མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫོཊ་ཆེན་སྟོབས་ལྡན་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་  ༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་སྡེ་དགེ་རྫོགས་ཆེན་པ་སྟོབས་ལྡན་ལགས་ལྷ་ས་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། སྟོབས་ལྡན་ལགས་ནི་བཀའ་བློན་ཁྲི་ཟུར་སྐུ་གཤེགས་དམ་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ཚ་བོ་ཡིན་པ་དང་། ལྷ་སར་གནས་སྡོད་སྐུ་གཤེགས་དམ་པ་དེའི་སྤུན་ཉེ་སྡེ་དགེ་རྫོགས་ཆེན་པ་ཁག་ཅིག་དང་། ཕ་ཡུལ་གཅིག་པ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱིས་སྐུ་གཤེགས་དམ་པ་དགུང་ཞག་ཞེ་དགུ་ཚང་བའི་ཉིན་མོ་དང་བསྟུན་ཏེ། ཕྱི་ཚེས་ ༡༩ ཉིན་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་གྲ་སྒྲིག་བྱས་ཏེ་མགོ་བཙུགས་མ་ཐག་ཉེན་རྟོག་པ་ཡོང་ནས་བཀག་སྡོམ་བྱས་ཡོད་པ་དང་། རྫོགས་ཆེན་སྟོབས་ལྡན་ལགས་གོ་སྒྲིག་མགོ་གཙོ་ཡིན་སྟབས་འཛིན་བཟུང་བྱས་ཏེ་ད་བར་གང་དུ་ཁྲིད་མིན་ཤེས་རྟོགས་ཐུབ་མེད་པ་ཆགས་ཤིང་། བོད་ནང་རྒྱ་དམར་གྱི་དམ་དྲག་འོག་ནང་མི་གཉེན་ཉེ་འདས་གྲོངས་སུ་ཕྱིན་སྐབས། ང་བསྔོ་སྨོན་མཆོད་འབུལ་གྱི་འདུ་ཚོགས་ཙམ་ཡང་ཆོག་གི་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 10

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    འཛིན ནོར ཐེབ་པར་ངེས་སྟེ། མེར་སྲེག་དཔའ་རྒོད་ཚོར་སྔོན་སྨོན་མཆོད་འབུལ་དང་ཟས་བཅད་ངོ་རྒོལ་དུས་ཡིན་པས་སོ།།
    སྐབས་དེར་ལྷ་སར་དམ་དྲག་ཆེ་རུ་འགྲོ་བའི་རྟགས་འདུག་ཟེར། མ་ཟད་རེ་གོང་དུ་མི་མངོན་པར་སོ་སོའི་ནང་དུ་ཟས་བཅད་ཆུ་ཚོད་༢༤ལ་བྱེད་མཁན་མང་། ལྷག་པར་རོང་བོ་དགོན་མཐའི་ཅོག་ཙེ་ཐང་གི་སྒྲོལ་མ་སུམ་བཞེང་མའི་སྐུ་འགྲམ་དུ་གྲ་བ་འགའ་མཉམ་འདུག་བྱས་པ་བཞིན་ནོ

    Reply
  2. ཟིལ་ཁྲོམ། says:
    ལོ་ 15 སྔོན།

    ཨ་ཁ་ཁ། སྟོབས་ལྡན་གྱིས་ཨ་རིག་རྒྱ་སྤྲུལ་གྱིས་བཙུག་པའི་སློབ་གྲྭའི་པར་བེད་སྤྱོད་བྱས་ནས་བོད་གཞུང་གི་ལས་བྱེད་འགའ་ལ་མགོ་བསྐོར་བཏང་བ་དང་༧རྒྱལ་བ་རིན་པོ་ཆེ་ཟུར་མཇལ་བྱས་པ་སོགས་དངོས་ཡོད་གནས་ཚུལ་གྱི་འཆན་ཞིག་བྲིས་ཡིན་ཀྱང་། རྩོམ་སྒྲིགས་པས་འདིར་བཀོད་མ་སོང་།

    Reply
  3. ཟིལ་ཁྲོམ། says:
    ལོ་ 15 སྔོན།

    གསར་འགོད་འགན་འཛིན་པ་ལགས། ངས་དུས་ཚོད་གཅིག་ཙམ་སྔོན་ལ་འཆན་གཅིག་བྲིས་ཡིན་དེ་ད་རུང་མཐོང་རྒྱུ་མི་འདུག འཆན་དེའི་ནང་དོན་རྣམས་དགའ་མི་དགའི་སྐད་ཆ་སོགས་མིན། དངོས་ཡོད་གནས་ཚུལ་ཡིན་པས་འདིར་འགོད་པའི་རེ་བ་ཡོད། རྗེས་མ་གནས་ཚུལ་དེ་རིགས་མི་ཡོངས་པའི་ཆེད་དུ་བྲིས་པ་ཡིན། གལ་སྲིད་གནས་ཚུལ་དངོས་གནས་དེ་རིགས་ང་ཚོ་ཚང་མས་མ་སྨྲས་ན་ད་དུང་གནས་ཚུལ་དེ་རིགས་ཡོངས་བ་གཏན་འཁེལ་རེད་ལགས། དགོངས་པ་མ་འཚམས། རང་རིགས་ལ་ལྷག་བསམ་ངང་འཆན་དེ་བྲིས་པ་མ་གཏོགས་རང་རིགས་ལ་དོན་མེད་སྙེད་འཛུགས་སོགས་དངོས་གནས་མིན་ལགས། ཐུགས་རྗེ་ཆེ།

    Reply
  4. དམག་ལོག་ says:
    ལོ་ 15 སྔོན།

    སྐུ་ངོ་ཆབ་བྲག་ལྷ་མོ་སྐྱབས་ལགས། ཁྱེད་ཀྱི་རྟ་པོའུ་ནག་རིས་ཀྱི་སྐོར་ལ་ཞིབ་འཇུག་རེ་བྱེད་ཐུབ་ན་ཡག་པོ་འདུག

    Reply
  5. དམག་ལོག་ says:
    ལོ་ 15 སྔོན།

    རྫོགས་ཆེན་སྟོབས་ལྡན་ལགས་ཀྱིས་གོ་སྒྲིག་རྒྱ་ཆེ་དྲག་པས་མིག་སེར་ཚོ་མ་དགའ་པ་རེད།

    Reply
  6. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    སྤྱིར་བཏང་གསར་འགྱུར་གཏོང་དུས་ངེས་པར་དུ་གཟབ་གཟབ་བྱེད་དགོས་ཀྱི་འདུག དེང་སང་བོད་ཀྱི་ས་ཆ་ཁ་ཤས་ནང་མི་ཞིག་གློ་བུར་ཏུ་འཛིན་བཟུང་བྱས་ཚུལ་གླེང་སློང་བྱས་ནས་ཟླ་འགའི་རྗེས་སུ་མི་དེ་རྒྱ་གར་ལ་འབྱོར་ཡོང་གིན་འདུག་ལ། ག་ལེར་ཆབ་སྲིད་བཙོན་པའི་མིང་ཐོག་ནས་རང་གི་མངོན་འདོད་སྒྲུབ་བཞིན་འདུག ཉེ་ཆར་གཞས་པ་ཆོས་མགོན་འཛིན་བཟུང་བྱས་ཚུལ་བསྒྲགས་པ་རེད་མོད། དེ་ནི་ཁུངས་མེད་རྫུན་གཏམ་ཞིག་རེད། དེས་ཕྱིར་གསར་འགྱུར་ལ་རིན་ཐང་ཡོང་ཆེད་གསར་འགོད་པ་དང་རྩོམ་སྒྲིག་པས་དོ་ནན་བྱ་རྒྱུ་གལ་ཆེན་པོ་འདུག

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གལ་ཏེ་བོད་ནང་ནས་སྤེལ་མ་ཐུབ་ན་ཕྱི་ལོགས་གཅིག་པུ་ནས་འཕག་འཚག་ཅི་ཙམ་རྒྱབ་ཀྱང་དོན་ཕན་ཆུང། བོད་རང་བཙན་དང་ཆབ་སྲིད་ཀྱི་ངོ་བོ་དམར་རྗེན་མ་ཡིན་པའི་ལས་འགུལ་མང་པོ་སྤེལ་ཐབས་ཡོད་པ་རེད།
    དྲག་གནོན་འོག་ན་ཡོད་བཞིན་དུ་དེ་ལ་དེ་བསྟུན་གྱི་ཞི་བའི་ངོ་རྒོལ་བྱེད་དགོས་ངེས་རེད། དེ་བྱས་ནས་ཕྱི་ལོགས་ནས་ཀྱང་ཚོར་ཐུབ་པ་རེད། གལ་ཏེ་རྒྱལ་སྤྱིའི་མིག་གིས་བོད་དོན་རིག་དགོས་པ་དང་ཁོང་ཚོའི་གནོན་ཤུགས་སོགས་ལ་རེ་བ་རྒྱག་གིན་ཡོད་ན་བོད་ནང་ནས་ཅི་ཙམ་གྱིས་འཕག་འཚག་རྒྱག་ཐུབ་ན་དེ་ཙམ་གྱིས་བཟང།
    དཔེར་ན་་་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་མ་བཅུག་ན་དགོན་པ་གཞན་ཞིག་ལ་འཚོགས་དགོས། དེ་ནས་ཀྱང་བཀག་ན་ཐང་སྟོང་དང་རི་མགོ་ལ་བུད་ནས་འཚོགས་དགོས། མང་ཚོགས་ཚང་མ་འཛོམས་དགོས། དེ་ཡང་བཀག་བྱུང་ན་ཁྱིམ་ཚང་སོ་སོའི་ནང་ལ་འཛུལ་ནས་ཉིན་ཁ་ཤས་ལ་སྒོ་ཕྱིར་མ་ཐོན་པར་ངོ་རྒོལ་བྱེད་པ་སོགས་་་་དེ་དག་ཡང་འཆར་གཞི་ཡོད་པ་་གྲ་སྒྲིག་ཡོད་པ་་་བྱས་ནས་སྤེལ་དགོས་་གནས་ཚུལ་ཞིབ་གསལ་པར་དང་བཅས་པ་ཚུར་འབྱོར་ཐབས་བྱེད་དགོས་་་ས་ཁུལ་སོ་སོ་ནས་འདི་ལྟར་བྱི་ལོང་ས་འབུར་བཞིན་འབུར་ཐུབ་སོང་ན་་ས་ཆ་ཚང་མ་ས་ནག་ལ་འབུད་ཐུབ་པ་རེད།

    Reply
  8. གངས་ཕྲུག says:
    ལོ་ 15 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས
    ལས་འགུལ་སྤེལ་འོས་ཟེར་བ་ལས་སླ་ཡང་དོ་དངོས་ཐོག་བོད་ནང་ལས་འགུལ་སྤེལ་རྒྱུ་ག་འདྲ་ཡིན་མིན་ཁྱོད་ཀྱིས་ཀྱང་ཤེས་གསལ་ཡིན།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ད་ངོ་མ། གཞིས་ལུས་བོད་མིའི་གནས་སྟངས་ཉིན་རེ་ནས་ཉིན་རེ་མ་འདས་པར་གནས་སྟངས་ཛ་དྲག་ཏུ་དྲག་ཏུ་འགྲོ་གི་འདུག གནས་ཚུལ་ཐབས་སྐྱོ་བོ་ཞེ་དྲགས་འདུག བྱེས་འཁོད་བོད་མི་འགའ་ཞིག་གིས་རང་ཉལ་བསྡད་ནས་གཞན་ལོངས་ལོངས་བརྗོད་ཀྱི་འདུག དེ་བས་ཐབས་སྐྱོ་བ་ཞིག་རེད།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཆོས་དད་རང་དབང་འདི་ཙམ་སྤྲོད་པར་ཡང་དོགས་འདྲོགས་དང་འཇིགས་སྣང་བྱེད་ཀྱིན་པ་རེད། ད་ངོ་མ་ཁོ་ཚོ་འུ་ཐུག་ཡོང་གི་འདུག ད་ཡུལ་མི་ཚོས་་སྐབས་འདི་འདྲར་་ཆོས་དད་རང་དབང་དགོས་པའི་སྐད་འབོད་དང་མཉམ་འཛོམས་ཀྱི་སྨོན་ལམ་འདེབས་རྒྱུའི་ལས་འགུལ་སྤེལ་འོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese