བརྒྱ་ལ་ངུས་ཀྱང་མ་ངུ་ཟེར་མཁན་ཞིག་ཡོད་ནི་མ་རེད།
    འོན་ཀྱང་སྤྱི་པའི་སྒྲིག་འཛུགས་ཆེན་པོ་ཞིག་གིས་སྣེ་ཁྲིད་པའི་ཆ་ནས་འགུལ་འདི་མགོ་འཛུགས་པའི་དུས་ཚེས་ཤིག་དང་མཇུག་བསྡུ་བའི་ས་མཚམས་ཤིག ཡང་ན་གནས་སྐབས་བབ་བསྟུན་གྱི་མཚམས་མཇོག་སོགས་ཀྱི་བཀོད་ཁྱབ་ཡོད་པ་འདི་ལས་འགུལ་ལ་མགོ་རྔ་ཡོད་པ་མཚོན་གྱི་ཡོད་པོ་རེད།
    དངོས་གནས་ཡིན། ད་ཐེངས་ངས་སུ་ཞིག་ལ་རྒྱབ་སྐྱོར་གྱི་སྒྲུབ་བྱེད་འགོད་ཀྱིན་མེད་ན་ཡང་། མ་གཞི་ང་ཚོའི་དྲ་གྲོགས་ཧ་ཅང་མང་པོ་ཞིག་སེམས་པ་རྣལ་དུ་ཕབ་ནས་སྐད་ཆ་བཤད་པ་དང་། མི་སྒེར་གྱི་ཚོར་བ་དང་དངོས་ཡོད་ཀྱི་གནས་སྟངས། སྒྲིག་འཛུགས་ཀྱི་འགྲོ་སྟངས་སོགས་ཀྱི་ཁྱད་པར་དབྱེ་བ་ཕྱེས་ནས་བསམ་ཤེས་དང་ཉམས་མྱོང་ཡོད་པའི་བཀའ་མོལ་ཧ་ཅང་ཉུང་ཉུང་ལས་གནང་གིན་མི་འདུག
    དེའི་ཕྱིར་ང་ཚོའི་སྒེར་གྱི་བསམ་བློའི་འཆར་སྒོ་དང་། སྤྱི་ཚོགས་དང་སྒྲིག་འཛུགས་སོགས་ཀྱི་དངོས་ཡོད་ཀྱི་འགྲོས་ཀྱི་བར་སྟོང་ངམ་མི་འདྲ་བའི་རང་བཞིན་སོགས་ལ་རྟག་ཏུ་བསམ་ཐུབ་ན་དེ་ནི་མཐར་གཏུགས་ན་སྒེར་ལ་ཧ་ཅང་གལ་ཆེ་བ་ཡིན།

    Reply
  7. གཡུ་རྔོགས། says:
    ལོ་ 14 སྔོན།

    རྒྱུ་མཚན་ཅི་ཞིག་གི་དབང་གིས་གནས་སྐབས་རིང་མཚམས་འཇོག་དགོས་བ་བྱུང་བ་ཡིན་ནམ། གདུང་སེམས་མཉམ་བསྐྱེད་ཞེས་བའི་སྐད་ཆ་འདི་དུས་ཡུན་ཚད་འཇལ་བྱེད་ཀྱི་ཡོ་ཆས་ཞིག་མ་རེད།
    བཀའ་སྤྱི་ལྷན་རྒྱས་དང་འབྲེལ་ནས་དབུ་བརྩམས་པའི་ལས་འགུལ་འདི་ཅི་འདྲའི་བློ་ཡིད་དུ་མི་ཤོང་བ་ཞིག་རེད་ཨང་།མེ་འབར་སྟངས་ལ་བསྟུན་ནས་ཕུ་བཏབས་པ་ལྟ་བུའི་འཐབ་རྩོད་རིམ་པ་འདི་རིགས་བརྟེན་ནས་བདེན་མཐའ་ཅི་ལྟར་སེལ་ཐུབ་བམ། བོད་ནང་གི་གཏོང་ཕོད་ཅན་དག་སྐྱིད་ཀྱང་སྡུག་རུང་།རང་ནུས་ཀྱིས་མེ་ལྕེ་ལྷབ་ལྷབ་རེ་བའི་སྣེ་མོ་ལ་འབྱར་ནས་ཐོན་བཞིན་པ་མིན་ནམ།
    དེ་རིང་ནས་བཟུང་བཀའ་སྤྱི་ལྷན་རྒྱས་གཙོ་བྱས་བའི་བཙན་བྱོལ་བ་འུ་ཅག ཇི་སྲིད་དུ་གོ་མེད་ཚོར་མེད་དུ་མགོ་བོ་གང་ལ་སྤས་ནས་བསྡད་རུང་། དེ་སྲིད་དུ་གདོང་བ་དེ་ཚ་ལམ་ལམ་ཡིན་ངེས་ལ།ཅི་ལྟར་རང་དབང་ལུང་བ་ནས་ཁ་ཤོམ་ཆེ་ན་དེ་ལྟར་གདོང་གི་སྐྱི་པགས་མཐུག་པོ་ཡིན་པའི་རྟགས་རེད།
    ཕྲན་རང་བཙན་བྱོལ་ལ་ཡོང་ནས་མི་ལོ་བཅུ་ལྷག་ཕྱིན་སོང་མོད། བོད་ནང་གི་ཛ་དྲགས་ཀྱི་གནས་སྟངས་རེ་རེ་བཞིན་གངས་ཅན་སྐྱིད་གཤོངས་ནས་རྡ་ཤོད་བར་ཀྱི་གོམ་བགྲོད་ཁྲོད་ལྷག་སོང་བ་ཤ་སྟག་ཡིན།

    Reply
  8. རིན་འཕེལ། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་པ་ལགས། སྐུ་ཉིད་ནས་བློ་འཚུབ་ཆེ་ཤོས་གནང་སྟངས་ཅུང་ནོར་ཡོད་པ་འདྲ། ད་ལན་གྱི་ལས་འགུལ་ཆེས་ཤོས་ནི་བཀའ་སྤྱི་གཉིས་ནས་སྣེ་འཁྲིད་ཡིན་པ་ལ་རྒྱུས་ལོན་གནང་བའི་ཐོག་་་་་ཚེས་བཅུ་དགུའི་ཉིན་རྡ་ས་ཐེགས་ཆེན་གཙུགས་ལག་ཁང་དུ་གོང་ས་སྐྱབས་མགོན་མཆོག་དང་། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ། བཀའ་ཟུར་ཀིརྟི་རིན་པོ་ཆེ་སོགས་གདན་འདྲེན་ཞུས་པ་མ་ཟད་མི་མང་ལྔ་སྟོང་ལྷག་འཛོམས་པའི་ཐོག་བོད་ནང་གི་ཛ་དྲག་་གི་གནས་སྟངས་སྐྱོབས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དབུས་རྒྱ་གཞུང་བཅས་ལ་འབོད་བསྐུལ་གསུངས་བཤད་གནང་བ་སོགས་མ་མཐོང་ངམ། མི་འགྱིངས་པར་ཡོ་རབས་དང་ཨ་རི་སོགས་ལ་ཕེབས་ནས་བོད་དོན་རྒྱབ་བསྐྱོར་འབྲེལ་མཐུད་ཀྱི་མཛད་འཕྲིན་བསྐྱང་ལ་ཉེ། བརྣན་གྱིས་ཞུ་རྒྱུ་ཞིག་ལ། ང་རང་ཚོས་འགོ་བ་ང་ཚོས་གུས་བཀུར་དང་ཆེ་མཐོང་མ་སྤྲད་ན་དུས་རྣམ་ཡང་རྒྱ་ནག་གཞུང་གི་སྤྲད་མི་སྲིད་དོ། རྒྱ་ནག་གཞུང་གིས་ཉིན་མཚན་དུས་དྲུག་ཏུ་ང་ཚོས་འགོ་བ་དང་ང་ཚོས་ཕྱོགས་ཀྱིས་སྐྱོན་ཆ་གང་རག་ལ་ནུས་པ་ཡོད་དགུ་བཏོན་ནས་ལྟ་རྟོགས་བྱེད་ཀྱིན་ཡོད་སྟབས། ང་ཚོས་ངེས་པར་དུ་ཁོང་ཚོས་འདོད་ཐོག་ཏུ་གཏོང་མི་རུང་ལགས། རྗེས་མ་ནས་སྐད་ཆ་བཤད་དུས་གཟའ་གཟའ་གནང་རོགས།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དྲ་གྲོགས་རང་དབང་རྒྱལ་གྱིས་གསུངས་པ་བདེན་པ་རེད། ང་ཚོས་བདེན་མཐའ་མ་གསལ་བར་དུ་ལས་འགུལ་མཚམས་འཇོག་བྱས་ན་འགྲིག་ཐབས་མེད། སྐད་འབོད་དང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རེ་ཞིག་འཇུག་བསྡུས་ཀྱང་ལས་འགུལ་ལ་རྣམ་གྲངས་མང་པོ་ཡོད། དཔེར་ན་འཛམ་གླིང་གི་གནད་ཡོད་མི་སྣ་དང་དཔོན་རིགས་ཁག་ལ་བོད་ཀྱི་དངོས་ཡོད་གནས་ཚུལ་ར་སྤྲོད་བྱེད་རྒྱུའི་མཚོན་པའི་ལས་འགུལ་མང་པོ་ཡོད། དེར་བརྟེན་ཇི་སྲིད་བོད་ཀྱི་གནས་སྟངས་འགྱུར་བ་མ་སོང་བ་དེ་སྲིད་དུ་མཚམས་འཇོག་གནང་རྒྱུ་མི་འདུག

    Reply
  10. བསྟན་པ། says:
    ལོ་ 14 སྔོན།

    བློ་འཚུབ་ཆེ་ཤོས་ནི་ད་ཐེངས་བཀའ་ཁྲི་བློ་སེང་ཛ་དྲག་གི་ལས་འགན་ལ་མཉམ་ཞུགས་མ་བྱས་བ་དེ་ལ་བློ་ཕམ་ཞེ་དྲག་ཆེན་པོ་ཡོད། བདག་གིས་གོ་ཚོད་ལྟར་ན་མཛད་སྒོ་མང་པོ་ཞིག་ལ་ཕེབས་བཞིན་པ་གོ་སོང་། བདེན་ན་ཞབས་འདྲེན་རེད། དེང་སང་བཀའ་ཁྲིའི་ག་རེད་བྱེད་ཀྱིན་ཡོད་པ་གོ་མཁན་ཡོད་ན་བཤད་རོགས་མཁྱེན།

    Reply
  11. རང་དབང་རྒྱལ། says:
    ལོ་ 14 སྔོན།

    གསར་འགོད་པའི་དུས་ཐོག་ཏུ་གསར་འགྱུར་སྤེལ་བར་དགའ་སོང་།
    མ་གཞི་བྱས་ནས། བཙན་བྱོལ་བ་ཞིག་ལ་མཚོན་ན། ལས་འགུལ་མཚམས་འཇོག་ཟེར་བ་ཞིག་ཡོད་རྒྱུ་མ་རེད་དེ། ལས་འགུལ་ལ་རིགས་མང་པོ་ཡོད་དུས། སྐད་འབོད་དང་ཞི་བའི་གོམ་བགྲོད་བྱེད་རྒྱུ་སོགས་མཚམས་བཞག་རུང་། སྐྱོན་རྒྱུ་མ་རེད་དེ། སྤྱིར་བཏང་ནས། ལོ་ངོ་ལྔ་བཅུའི་བྱུང་རབས་ལྟར་འཛིན་རྒྱུ་ཅི་ཡང་མེད་པའི་ཕྱོགས་སུ་མི་བསྐྱོད་རྒྱུ་གལ་ཆེན་དོན་ཆེན་རེད། མ་གཏོགས་བཙན་བྱོལ་གཞུང་མང་གཉིས་ཀྱི་སྐད་ཡིག་གི་གནས་ཚད་སྐྱོ་བོ་འདི་དང་། རིག་གཞུང་དར་སྤེལ་གྱི་གྲུབ་འབྲས་འདི། རིག་དུས་ངོ་མ་སེམས་ཕམ་དགོས་པ་ཞིག་མ་རེད་དམ།
    ད་ཡིན་ན། མི་མང་གི་དབུ་ཁྲིད་གསར་བའི་ངོས་ནས་རང་འགན་ཞིག་བླངས་ནས། སྐྱབས་བཅོལ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་གསལ་དུ་བཏང་ནས། བོད་རྒྱའི་དཀའ་རྙོག་འདི་སེལ་ཐབས་ལ་མཐའ་གཅིག་ཏུ་འབད་དགོས་པ་གལ་ཆེན་ཞིག་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese