མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡོར་གླིང་སློབ་གྲྭའི་འཁྲུངས་སྐར།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྡོར་གླིང་གཏན་སློབ་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོའི་ཉིན་མཐའ་མར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཤིང་། ཉིན་རྒྱབ་ས་གནས་མི་མང་ལ་གཏམ་བཤད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་བའི་ཉིན་གསུམ་རིང་གི་དུས་དྲན་མཛད་སྒོ་ཚོགས་ཡོད་ཅིང་། ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་རྣམ་གཉིས་དང་། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཤེས་རིག་འགན་འཛིན་ཨེས་པི་རཱ་ན་(S.P Rana)ལགས། རྡོར་གླིང་ས་གནས་སློབ་སྟོན་པའི་ཚོགས་གཙོ་དང་རྫོང་དཔོན་ལས་རོགས་གྷོ་པལ་བླ་མ་(Gopal Lama)སོགས་ཕེབས་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་གྱི་མཛད་སྒོ་ཉིན་མཐའ་མའི་མཇུག་བསྡོམས་སྟེང་། སྐུ་མགྲོན་གཙོ་བོར་རྒྱ་གར་དབུས་གཞུང་ཤེས་རིག་དྲུང་ཆེའི་ལས་རོགས་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་(Apurva Chandra) ལགས། རྡོར་གླིང་ས་གནས་གོར་ཁ་བཅིངས་བཀྲོལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་སློབ་ཟུར་སྐུ་ཞབས་ (Roshan Giri)སོགས་ཕེབས་ཡོད་ལ། དམིགས་བསལ་སྐུ་མགྲོན་དུ་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཕེབས་ཏེ་གསུང་བཤད་གནང་ཡོད་འདུག

ཉིན་རྒྱབ་རྡོར་གླིང་ཁུལ་གྱི་མི་མང་ལ་གསུང་བཤད་གནང་དོན། “ ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་བཀའ་བློན་ཁྲི་བའི་དམ་བཅའ་འབུལ་སྐབས་ྋགོང་ས་མཆོག་གིས་བོད་རྒྱལ་ཁབ་དང་འབྲེལ་བའི་བཀའ་སློབ་གལ་ཆེན་པོ་ཞིག་བསྩལ་ཡོད། བརྒྱུད་ལམ་ཁག་ཅིག་ཏུ་བོད་མིའི་སྒྲིག་འཛུགས་ཟེར་ན་འདྲ།  ལོ་རྒྱུས་ཀྱི་ལེའུ་ཞིག་མཚམས་བཞག་ནས་ལེའུ་གསར་བ་ཞིག་མགོ་ཚུགས་པ་ལྟ་བུ་ཤོད་ཀྱི་ཡོད།  དེ་གོ་ནོར་མི་ཐེབས་པའི་ཆེད་དུ།  དེ་ཉིན་གྱི་ྋགོང་ས་མཆོག་གི་བཀའ་སློབ་དེ་དྲན་གསོ་བསླང་ན། ྋགོང་ས་མཆོག་གིས་ཁོང་དགུང་ལོ་ ༡༦ སྟེང་སྲིད་སྐྱོང་བ་སྟག་བྲག་རིན་པོ་ཆེས་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཆ་ཚང་རྩིས་སྤྲོད་གནང་བ་ལྟར། ད་ལན་མི་མང་གིས་དམངས་གཙོའི་འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་བའི་སྲིད་སྐྱོང་བ་ལ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་གི་ཡོད། ཅེས་བཀའ་གནང་བ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད།  ཕྱི་ལོ་ ༡༦༤༢ ལོར་ྋགོང་ས་སྐུ་ཕྲེང་ལྔ་བ་ནས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་སྐུ་དབང་དབུ་ཚུགས་པ་དེ།ྋགོང་ས་མཆོག་སྐུ་ཕྲེང་རིམ་པའི་བར་ཆབ་སྲིད་སྐུ་དབང་གི་སྲིད་སྐྱོང་མུ་མཐུད་གནས་པ་རེད། མ་གཞི་ཟླ་ ༣ ཚེས་ ༡༠ ཉིན་གྱི་གསུང་འཕྲིན་དང༌། གྲོས་ཚོགས་དང་དམིགས་བསལ་ཚོགས་ཆེན་སོགས་ནས་བཅའ་ཁྲིམས་ནང་ཆབ་སྲིད་ཀྱི་སྐུ་དབང་མི་དམངས་ཀྱིས་བདམས་པའི་བཀའ་ཁྲི་ལ་ཡོད་པ་གསལ་བོ་བཀོད་ཡོད་ནའང༌།  ཕྱི་ཟླ་ ༨ ཚེས་ ༨ ཉིན་མོར་གསུང་བའི་བཀའ་སློབ་དེར་ལོ་རྒྱུས་ཐོག་ནས་བལྟས་ན།  ཕྱི་ལོ་ ༡༦༤༢ ནས་ཆབ་སྲིད་ཀྱི་སྐུ་དབང་མུ་མཐུད་གནས་ཡོད་པ་ཞིག་དེ་ཉིན་ལ་མི་དམངས་ ཀྱིས་བདམས་བཞག་པའི་བཀའ་བློན་ལ་གནང་བ་དེས།  ལོ་རྒྱུས་མུ་མཐུད་གནས་པ་དང༌། དེ་བཞིན་ཆབ་སྲིད།  ཁྲིམས་མཐུན་གྱི་བདག་དབང༌།  བོད་ཀྱི་མགོ་ཁྲིད་བཅས་མུ་མཐུད་ གནས་ཀྱི་ཡོད་པར་ཁྱབ་དགོས། ”ཞེས་དང༌།  ཡང་ཁོང་གིས་མུ་མཐུད་ “ དེ་ཉིན་མོ་བཀའ་ཁྲི་ཟམ་གདོང་རིམ་པོ་ཆེས་ཕྱི་ལོ་ ༡༧༥༡ ལོའི་ྋགོང་ས་སྐུ་ཕྲེང་བདུན་པའི་སྐབས་ཀྱི་བཀའ་ཐམ་ང་ལ་གནང་ཡོད།  དེས་ཀྱང་ལོ་རྒྱུས་ཀྱི་བདག་དབང་མུ་མཐུད་གནས་ཀྱི་ཡོད་པར་མཚོན་པ་མ་གཏོགས།  འགའ་ཤས་ཀྱིས་གཞུང་ཞིག་སྒོ་བརྒྱབ་ནས་གཞུང་གསར་བ་ཞིག་ཚུགས་པར་འདོད་པ་དེ་འདྲ་མིན་པ་མཁྱེན་དགོས་”ཞེས་གསུངས་ཡོད་འདུག

མཇུག་མཐར་ཁོང་གིས་ “ ཕྱི་ལོ་ ༡༩༡༠ ལ་བོད་མི་ཉུང་ཤས་ཤིག་དང་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཉེན་ཡོལ་དུ་ཕེབས་ཡོད། དེ་ཡང་རྡོ་རྗེ་གླིང་དང་ཀ་སྦུག་ཏུ་བཞུགས་པ་རེད། ཕྱི་ལོ་ ༡༩༡༣ ལོར་ཕྱིར་བོད་དུ་གདན་ཞུ་ཐུབ་ཡོད། དེ་སྐབས་བོད་མི་ཚོ་དེང་དུས་ཀྱི་ཤེས་ཡོད་མེད་ནའང༌།  བོད་མི་ཚང་མ་ཆིག་སྒྲིལ་དང༌། དད་པ་དམ་ཚིག་ཡོད་པ་དང་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བོད་དུ་གདན་འདྲེན་ཞུས་ཐུབ་པ་རེད། མི་རབས་སྔོན་མ་ལས་མི་རབས་རྗེས་མ་ང་རང་ཚོར་དེང་དུས་ཀྱི་ཤེས་ཡོན་ཕྱུག་པ་ཡོད།  ཁོང་ཚོས་བསྒྲུབས་ཐུབ་པ་ནང་བཞིན་ང་ཚོས་ཀྱང་བསྒྲུབ་དགོས་ལ་བསྒྲུབས་ཐུབ་པར་ཡིད་ཆེས་ཞུ་བཞིན་ཡོད་ ”ཅེས་སོགས་བཀའ་སློབ་ཟབ་རྒྱས་གནང་སྟེ་དེ་ཉིན་གྱི་མཛད་རིམ་མཇུག་བསྡུས་ཡོད་པ་རེད། 

 

རྡོར་གླིང་གཏན་སློབ་འདི་ཐོག་མར་ཕྱི་ལོ་ ༡༩༦༡ ཟླ་ ༡ ཚེས་ ༡༠ ཉིན་ཕྲུ་གུ་གྲངས་ ༣༠ བདག་ཉར་གྱི་སྔོན་འགྲོ་ལྟ་བུར་ཚུགས་ཤིང་། ཕྱི་ཟླ་ ༩ ཚེས་ ༡ ཉིན་ནས་དངོས་སུ་སློབ་ཕྲུག་གྲངས་ ༥༠༠ འཆར་འགོད་ཐོག་རྒྱ་སྐྱེད་ཕྱིན་ཏེ་ད་ལྟའི་ཆར་དགེ་ལས་ ༤༧ དང་བོད་པ་ ༢༡ ། ཡུལ་མི་ ༢༧ སློབ་ཕྲུག་གྲངས་ ༤༣༧ འཛིན་རིམ་དང་པོ་ནས་བཅུ་གཉིས་བར་ཡོད་ཅིང་། ཁྱོན་སྡོམ་སློབ་ཕྲུག་ ༤༠༠༠ སྐྱེད་སྲིང་བྱས་ཡོད་ཅིང་། བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྣམ་གཉིས་ཀྱང་སློབ་གྲྭ་འདི་ནས་ཐོན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 34

  1. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    བློ་སེང་གིས་འདི་ལྟར་གནང་བ་དངོས་ནས་ཡག་པོ་མ་རེད། ལྷག་པར་དུ་བོད་ཡིག་ལ་མཐོང་ཆུང་འདྲ་ཞིག་བྱེད་པ་དེ་དོན་དག་ཆུང་ཆུང་མ་རེད

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཁ་བརྡ་དྲ་བར་གཟིགས་རོགས།
    ངའི་ངོ་དེབ་ནང་ན་ཡང་ཤར་ཕྱོགས་ཁུག་རྟའི་གསལ་བཤད་མིང་རྟགས་ཅན་དེ་རང་བཞག་ཡོད།

    Reply
  3. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གལ་སྲིད་གནས་ཚུལ་འདི་བདེན་པ་ཡིན་ཚེ། རང་གཞུང་གི་ཁྱབ་བསྒྱུར་བྱེད་པོར་སྐུ་ཞབས་བློ་སེང་དབང་ལྡན་འགན་འཛིན་དུ་ངོས་ལེན་བྱ་ཐབས་མི་འདུག

    Reply
  4. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གསར་འགྱུར་འདི་བདེན་པ་ཡིན་མིན་དུས་བབ་གསར་ཁང་གིས་གསལ་བཤད་ཅིག་གནང་རོགས། གལ་སྲིད་སྐུ་ཞབས་བློ་སེང་ལ་བློ་ཁོག་འདི་ལས་མེད་ཚེ། ད་ནི་བསམ་བློ་དངོས་གནས་ཞིག་མི་གཏོང་རང་གཏོང་ཆགས་ཀྱི་རེད། དེ་བས་ངས་འདི་བདེན་པ་མིན་པར་སྨོན་ལམ་འདེབས་ཀྱི་ཡིན།

    Reply
  5. ཚ་ཤོད་ཤེས་རབ། says:
    ལོ་ 14 སྔོན།

    རེད།གནད་དོན་འདི་ལ་མི་མང་པོ་ཞིག་སྐད་ཤོར་གྱི་འདུགསྐད་ཤོར་མཁན་ཚང་མ་ཤེས་ལྡན་པ་ཅན་ཞེ་གཅིག་རེད།ཤེས་ལྡན་པ་རྣམས་ནི་མི་རིགས་ཤིག་ལ་མཚོན་དེའི་ཚབ་མཚོན་ལྟ་བུ་ཡིན་ཆོགམཆན་འདི་དག་གི་ཁྲོད་གླེང་གཞི་གཙོ་བོ་གསུམ་འདུགབློ་སེང་གིས་གཞུང་འབྲེལ་ཡིག་ཆ་ཚང་མ་ཕྱི་སྐད་ཐོག་གཏན་འབེབས་བྱས་ཚུལ་ཞེས་པ་དེ་རེད།གཉིས།ཤར་ཕྱོགས་ཁུག་རྟའི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱས་ཏེ་ལས་སྣེ་ནས་གནས་དབྱུང་བ་དེ་རེད།གསུམ།རྒྱ་མི་མགྲོན་བརྡ་འབྱོར་ཡོད་ཚུལ་ཞེས་པ་འདི་དག་བདེེན་ཚེ་གཞིས་ལུས་བོད་རྒྱ་ཆེས་མི་དམངས་ཚང་མ་བློ་ཕམ་རྒྱུ་ཉག་གཅིག་རེད་ལ།ཆེ་ས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་གྱོང་རྒུད་ཞིག་ཀྱང་རེད།གནས་ཚུལ་འདི་དང་ཐག་ཉེ་ས་ན་ང་ཚོ་བཙན་བྱོལ་བོད་མི་ཚོ་ཡོད།གནས་ཚུལ་ཚ་ཐོག་ལ་ང་ཚོས་མིག་མདུན་ནས་ཡལ་བཅུག་ན།ང་ཚོ་ལའང་གཞི་ལུས་བོད་མིས་བདའ་འདེད་བྱེད་ངེས།འདི་ཐད་ནས་ས་ས་ཡིན་དང་རྡོ་རྡོ་ཡིན་གསལ་བོ་བཟོ་དགོས་པ་དེ།བོད་མི་དམངས་གྲོས་ཚོགས་དང་རྒྱ་ཆེ་ཤེས་ལྡན་པ་རྣམས་ལ་འགན་ཆེ་བ་
    ཡོད།

    Reply
  6. རྒྱང་ལྟ། says:
    ལོ་ 14 སྔོན།

    རྒན་ལྷ་མོའི་ངོ་དེབ་ནས་ས་ཉུལ་རི་ཉུལ་བྱས་ཀྱང་ངས་ཅང་མཐོང་མ་སོང་། གང་ལྟར་ཚད་འདིར་སླེབས་དུས་ད་དུང་ཤར་ཁུག་མིང་ཅན་འཇམ་ཆག་གེ་སྡོད་པ་ཡང་ཡག་རྟགས་ཤིག་མ་རེད།རང་ཉིད་དྲང་བདེན་ལ་གཞོལ་མཁན་གྱི་གནས་ལུགས་སྨྲ་མཁན་ཞིག་ཡིན་པར་ཁས་འཆེས་ཀྱི་ཡོད་ན།འདི་ཐད་ནས་གང་མགྱོགས་ཁ་ཞིག་གྲག་དགོས་པ་རེད།

    Reply
  7. ཤེས་རབ། says:
    ལོ་ 14 སྔོན།

    ད་དུང་ཤར་ཁུག་ལགས་ཀྱི་རྩོམ་ཡིག་ཏུ་ཁོང་ལ་རྒྱ་ནག་གིས་སྐད་བཏང་འདུག་ཅེས་བཀོད་འདུག དེ་དངོས་གནས་ཡིན་ན། སྔོན་མ་བཀའ་ཁྲི་བློ་སེང་གིས་ཕྱི་སྡོད་རྒྱ་མི་ཡིན་པ་ཁས་བླངས་ནས་པེ་ཅིང་དུ་སོང་བ་རེད། ད་དངོས་གནས་ཁོང་ཕྱི་སྡོད་རྒྱ་མི་རེད་འདུག རྒྱ་མི་སྒེར་གཅོད་པ་རང་རེད་འདུག དངོས་གནས་བློ་ཕམ་བྱུང་།

    Reply
  8. ཤེས་རབ། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་ངོ་དེབ་དེ་ནས་གང་ཡང་མཐོང་མ་སོང་། མ་གཞི་ནས་གནད་དོན་འདི་བདེན་པ་ཡིན་ཚེ། འདི་འདྲའི་གལ་ཆེན་རང་བཞིན་གྱི་གནད་དོན་ཞིག་བོད་ཀྱི་དུས་བབ་གསར་འགོད་པ་ཚོ་འཚོལ་དུ་མི་འགྲོ་བ་ཅི་ཞིག་ཡིན་ནམ། ཧུའུ་ཅིན་ཐོ་དམར་ཤོག་སྒེར་གཅོད་པ་ཡིན་ཡང་ཀུ་ཞབས་ལུས་ཞོ་པོ་ཕའི་འདས་འཆོད་དུ་གློད་གྲོལ་བྱས་ཡོད་པ་རེད། ང་ཚོའི་འབུམ་རམས་པ་ཡིན་ཟེར་མཁན་དང་། ཁྲིམས་ལུགས་ཆེད་མཁས་པ་ཡིན་ཟེར་མཁན་བློ་སེང་གིས་འདི་ལྟར། རང་ལ་དངོས་སུ་ཡོད་པའི་སྐྱོན་བརྗོད་ལ་མི་ཉན་པར། མཐའ་གཅིག་ཏུ་དེ་འདྲ་གནང་ཡོད་ན་དངོས་གནས་ངོ་ཚ་བ་རང་རེད། དེ་ལྟར་གནང་ན་སུ་ཡིན་ཡང་ཁོང་གི་ཤེས་ཚད་ལ་དོགས་པ་ཐེ་ཚོམ་ཟ་ངེས་རེད། ཁྲིམས་ཟེར་བ་དེ་མང་གཙོའི་ནང་སྙིང་ལྟ་བུ་རེད། ག་རེ་བྱས་ནས་ཁོས་ཁྲིམས་ལུགས་ཤེས་བཞིན་དུ་བོད་ཀྱི་རྩ་དོན་གླེང་མི་ཆོག་པ་བཟོས་པ་རེད་དམ། རྩོམ་ཡིག་དེ་གཉིས་ཞིབ་ཏུ་བཀླགས་པ་ཡིན། དངོས་ཡོད་གནས་ཚུལ་དང་ཤིན་ཏུ་མཐུན་ཆ་འདུག ང་ཚོས་ད་ཐེངས་རྩོམ་ཡིག་དེ་གཉིས་ཀློག་རྒྱུ་དང་ཞིབ་འཇུག་བྱས་ན་དགའ་ས་རེད།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    http://www.facebook.com/profile.php?id=100001484395374
    ཤར་ཕྱོགས་ཁུག་རྟ་ལགས་ཀྱི་གནས་ཚུལ་ཤེས་འདོད་ཡོད་པ་ཚོས་གོང་གསལ་ངོ་གདོང་ལ་གཟིགས་རོགས།

    Reply
  10. རྒྱང་ལྟ། says:
    ལོ་ 14 སྔོན།

    དྲ་གྲོགས་འོས་ལངས་ལགས། ཡག་བྱུང་།
    ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
    དང་བོ་ཤར་ཕྱོགས་ཁུག་རྟ་མིང་ཅན་གྱིས་གནད་དོན་འདིར་གསལ་ཐིང་ཐིང་གི་གསལ་བཤད་ཅིག་ཡོད་དགོས། གང་མགྱོགས་བྱས་ན་བཟང་། གནད་དོན་འདི་ཐད་ནས་ཤེས་ལྡན་པ་མང་པོ་ཞིག་ཧ་ཅང་གི་བློ་ཕམ་གྱི་
    གནས་སུ་གཏུགས་ཡོད། སྐབས་འདིའི་ནས་ཤར་ཕྱོགས་ཁུག་རྟས་
    རང་ཉིད་ལ་ཅི་ཞིག་གི་འགན་ཡོད་པ་དེ་མཁྱེན་དགོས།

    Reply
  11. རོ་ལངས། says:
    ལོ་ 14 སྔོན།

    སྤྱི་མི་སུམ་ཅུ་སྣང་བ་སུམ་ཅུ་ཞེས་པ་ལྟར་བསམ་ཚུལ་མི་གཅིག་པ་དུ་མ་ཡང་ཆོག་གི་རེད། ག་རེ་བྱས་ནས་ངའི་མཆན་དག་བསུབ་ཀྱི་ཡོད། དེ་སྔ་དཀའ་ལས་རྒྱབ་པ་དུ་མ་འཕྲོ་བརླགས་བྱས་སོང་། ད་སྐུ་མཁྱེན་བསུབ་ཚོད་བྱེད་རོགས།

    Reply
  12. རོ་ལངས། says:
    ལོ་ 14 སྔོན།

    སྤྱིར་བཏང་གནས་ཚུལ་འདི་བདེན་མིན་ཡང་བལྟ་ཡ་རེད། གལ་སྲིད་བདེན་ཀྱང་ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་མི་ཁེངས་དྲེག་ཅན་དེ་འདྲ་ཞིག་དང་གཞན་ལ་ཆེད་གསོད་བྱེད་རྒྱུར་དགའ་བ། ལན་རེ་དེ་འདྲ་ཞིག་མངོན་གྱི་འདུག་པས་ཁོང་ཕྱིར་འབུད་བཏང་ཡོད་ན་དེ་ནི་སྐུན་སྤྱོད་ཐོག་གི་གནད་དོན་ཞིག་ལས། སྐད་ཡིག་སྐོར་གླེང་བས་མིན་ཐགས་ཆོད་རེད། ཡིན་རབས་བཤད་མཁན་ཚོས་ཡིན་པའི་སྒྲུབ་བྱེད་ཅི་ཡང་བཤད་མི་འདུག སྔོན་མ་ཁོས་དེ་སྐོར་རྩོམ་ཡིག་ཆལ་ཆོལ་རེ་བྲིས། རྗེས་སུ་གནས་དབྱུང་བཏང་བ་ཙམ་གྱིས་དེས་ཐོགས་ནས་གནས་དབྱུང་བཏང་བ་ག་ལ་སྒྲུབ་ཐུབ། དེས་ན་རྒན་ལྷ་མོ་སྐྱབ་སོགས་ཀྱིས་དོན་མེད་རྫིག་གཏམ་བཤད་རྒྱུ་ཞོག་ལ། སྐད་ཆ་སོམས་ནས་ཤོད་དང་དགའ་རྒྱུ་རེད་སྙམ་མོ།།

    Reply
  13. ཐོག་སྒྲ། says:
    ལོ་ 14 སྔོན།

    རྟ་ནག་པ་སྐལ་བཟང་ལུང་རིག་ཁྱེད་རྒྱུ་མཚན་གང་གིས་ཕྱིར་ད་ལྟ་ཁྱེད་ཀྱི་ཁ་སྒྲོག་མེད་པར་ལུས་སམ།
    དེ་སྔོན་ཁྱེད་ཀྱིས་བློ་སེང་ཕམ་ན་བོད་ཀྱི་མི་རབས་གསར་བ་ཚོ་ཕམ་སོང་བ་རེད་ཞེས་འུར་གཏམ་དེ་འདྲ་སྤེལ་སོང། བློ་སེང་མི་ཕམ་པར་རྣམ་པར་རྒྱལ་སོང་ཡང་ད་ཆ་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དེ་བཀའ་ཤག་གསར་བས་བཙོན་དུ་བཅུག་ཏེ་གཞུང་འབྲེལ་གྱི་ཡིག་ཆ་ཐ་དག་དབྱིན་ཡིག་གིས་དབང་བསྒྱུར་བྱས་འཚར་འདུག
    ཁྱེད་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་རྒྱུན་ལས་ཞིག་གིས་ངོས་ནས་བསམ་ཚུལ་ཞིག་བརྗོད་མི་ཐུབ་པའི་རྒྱུ་མཚན་ཅི།

    Reply
  14. མྱི་ནག་ཚང་། says:
    ལོ་ 14 སྔོན།

    གཞན་པ་མི་ཤེས། གནས་ཚུལ་འདི་བདེན་པ་ཡིན་ན། ཡེ་རྡོར་དགའ་ནས་བསྡད་ཡོད་ཀྱི་རེད། རྗེས་མ་ཡེ་རྡོར་ལ་ཁ་གཏད་གཅོག་མཁན་དཀོན་པོ་ཡིན་གྱི་རེད།

    Reply
  15. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    དེ་རིང་ཤར་ཕྱོགས་ཁུག་རྟས་ལས་ཀ་རྒྱུན་མཐུད་ནས་ལས་མ་ཐུབ་པ་རེད་ཅེས་གྲོགས་པོ་ཞིག་གིས་བཤད་སོང་། ག་རེ་བྱས་ནས་འདྲི་དུས་གསལ་བོར་ཧ་མ་གོ། རྡོར་གླིང་སློབ་གྲྭའི་འཁྲུངས་སྐར་འོག་གི་མཆན་ནང་ན་གླེང་སློང་བྱེད་ཀྱིན་འདུག་ཟེར། ཡིན་ནའང་། དེར་ལྟ་དུས་འོས་ལངས་ཟེར་བ་ཞིག་གིས་ཁུངས་མེད་ལུངས་མེད་ལ་དེ་འདྲ་ཞིག་བསྒྲགས་ཤིང་མཇུག་ཚང་མས་མུ་མཐུད་པ་ཙམ་རེད།

    ཡིན་ནའང་། སྐུ་ཞབས་ལུངས་རིགས་དང་རྒན་ལྷ་མོ་སྐྱབས་གཉིས་ཀྱིས་ཀྱང་གླེང་སློང་བྱེད་སྲོལ་ལ་བརྟག་ན་བདེན་པ་ཨེ་ཡིན་སྙམ་ཡང་། ཁྱབ་བ་མེད་དེ་རྒན་ལྷ་མོས་ཁ་སྔོན་རྔ་བ་ནས་བུད་མེད་ཅིག་གིས་སྐུ་ལུས་མེ་ལ་བསྲེག་པར་བསྒྲགས་ནས་ཚང་མར་ཞེད་སྣང་སྤྲད་པ་ལྟ་བུ་རེད།

    གང་ལྟར་གྲོགས་ཁུག་རྟས་ལས་ཀ་མུ་མཐུད་མ་ཐུབ་པ་དེ་མི་བདེན་པར་སྨོན་ལམ་ཞུ་གྱིན་ཡོད། གལ་སྲིད་བདེན་ན་ཧ་ཅང་གི་ཐབས་སྐྱོ་བོ་རེད། ཡིན་ནའང་། ལས་བྱེད་ཀྱི་ཀུན་སྤྱོད་དང་འགལ་བ་རེད་ཟེར་ན་ལས་བྱེད་མིན་པར་ཆོད་གན་ཡིན་པས་དེ་ལ་ཁྲིམས་དེ་སྦྱོར་ས་ཨེ་ཡོད། གལ་ཏེ་ཡོད་ན་དེ་ཡང་དགེ་བསྐོས་ཡག་པོ་ཚོས་གྲྭ་པ་ཕྱིར་འབུད་གཏོང་བ་བཞིན་དང་པོར་བརྡ་བཏང་། བར་དུ་ལན་བསྐྱལ། ཐ་མར་ལག་བསྟར་ར་འདེབས་ལོས་དགོས། དེ་མོ་དེའི་སྐོར་ངའི་བཀའ་ཁྲི་སེང་གེ་ལ་ཁྲིག་ཁྲིག་ཡིན་པས་ངས་བར་འདི་ནས་ཅང་བཤད་ག་ལ་དགོས།

    ལྷག་པར་ཁ་སང་ཚེས་༡༩ཉིན་ཁུག་རྟས་ཕྲག་ལ་དཔར་ཆས་ཁུར་ནས་གསར་འགྱུར་བསྡུ་ལེན་བྱེད་པར་འགྲོ་གིན་འདུག་པས་བར་འདི་ནས་ནག་འཚུབ་སེ་འགྲོ་ས་ཞིག་མེད་པ། གལ་སྲིད་བདེན་ན་བཙན་བྱོལ་བོད་གཞུང་གི་ཡེ་རྡོར་ལ་འཆི་སྐྱོན་བྱུང་བ་ཡིན་པས་རྒྱ་གཞུང་གི་ཡེ་རྡོར་ཡང་འཆི་ལ་ལོས་ཡོད།

    Reply
  16. དམར་ཁ་ཚ། says:
    ལོ་ 14 སྔོན།

    གོ་ཚོད་ལ་ཤར་ཁུག་གིས་ཉེས་པ་ལ་ཉེས་པར་མཐོང་ཤིང་། ཕྱིན་ཆད་མི་ཕྱེད་པའི་བཤགས་སྡོམ་བྱས་ཀྱང་བཤད་ས་དང་། ཉན་ས་གཏན་ནས་མེད་ཚཽད་འདུག་པས་བཀའ་ཁྲི་དང་། ཕྱི་དྲིལ་གྱི་ཨ་ཅག་སྐྲ་ལོ་མ་འདི་ཚོས་གསར་འབྱོར་མི་གཅིག་ལ་སྐྱབས་བཅོལ་ལག་དེབ་བཟོ་འེ་ཐུབ་མི་ལྟ་བར། གསར་འབྱོར་རྐང་གཅིག་གི་མདུན་ལམ་འགོག་འེ་ཐུབ་བལྟས་པ་དེ་ངོ་མ་བློ་ཕམ་རེད། ཐུབ་བསྟན་རྒྱ་མཚོའི་མདུན་ལམ་ནག་བསུབ་དུ་གཏོང་སྟངས་དང་། ཤར་ཁུག་ལ་སྒེར་གཅོད་ལག་བསྟར་བྱེད་སྟངས་སོགས་ལ་བལྟས་ན་བཀའ་ཁྲི་བློ་སེང་གི་འཛིན་སྐྱོང་ལ་སྐྱུར་དྲི་ཁ་བཞིན་འདུག་པས་ད་ནི་སྐར་ལྔའི་དར་དམར་ལ་འགོ་འབུལ་ཞུ་དགོས་པའི་དུས་ཚོད་ཅིག་ཆགས་ཀྱི་མེད་དམ་སྙམ།

    Reply
  17. lobsang says:
    ལོ་ 14 སྔོན།

    ད་དུང་སྐུ་ངོ་བཀའ་བློན་མཆོག་གིས་བཤད་རྒྱུར་༸སྐྱབས་མགོན་༸རིན་པོ་ཆེས་ཁོང་གིས་རིང་ནས་ཡིད་ལ་གནག་པའི་འདོད་པའི་དོན་འགྲུབ་སོང་གསུང་བ་རེད་ཟེར། མ་རེད་ཁོང་གིས་རིང་ནས་ཡིད་ལ་གནག་པའི་འདོད་པའི་དོན་གཅིག་འགྲུབ་སོང་གསུང་བ་རེད། དེ་ཡང་ཁྱེད་རང་ལ་བོད་ཡིག་གི་ཆུ་ཚད་མེད་པའི་རྟགས་བསྟན་པ་ཅིག་རེད།

    Reply
  18. ཤེས་རབ། says:
    ལོ་ 14 སྔོན།

    ༼བཀའ་བློན་འདི་གཉིས་ཀྱིས་ང་ལ་༧པན་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་༽ཞེས་པ་དང་། ༼ སེང་གེའི་བཀའ་ཤག་གི་མདུན་ལམ༽ རྩོམ་ཡིག་འདི་གཉིས་བྲིས་པས་དབང་གིས་༼ཤར་ཕྱོགས་ཁུག་ཏ་༽རང་ལ་སང་ཉིན་ནས་ལས་ཀ་བྱེད་པར་བསྡད་མི་འདུག་ཅེས་བཤད་དེ། ཁོང་ལས་ཁུངས་ནས་གནས་དབྱུང་བཏང་ན་དེ་ནི་མང་གཙོའི་ཀ་བ་གསུམ་ལྡན་གྱི་ཕྱག་ལས་གནང་སྟངས་ཤིག་ཨེ་ཡིན་ན། བཀའ་ཤག་སྔོན་མས་ཀླུ་མཁར་བྱམས་ལ་མ་མཐའ་སར་ཡང་འདམས་ཀ་སྤྲད་ནས་ཁོང་གི་འདོད་མས་ལྟར་ཕྱག་ལས་གནང་བ་རེད། དངོས་གནས་ཤར་ཕྱོགས་ཁུག་ཏ་ཁོང་ལས་ཀ་ནས་ཕྱིར་འབུད་བཏང་ཡོད་ན།

    Reply
  19. lobsang says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གིས་མཚམས་མཚམས་སུ་ཕྲུ་གུ་ལོ་བརྒྱད་ཞིག་གིས་བཤད་བཤད་བྱེད་ཀྱིན་འདུག ཉེ་ཆར་བོད་ཁྱིམ་སློབ་གྲྭ་རུ་སྐུ་ངོ་ཚོགས་གཙོ་མཆོག་དང་ཁྱེད་གཉིས་ནས་གཏམ་བཤད་སྐབས་ཡང་ཁྱེད་རང་གིས་ང་དང་ཐོག་སློབ་གྲྭ་གང་ལ་ཞུགས་པ་རེད་ཟེར་བ་འདྲ་བོ་དང། ངས་རྡོར་གླིང་ནས་ག་རེ་གྱིས་པ་རེད་རྩྭ་འཐུས་པ་རེད་འོ་མ་བཙོང་བ་རེད་ཟེར་བ་སོགས་འབྲེལ་མེད་རྐྱང་རྐྱང་བཤད་སོང། ཁྱེད་རང་གིས་དེའི་ཉིན་གྱི་གཏམ་བཤད་ལ་ཉན་སྐབས་ངས་པ་ཚེ་རིང་དྲན་བཅུག་སོང། ཁྱེད་རང་གིས་རྡོར་གླིང་ནས་ང་ག་རེ་གྱིས་མ་གྱིས་ལས་སང་ཉིན་ལོ་ལྔའི་རྗེས་ནས་བཀའ་ཁྲི་གཞན་པ་ཚོ་ལས་དམིགས་བསལ་བོད་རྒྱ་འབྲེལ་མོལ་སྐོར་ག་རེ་གྱིས་སོང་དང། གཞིས་ཆགས་སྲ་བརྟན་སྐོར་ག་རེ་གྱིས་སོང་། ཤེས་ཡོན་སྐོར་ནས་ག་རེ་གྱིས་སོང་ཟེར་རྒྱུ་ཡོད་ན་ད་ཨ་མའི་བུ་ཡིན།

    Reply
  20. lobsang says:
    ལོ་ 14 སྔོན།

    ཤེལ་དཀར་བློ་བཟང་དང་འོས་ལངས་གཉིས་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། ཁྱེད་རང་སོང་ན་བསྡད་ས་ཚང་མ་ནས་དེ་འདྲ་རྐྱང་རྐྱང་བཤད་འདུག སྐབས་སུ་བབ་པའི་གཏམ་བཤད་མེད་པར་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་༸གོང་ས་མཆོག་ནས་ཁོང་དགུང་ལོ་བཅུ་དྲུག་ཐོག་སྟག་བྲག་རིན་པོ་ཆེས་ཁོང་ལ་སྲིད་དབང་རྩིས་སྤྲད་པ་རེད་གསུང་བ་དང། ཁོང་གིས་དེ་རིང་སྲིད་སྐྱོང་བ་བློ་བཟང་སེང་གེ་ལ་རྩིས་སྤྲད་པ་ཡིན་གསུང་སོང་ཟེར་ནས་གོ་སྐབས་ནམ་ཡོད་ལ་ཁྱེད་རང་གིས་བཤད་ཀྱིན་ཡོད། དེ་བཤད་དགོས་པ་མ་རེད་ཁྱེད་ལ་འཇོན་ཐང་ཡོད་ན་རྩིས་སྤྲད་ཡོད་པ་ས་རིས་ཐང་གསལ་རེད། དེའི་བཀའ་སློབ་དེ་ཁྱེད་གཅིག་བུ་ལ་གསུང་བ་མ་རེད་མང་ཚོགས་ཡོངས་ལ་གསུངས་སོ།

    Reply
  21. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ངས སྔོན མ་ཞིག་ལ་ སྲིད་སྐྱོབ་གཙོ་འཁོར ཚོས་བོད་ཡིག་ན་ངོ་ཙམ་ཡང་མ་ཤེས་ཀྱང སྐྱོན ཁབ་མིག་ཙང་ཡང་མི་འདུག་ཅེས་བསམ་ཚུལ་བཏང་མྱོང།
    མ་གཞི་ནས་ཤར་ཁུག་ཟེར་བ་དེ་གཞུངས་ཞབས་ཡིན་ཏག་ཏག་རེད། དེར་སྨྲ་བརྗོད་རང་དབང་སོགས་བཤད་ན་དམངས་གཙོའི་དྲི་ཙམ་མེད་རྟགས་སོ།།

    Reply
  22. རྒྱ་རྙི། says:
    ལོ་ 14 སྔོན།

    བཀའ་ཁྲི་གསར་བ་འོས་བསྡུའི་སྐབས་སུ་མི་རབས་གསར་བའི་འབོད་སྒྲ་སྒྲོགས་ཡོད་ལ། མི་རབས་གསར་བའི་ཁྱད་ཆོས་གླེང་ཡོད། མི་རབས་གསར་བ་ནི་གུ་ཡངས་དང་། བཟོད་བསྲན། རང་དབང་ལ་བརྩི་བཀུར་བྱེད་མཁན་ཞིག་ཡིན་པར་འབོད་སྒྲ་སྒྲོགས་ཡོད། དེ་རིང་གོ་ཚོད་བྱས་ན་བཀའ་ཁྲི་དང་། ད་དུང་ཕྱག་རོགས་བཀའ་བློན་རེ་ཟུང་ནི་གང་ཟག་སྒེར་གྱི་སྐྱོན་བརྗོད་ལ་གདོང་ལེན་བྱེད་མི་ཐུབ་པ་ཞིག་ཡིན་ཚུལ་གོ་སོང་། ངའི་བཀའ་བློན་རྣམ་པ། མ་བུ་མོའི་ཁོག་ལ་བུ་ཤོང་ས་ན། ཕོ་ཁྱོ་གའི་བློ་ལ་ཚིག་མ་ཤོང་བ་འེ་ཡོད།
    ང་ཚོས་རེ་བ་ཞུ། ང་ཚོས་འབོད་སྐུལ་ཞུ། ང་ཚོ་ཐང་ཆད་དུ་མ་འཇུག་རོགས

    Reply
  23. མྱི་ནག་ཚང་། says:
    ལོ་ 14 སྔོན།

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་ལ། གྲོས་འགྲིག་མ་བྱུང་བའི་དབང་གིས་ཀླུ་མཁར་བྱམས་ལས་གནས་ནས་ཕུད་པ་རེད། ད་ནི། བཀའ་ཁྲི་བློ་སེང་གིས་ཤར་ཕྱོགས་ཁུག་རྟ་ཕྱིར་འབུད་བྱས་པ་ཡིན་ས་རེད།

    ཀླུ་མཁར་བྱམས་ཀྱི་དཀའ་རྙོག་དེ་རང་བཙན་ལ་ཐུག་པ་རེད།
    ཤར་ཕྱོགས་ཁུག་རྟ་ཡི་དཀའ་རྙོག་དེ་སྐད་ཡིག་ལ་ཐུག་པ་འདྲ།
    གཉིས་ཀ་ཡང་ལྕི་འདྲ་བོ་རེད། བློ་ཕམ་བྱུང་། བཀའ་ཤག་གིས་ཡང་མིན་ན། སྨྲ་བརྗོད་རང་དབང་ལ་སྐྱ་ཐིག་ཅིག་འབྲི་དགོས་པ་རེད། སྔོན་ཆད་ཟམ་གདོང་རིན་པོ་ཆེས་ཀླུ་མཁར་བྱམས་ལ་གྲོས་འགྲིག་དང་ཉེན་བརྡ་གཉིས་ཀ་བྱས་པ་རེད། བཀའ་ཁྲི་བློ་བཟང་སེང་གེས་ཀྱང་འགྲོ་ལུགས་འགྲོ་སྟངས་ཤིག་བྱས་ཡོད་པའི་ཡིད་ཆེས་ཡོད།

    Reply
  24. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས་ཀྱི་གནས་ཚུལ་སང་ཉིན་ཚང་མས་གསལ་རྟོགས་ཡོང་གི་རེད། ཤར་ཕྱོགས་ཁུག་རྟ་གང་ལ་འཕུར་ན་ཡང་ཁུག་རྟ་རང་ཡིན་པས་འཕུར་ཆོག་ཆོག་ཡོད། འོན་ཀྱང་ཕྱིར་འབུད་འདི་རིགས་ཀྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཅི་འབྱུང་བསམ་ན་སེམས་ཁྲལ་ཞིག་ཅི་ལ་མིན།

    Reply
  25. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མི་ལོ་ལྔ་བཅུའི་ལོ་རྒྱུས་ལྡན་པའི་གཏན་སློབ་ཁང་འདི་ནས་སློབ་ཐོན་པ་མང་ཞིང་གྲུབ་འབྲས་ཀྱང་གང་འཚམ་ཡོད་པ་རེད། ཐེངས་འདིར་སྐུ་མགྲོན་གང་ཆེ་གང་མཐོ་རྣམ་པ་གདན་དྲངས་འདུག ཁོང་ཅག་གི་གསུང་བཤད་རྣམས་ང་ཚོས་ཤེས་འདོད་ཡོད། དེབ་ཆུང་ཞིག་བཟོས་ནས་འགྲེམས་རོགས། ཡང་ན་དྲ་ཐོག་ལ་འཁོད་རོགས།
    ད་ལོ་ནས་བཟུང་རྡོར་གླིང་གཏན་སློབ་སྔར་དང་མི་འདྲ་བར་ཡར་རྒྱས་ཆེན་པོ་འགྲོ་རྒྱུར་འབད་བརྩོན་གནང་ཐུབ་དགོས།

    Reply
  26. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    འོས་ལངས་ལགས་ཀྱིས་བྲིས་པ་དེ་བདེན་མིན་ཤར་ཕྱོགས་ཁུག་རྟ་རང་ནས་ལན་ཞིག་གནང་རྒྱུར་སྒུག་བཞིན་ཡོད། ཁུག་རྟ་ལགས་རྟག་པར་གཅིག་བྲིས་བྲིས་པ་སྡོད་མཁན་ཞིག་རེད། བཀའ་ཁྲིས་ཁྱེད་རང་གནས་དབྱུང་བཏང་བ་ཟེར་བ་དེ་བདེན་ནམ་མི་བདེན་བསྐོར་ལ་གཅིག་བྲིས་རོགས།

    Reply
  27. བློ་བཟང་ཉི་མ། says:
    ལོ་ 14 སྔོན།

    འོས་ལངས་ཟེར་བ་འདིས། ཉེན་ཁ་ཅན་ཞིག་བཤད་འདུག དེ་བདེན་པ་ཡིན་རྒྱུ་མ་རེད།་དེ་བདེན་ན། བཀའ་ཁྲིོ་བློ་བཟང་གེས་གསར་འབྱོར་བཀའ་བློན་མ་འདེམས་པ་གསར་འབྱོར་ཚོས་དབྱིན་ཡིག་མི་ཤེས་ཚུལ་རྒྱུ་མཚན་ལ་བཀོད་མྱོང་བ་དང་། དེ་རིང་གསར་འབྱོར་བོད་ཡིག་ཤེས་མཁན་ཞིག་གིས་རྩོམ་ཡིག་བྲིས་པའི་ནང་ལ། བཀའ་བློན་ཁྲི་པས་བོད་ཡིག་ཀློག་སྟངས་ཡག་པོ་ཞིག་མི་ཤེས་པའི་སྐོར་སོགས་བྲིས་ནས་དངོས་ཡོད་གནས་སྟངས་བཤད་པ་དེ་ལ་ཡ་ལན་སྤྲོད་ཆེད་གནས་དབྱུང་བཏང་བ་ཡིན་རྒྱུ་རེད། ཤར་ཕྱོགས་ཁུག་རྟས་རང་ཉིད་གནས་དབྱུང་གཏོང་རག་བར་རྩོམ་ཡིག་བྲིས་པ་རེད། གནས་ལུགས་བཤད་པ་རེད། རྒྱུ་མཚན་བགྲངས་པ་རེད། ཡིན་ནའང་། ད་ལྟའི་དུས་སྐབས་འདིར་གནས་ལུགས་འགྲོ་ས་ཡེ་ནས་མེད། རྒྱུ་མཚན་བགྲངས་ས་ཡེ་ནས་མེད། དེ་རྩོམ་པ་བ་ཚོས་ཤེས་ན་བཟང་།

    གསར་འབྱོར་བོད་ཡིག་ཤེས་མཁན་ཚོས་ཉོན། སྨྱུ་གུའི་མདའ་མདུང་གི་རིགས་བཀའ་ཤག་གི་ཕྱོགས་ལ་མ་འཛུགས། སོ་སོ་གནས་བཟོད་མི་བདེ་བ་བྱས་ཡོང་།

    བཀའ་ཤག་གསར་པས་བོད་ཡིག་མི་ཤེས་ཙང་། བོད་ཡིག་གི་རྩོམ་ལ་དོ་སྣང་བྱེད་ཀི་མེད་ཤག་བྱེད་མི་རུང་། དོ་སྣང་བྱས་ནས་ཤར་པྱོགས་ཁུག་རྟ་གནས་དབྱུང་བཏང་ཡོད་པ་འདི་རེད། ད་ནས་ཁྱེད་རང་ཚོས་གནས་ལུགས་དང་རྒྱུ་མཚན་ཟེར་བ་དེ་ཚོའི་ཐག་ཉེ་ནས་གང་ཡང་མ་འབྲི། གྱོང་རག་གི་རེད་ད།

    Reply
  28. འོས་ལངས། says:
    ལོ་ 14 སྔོན།

    དྲ་གྲོགས་རྒྱང་ལྟ་ལགས།
    ཉེ་སྔོན་དྲ་གྲོགས་ཤིག་གིས་༼བཀའ་བློན་འདི་གཉིས་ཀྱིས་ང་ལ་༧པན་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་༽ཞེས་པ་དང་། ༼ སེང་གེའི་བཀའ་ཤག་གི་མདུན་ལམ༽ཞེས་པ་གཉིས་བྲིས་པ་ལ་བརྟེན་ནས། བཀའ་ཤག་གསར་པས་རྩོམ་པ་པོ་ཁོང་ལས་ཀ་ནས་གནས་དབྱུང་བཏང་འདུག གོང་གསལ་རྩོམ་མིང་དེ་གཉིས་འབྲི་མཁན་ནི་ཤར་ཕྱོགས་ཁུག་རྟ་རེད་འདུག་ཅིང་། ཁོང་ནི་གཞུང་འབྲེལ་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་རེད། དེ་རིང་ཞོགས་པར་ཁ་པར་བརྒྱུད་ནས་རྡ་སར་ཡོད་པའི་རྒྱུས་ཡོད་གྲོགས་པོ་གཞན་ཞིག་དང་གླེང་མོལ་བྱེད་སྐབས་ཀྱང་དེ་སྐོར་བརྗོད་སོང་།

    Reply
  29. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    དྲྭ་གྲོགས་རྒྱང་ལྟ་ལགས་ཀྱིས་གསུངས་པ་བཞིན་འོས་ལངས་ལགས་ཀྱིས་ཁུངས་བསྐྱལ་གནང་རོགས། སུ་ཞིག་ལས་གནས་དང་ས་གནས་གང་ནས་རྩ་དགོངས་བཏང་འདུག ང་ཚོས་དངོས་གནས་ཤེས་འདོད་འདུག

    Reply
  30. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    དཀོན་མཆོག་མཁྱེན། བཀའ་བློན་གྱིས་རང་དོན་ཕྲ་མོ་ཙམ་ལ་བསྟེན་ནས་ལས་མ་རབས་དེ་ལྟ་བུ་བྱེད་མི་སྲིད་། མ་ཟད་བཀའ་བློན་ནི་བོད་དབྱིན་གཉིས་ཀྱི་ཐོག་ནས་མཁས་དབང་གི་མིང་དོན་མཚུངས་པ་ཞིག་ཡིན་པར་གདོན་མི་ཟ། ཧ ་ ཧ ་ ཧ

    Reply
  31. ཚ་ཤོད་ཤེས་རབ། says:
    ལོ་ 14 སྔོན།

    འོས་ལངས་ལགས།
    “བཀའ་ཁྲི་ཁོང་གིས་བོད་ཡིག་ཀློག་འདོན་གཙང་མ་ཙམ་ཡང་མ་ཐུབ་པ་དེར། གཞོན་སྐྱེས་ཤིག་གིས་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་བྲིས་པ་ཙམ་ལ་བརྟེན་ནས་
    ལས་ཀ་ནས་གནས་དབྱུང་བཏང་འདུག་ག” འདི་བདེན་ན། ད་བཟུང་ནས་ང་ཚོས་”སྲིད་དབང་སྒེར་གཅོད་”ཅེས་རྒྱ་ནག་སྡིགས་རྒྱུ་དེའང་ངོ་
    ཚ་དགོས་པ་ཞིག་རེད།

    Reply
  32. རྒྱང་ལྟ། says:
    ལོ་ 14 སྔོན།

    འོས་ལངས་ལ་ཞུ་རྒྱུར།
    “བཀའ་ཁྲི་ཁོང་གིས་བོད་ཡིག་ཀློག་འདོན་གཙང་མ་ཙམ་ཡང་མ་ཐུབ་པ་དེར། གཞོན་སྐྱེས་ཤིག་གིས་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་བྲིས་པ་ཙམ་ལ་བརྟེན་ནས་ལས་ཀ་
    ནས་གནས་དབྱུང་བཏང་འདུག་ག” ཞེས་པ་འདི་དངོས་ནས་རེད་དམ། གལ་སྲིད་ཁྱེད་ལ་ཁུངས་སྐྱེད་རྒྱུ་མེད་ན། སྐད་ཆ་འདིའི་རྒྱབ་མདུན་ཚང་མ་ཉན་ཁ་ཞིག་
    ཡིན། བོད་ནང་གི་རྒྱལ་ཞེན་པ་མང་པོས་སྨྲ་བརྗོད་རང་དབང་དང་དམངས་གཙོ་རྩལ་
    འདོན་དང་། མདོར་ན་ཁ་སང་དེ་རིང་གཅེས་སྲོག་ཤོར་བཞིན་པ་རྣམས་ཀྱང་། མཐར་དེད་ན་རང་གི་སྐད་ཡིག་འདིའི་ཆེད་དུ་ཡིན། ཁྱེད་ཀྱིས་དྲང་བདེན་གྱི་རང་ཚུགས་མངོན་ཏེ་
    གཞོན་སྐྱེད་དེ་སུ་ཡིན་དང་། ལས་སྣེ་གང་ནས་གནས་དབྱུང་བཏང་བ་གསལ་བོ་ཞིག་རྒྱ་ཆེ་བོད་མི་ཚོར་ཤོད་རོགས། ངེད་ནས་རེ་བ་ནན་གྱིས་ཞུ་བཞིན་ཡོད།

    Reply
  33. འོས་ལངས། says:
    ལོ་ 14 སྔོན།

    བཀའ་ཁྲི་བློ་སེང་གིས་གཏམ་བཤད་སྤེལ་སྐབས་རང་ཉིད་ཀྱི་ཆེ་བ་ལྟ་བུ་རྐྱང་རྐྱང་བརྗོད་ཀྱིན་འདུག མ་འོངས་པའི་བོད་དོན་ཐད་ལ་ཅི་བྱེད་ཀྱི་ཐབས་ལམ་དང་སྲིད་བྱུས་གསལ་ཐག་ཆོད་ཅིག་ད་བར་ཅི་ཡང་མ་བྱུང་བ་དེ་ག་རེ་ཡིན་ནམ། བཀའ་ཁྲི་ཁོང་གིས་བོད་ཡིག་ཀློག་འདོན་གཙང་མ་ཙམ་ཡང་མ་ཐུབ་པ་དེར། གཞོན་སྐྱེས་ཤིག་གིས་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་བྲིས་པ་ཙམ་ལ་བརྟེན་ནས་ལས་ཀ་ནས་གནས་དབྱུང་བཏང་འདུག་ག དམངས་གཙོ་་་་་་དམངས་གཙོ་་་་་་མང་གཙོ་་་་

    Reply
  34. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བཀའ་ཁྲི་པས་མཛད་སྒོ་གང་སར་༸གོང་ས་མཆོག་གི་གསུང་དེ་བསྐྱར་ལྡབ་ཡང་ལྡབ་རྐྱང་རྐྱང་གནས་ནས་མ་བཞུགས་པར། སྐབས་བབ་ཀྱི་གསུང་བཤད་གནང་རྒྱུ་ཤིན་ཏུ་གལ་ཆེ། དཔེར་ན་རྡོ་གླིང་སློབ་གྲྭ་ལྟ་བུ་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡིན་སྟབས། ཤེས་ཡོན་དང་འབྲེལ་བའི་གཏམ་བཤད་བྱས་ནས་སློབ་ཕྲུག་རྣམས་ཤེས་ཡོན་ཐོག་ལ་དོ་སྣང་སླེབ་པ་བཟོ་རྒྱུ་གལ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese