མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་དཀར་མཛེས་དགོན་པའི་དུས་གཏོར་འདུ་ཚོགས་ཐོག དགེ་འདུན་པ་ཞིག་གིས་བོད་དོན་སྐད་འབོད་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་འདུག

ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ། དཀར་མཛེས་དགོན་པའི་འཆར་ཅན་གྱི་དུས་གཏོར་ཚོགས་བཞིན་པའི་སྐབས། གློ་བུར་དུ་དགེ་འདུན་པ་ཞིག་གིས་རང་ལུས་ལ་ས་སྣུམ་བཤོས་ཏེ་མེ་སྦར་ཡོད་འདུག་ལ། སྐབས་དེར་དམར་ལྷབ་ལྷུབ་ཀྱི་མེ་ལྕེའི་ཁྲོད་དུ་ “ རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ། བོད་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས” སོགས་ཀྱི་སྐད་འབོད་བརྒྱབ་ཡོད་ཅིང་། སྐབས་དེར་གྲྭ་བ་དང་ཡུལ་མི་ཚོས་མེ་གསོད་ཐབས་བྱས་ཀྱང་མེ་ཤུགས་ཆེན་འབར་ཏེ་ས་ལ་འགྱེལ་ཡོད་པ་དང་། དེ་མ་ཐག་གྲྭ་བ་སྐོར་ཞིག་གིས་སྨན་ཁང་དུ་བསྐྱལ་ཡོད་འདུག

སྤྱི་ཟུར་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་རྗེས་སུ་སླར་ཡང་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། དགེ་འདུན་པ་ཁོང་གི་མཚན་ལ་ཟླ་བ་ཚེ་རིང་ཞུ་བ་དང་། མིང་འདོགས་ལ་༼ ཅིང་ཀོང་ ༽ ཡང་ཟེར་བཞིན་ཡོད་འདུག ཁོང་གི་སྐྱེས་ཡུལ་ཊེ་ཧོར་དཀར་མཛེས་རྫོང་། དཀར་མཛེས་གྲོང་བརྡལ་ཁྲོན་པེ་ཞང་། རི་ཁག་གཉིས་པ་དཀར་མཛེས་དགོན་ཞབས་པ། ཕ་བདེ་ལེགས་དང་མ་སྒྲོན་མཚོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། དཀར་མཛེས་དགོན་དུ་ཆོས་ཞུགས་གནང་རྗེས། དཀར་མཛེས་དགོན་པ་ར་ཁམས་ཚན་བཅུ་ཡོད་པ་ལས་ཁྲོན་པེ་ཁམས་ཚན་གྱི་གྲྭ་བ་ཡིན་འདུག

ཁོང་སྨན་ཁང་དུ་བསྐྱལ་རྗེས་ཀྱི་གནས་ཚུལ་ད་དུང་ཤེས་རྟོགས་ཀྱི་མི་འདུག་ཅེས་བཀོད་འདུག

 

 

འབྲེལ་ཡོད་གསར་འགྱུར།

NewsClick's founder Prabir Purkayastha was arrested on Tuesday evening
Mobile App

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
ཆོས་དབྱིངས་སྐྱིད་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས། ༢༠༢༣། ༡༠། ༤། དྲ་ལམ་གྱི་པར།
Mobile App

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤ་ཡའི་འགྲན་སྡུར་ནང་གསེར་གྱི་རྟགས་མ་བླངས།

ཆུ་ཚོད་ ༡༧ སྔོན་ལ།
Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

ཆུ་ཚོད་ ༡༨ སྔོན་ལ།
Advertisement for App

TIBET TIMES LAUNCHED NEW ENGLISH WEBSITE

ཆུ་ཚོད་ ༡༨ སྔོན་ལ།

མཆན། 67

  1. སྨར་ཀླུང་དཔའ་ལ། says:
    ལོ་ 12 སྔོན།

    ༄༅། རེ་བ་དང་ཕྱིར་དྲན་ཁྲི་ཁྲག་གི་ཀློང་ནས། མི་རིགས་ཀྱི་བདེ་སྡུག་རྔམ་སྟོན་ཕྱིར་དུ། ཁས་བཤད་དང་དོན་དམ་གཉིས་ར་འཕྲོད་ཀྱི་ཕྱིར་དུ། ༧རྒྱལ་མཆོག་ཡིད་བཞིན་ནོར་བུ། བོད་མི་མགོ་ནག་ཡོངས་ཀྱི་གསེར་ཞལ་མྱུར་མཇལ་གྱི་འབོད་སྒྲ་བཅས། ཤེས་བཞིན་དུ། བསམ་བཞིན་དུ། ཁྱེད་རྣམ་པས་ཚ་ཞིང་བསྲེག་པའི་མེ་ལྕེ་འུར་འུར་དུ་སྐུ་ལུས་ལ་སྦར་བ་གཅིག་རྗེས་གཉིས་མཐུད་དུ་བཞུད་སོང་། ངེད་ཚོ་ཤུལ་ལུས་ཡོད་ཚད་ལུས་སེམས་གཉིས་ཀ་ལ་ཚོར་བ་རྩུབ་གི། སྙིང་དང་རུས་པའི་གཏིང་ནས་ཁྱེད་རྣམ་པ་ལ་ཤ་ཚ་དང་སྙིང་རྗེ་བཟོད་པར་དཀའ་བས། གངས་ཅན་པའི་མདུན་ལམ་ལྗིད་པོ་འདི་ལ་འཁང་ར་དང་ལེ་བརྡ་བྱེད་ནས། མལ་དུ་ལུས་སོང་། མིག་ཆུ་དང་མ་ཎི་འུར་སྒྲོག་མཉམ་དུ་བསྲེས་ནས་དཀོན་མཆོག་ལ་འབོད་པ་བྱེད་ཀྱིན། ངུ་ཤུམ་དང་གསོལ་སྨོན་མཉམ་དུ་བསྲེས་ཀྱིན། ཁྱེད་རྣམས་ཀྱི་ཆེད་དུ། གངས་ཅན་པའི་ཆེད་དུ། ཕུག་བསམ་མ་འཛོལ་བའི་ཆེད་དུ། མྱུར་ནས་མྱུར་དུ་ཞི་བ་ལ་དགའ་བའི་རྒྱལ་ཁབ་དང་མི་སྣ་ཡོད་ཚད་ལ་བདེན་པ་སྒྲོག་གི་ཡོད་ལ། ལས་འགུལ་སྤྱེལ་གྱི་ཡོད། ཁྱེད་རྣམ་པའི་ཆོད་སེམས་དེ་ཡིའི་བདེན་པ་ཆེན་པོས། ངེས་པར་དུ་དྲང་སྲོང་བདེན་པ་ལ་གནས་པ་ཀུན་གྱིས་བདེན་དཔང་བྱེད་པར། ད་ལྟ་ཉིད་དུ་ཕེབས་ནས།
    བདེན་པ་མངོན་གྱུར་དུ་ཡོང་ཐུབ་པའི་གསོལ་སྨོན་ཡང་ཡང་ཞུ་གི་ཡོད།།།།།།།

    Reply
  2. བཀྲ་ཤིས། says:
    ལོ་ 12 སྔོན།

    དམ་པའི་ཆོས་པདྨ་དཀར་པོ་ལས། “དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་༌༌རང་གི་ལུས་ལྷའི་རས་ཀྱིས་ཀུན་ཏུ་དཀྲིས་ནས་འབྲུ་མར་གྱིས་ཞེན་པར་བྱས་ཏེ་༌༌དེ་བཞིན་གཤེགས་པ་དང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོད་པའི་ལས་ཀྱི་ཕྱིར་བདག་གི་ལུས་ལ་མེ་འབར་པར་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་ལུས་ཀྱི་མར་མེ་འབར་བ་དེའི་འོད་ཀྱིས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བརྩོན་འགྲུས་རྩོམ་པ་ཡང་དག་པའོ།། འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་ཆོས་ལ་མཆོད་པ་ཡང་དག་པ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱིས་མཆོད་པ་དང་། ཟང་ཟིང་གིས་མཆོད་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོས་མཆོད་པ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་སྦྱིན་པ་འདི་ནི་མཆོག་སྟེ། རྒྱལ་སྲིད་ཡོངས་སུ་གཏོང་པའི་སྦྱིན་པ་ནི་དེ་ལྟ་མ་ཡིན་ནོ།། བུ་དང་ཆུང་མ་ཕངས་པ་ཡོངས་སུ་གཏོང་བའི་སྦྱིན་པ་ཡང་དེ་ལྟ་མ་ཡིན་ནོ།། རིགས་ཀྱི་བུ་གང་བདག་གི་ལུས་གཏོང་བའི་ཆོས་ཀྱི་མཆོད་པ་འདི་ནི་མཆོད་པ་ཁྱད་པར་ཅན་ནོ། །དམ་པའོ། །མཆོག་གོ། །ཕུལ་ལོ། །གྱ་ནོམ་པའོ། །༌༌༌སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཚིག་དེ་སྐད་ཅེས་གསུངས་ནས་དེ་ནས་ཅང་མི་གསུར་པར་གྱུར་ཏོ།།” ཞེས་གསུངས་འདི་གཞན་ལ་རྒོལ་ཡག་གི་ཆེད་ལུས་ལ་མེ་སྤར་བ་དེར་བསྔགས་པ་ཡིན་ནམ།

    Reply
  3. བཀྲ་ཤིས། says:
    ལོ་ 12 སྔོན།

    འགྱུར་མེད་བསྟན་འཛིན་ནས། ད་ཐེངས་རྒྱལ་བ་རིན་པོ་ཆེས་རྩ་ཆེ་བའི་ཚེ་སྲོག་དུ་མ་ཞིག་ད་དུང་འཕྲོ་བརླགས་མ་སོང་བའི་སྔོན་དུ་བཀའ་སློབ་གཅིག་ཕེབས་ན་ཅི་མ་རུང་་་་་་་་ཉིན་མོ་དེ་ནས་ཁོང་ཚོས་མེར་བསྲེགས་ཀྱི་ལས་འགུལ་མཚམས་ཆད་ཀྱི་རེད་་་་་་་
    འགྱུར་མེད་བསྟན་འཛིན་ནས།
    བློ་གཟུ་བོར་མ་གནས་པ་འཁྱལ་གཏམ་སྨྲ་བ་དག་གིས་་་་་་་་་་་རང་ཉིད་ཀྱིས་བོད་དོན་ཆེད་དུ་ཁབ་ཀྱི་ན་ཟུག་ཙམ་ཡང་བཟོད་མི་ཐུབ་པ་མ་ཟད་་་་་་་་་་་་་་དངུལ་སྒོར་གཅིག་ཀྱང་འགྲོ་གྲོན་བཏང་མི་ནུས་པའི་སྙིང་སྟོབས་མེད་པའི་སྐབས་འཚོལ་བ་མི་ཉུང་བ་ཞིག་གིས་བོད་ནང་གི་མི་འདི་ཚོ་མུ་མཐུད་ནས་ཚེ་སྲོག་མེ་ལ་སྒྲོན་པའི་ཐབས་ཤེས་ཀྱི་སྐད་ཆ་དངོས་ཤུགས་བརྒྱུད་གསུམ་ནས་བཤད་པ་ནི་ལས་འབྲས་དང་ངོ་ཚ་མེད་པའི་དམར་ཧྲེང་མར་ཁྲོམ་ལ་གཅེར་བུར་བུད་པ་དང་ཨ་ན་མ་ན་རང་རེད།

    དྲྭ་གྲོགས་རྣམས་དགོངས་རྩ་ནས་མ་འཚོམ། ངས་འདིར་ཤེས་ཡོན་པ་འགྱུར་མེད་བསྟན་འཛིན་ལགས་ཀྱི་དཔྱད་བརྗོད་འདི་ཁྱེད་རྣམས་ཀྱིས་ཡང་ནས་ཡང་དུ་བསྐྱར་ཀློག་གནག་ཡག་གི་ཆེད་དུ་དྲངས་དགོས་བྱུང་། གང་ཡིན་ཟེར་ན། ཅི་བཤད་རང་དབང་ཡོད་པའི་བཙན་བྱོལ་ནང་གི་བོད་མི་མཐོ་དམན་སུས་ཀྱང་སྐད་ཆ་ཅི་རིགས་བཤད་སོང་ལ། དཔྱད་བརྗོེད་ཀྱང་གྲངས་མེད་ཅིག་སྤེལ་སོང་། རེད་དེ་འདི་ལྟ་བུའི་གནད་ལ་ཁེལ་ཞིང་དོན་ལ་སྨིན་པའི་དཔྱད་གླིང་ཞིག་ད་བར་ཐོན་མེད་པ་ནི་ཇུས་དོག་ཅན་སུས་ཀྱང་ཤེས་ཚོད་རེད།
    དངོས་གནས་རྒྱལ་བ་རིན་པོ་ཆེས་ད་ལྟའི་བོད་དང་བོད་མི་རྣམས་ལ་དགོངས་པ་བཞེས་ཡོད་ན། མ་འོངས་བོད་གཞི་རྩ་བ་གཞོན་ལྷག་བསམ་ཟོལ་མེད་འདི་ཚོ་བསྐྱབ་པའི་ཐབས་ལམ་ངོ་མ་དེ་ཕྱག་བསྟར་གནང་རན་བཞག། ད་དུང་འདི་ལྟར་ནར་འགྱང་བྱས་པ་ཡིན་ན། བོད་སྤྱི་དོན་དུ་ཅི་ཡང་བཟོད་མི་ནུས་པའི་བོད་མི་གྱོང་པོ་འདི་ཚོ་ལས་ལྷག་བསམ་གཤའ་མ་ཅན་གྱི་བོད་མི་རིམ་གྱི་ཟད་འགྲོ་ཉེན་འདུག་
    སྐུ་ཆེ། གཅིག་གནང་རོགས། རང་གི་ལུས་སྲོག་བློས་གཏོང་མཁན་འདི་ཚོའི་དམིགས་ཡུལ་ནི་བོད་དོན་ཙམ་མ་ཡིན་པར་གཙོ་བོ་དེ་རྒྱལ་བ་རིན་པོ་ཆེའི་ཆེད་དུ་ཡིན་པ་སྨྲོས་མེད་རེད།

    Reply
  4. ཆོས་འཕེལ says:
    ལོ་ 12 སྔོན།

    དཀྱིལ་ཤར་ཡུལ་གྲུས་རང་དབང་རྩོད་པའི་ཆེད་དུ་བཏང་བའི་ཚེ་སྲོག་གི་བརྒྱ་ཆ་བཅུ་ལོན་པ་ཞིག་བོད་པས་ཚེ་སྲོག་གི་སྒྲོན་མེ་སྦར་ནས་བོད་ཀྱི་རང་དབང་རྩོད་པ་ཡིན་ན། ནུས་ཤུག་ནི་ཨ་རིས་མགྲན་བྲལ་གྱིས་མཚོན་ཆ་ལས་ཆེ། ཨ་རིས་ཀྱི་མགྲན་བྲལ་གྱི་མཚོན་ཆ་ལ་རྒྱ་གཞུང་མི་ཞེད་ལ། ཡོ་རུབ་ཀྱི་ཆབ་སྲིད་ལ་དེ་ལས་ཀྱང་མི་ཞེད། བོད་ཀྱིས་མི་དཔུང་ལ་སྤུ་རྩེ་ཙམ་མི་བརྩི་ནའང་། མི་འབོར་ཉུང་ཡང་རང་ལུས་མེ་རུ་སྦར་ནས་རང་དབང་རྩོད་པ་འདིས་རྒྱ་གཞུང་སྡོད་བཟོད་མེད་པ་ཞིག་ངེས་པར་བཟོ། ང་ཚོ་ལ་ཡོད་པའི་ཆེས་མཐའ་མའི་ཐབས་ཤེས་དེ་འདི་རེད། གང་ལྟར་རང་རེ་སྔ་ཕྱི་མེད་པ་འགྲོ་དགོས་པ་དང་། རང་རེའི་བོད་རིགས་འདི་སྟོང་བར་ཉེས་དུས་། བོད་མི་མང་ཙམ་གྱིས་ཚེ་སྲོག་གཞན་ལ་གནོད་པ་མེད་པ་སོ་སོས་མ་སྐུལ་དྭངས་བླངས་ཀྱིས་དབུ་ནག་བོད་ཀྱི་ཐོག་ཏུ་གཏོང་ནས་བོད་གྱི་རང་དབང་དང་འདྲ་མཉམ་བདེ་སྡུག་རྩོད་ནས་བོད་རང་དབང་ལེན་པ་འདི་ནི། ཆེས་གཟི་བརྗིད་དང་ལྡན་པ། ཆེས་ཤེས་རབ་དང་ལྡན་པ། ཆེས་ནུས་ཤུག་དང་ལྡན་པ་ཞིག་རེད།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 12 སྔོན།

    དྲ་གྲོགས་མང་པོ་ཞིག་གི་གསུངས་སྟངས་ལ་བལྟས་ཡོང་ན། ཁ་སང་ཁམས་དཀར་མཛེས་དགོན་པའི་གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་ཤག་བྱེད་ཀྱི་འདུག་མོད། ད་སྔ་ཁོང་འདས་གྲོངས་སུ་སོང་ཡོད་མེད་གསལ་ཁ་མི་འདུག ཁོང་གིས་སྐུ་ལུས་མེར་བསྲེགས་བཏང་མ་ཐག དཀར་མཛེས་དགོན་པའི་གྲྭ་བ་རྣམས་ཀྱིས་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱས་རྗེས་ཕྱིར་དགོན་པར་འཁྲིད་ཡོད་འདུག འབྲེལ་ཡོད་ཁག་ལ་སྐད་ཆ་དྲིས་ཀྱང་སྐུ་གྲོངས་ཡོད་མེད་གསལ་བོ་ཤེས་ཐུབ་ཀྱི་མི་འདུག་ཟེར།

    Reply
  6. ཐོག་སྒྲ། says:
    ལོ་ 12 སྔོན།

    བཀའ་ཁྲི་བློ་བཟང་སེང་གེ་ལགས་ཀྱིས་བོད་ནང་ལས་འགུལ་ཕྲན་བུ་རེ་བྱུང་བ་ཡིན་ན་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་བཏུགས་བྱེད་ཀྱི་ཡིན་ཞེས་འུར་སྒྲོགས་མང་བོ་བྱས་སོང་ཡང། ད་ཆ་བོད་ཀྱི་ནང་ལ་རང་རིགས་སྤུན་ཟླ་མང་བོས་རང་སྲོགས་གློས་བཏང་ན་ཡང་ད་ལྟ་ཁ་སྒྲོགས་མེད་པར་ལུས་འདུག ཅི་ཡིན་ནམ།

    Reply
  7. སྐྱ་ཀ says:
    ལོ་ 12 སྔོན།

    བསམ་གཞིགས་རྣལ་མ་ཞིག་བཏང་ཤེས་ནས་བཟུང་། ལོ་རྒྱུས་བཟང་པོ་ཞིག་གོ་བ་ཆགས་ནས་བཟུང་ང་ཚོས་གདོང་ངོར་དཀར་རྩིས་མཚོན་མདོག་ཙམ་ལས་ངོ་གདོང་ངོ་མའི་རང་བཞིན་མིན་པ་ཤེས་ཡོད་སེམས་འགུལ་ཐེབས་པའི་ལྷག་བསམ་གྱི་མེ་ལྕེ་དགུང་སྔོན་དུ་ཕྱུར་ནས་རང་གི་མི་རིགས་ཀྱི་དོན་དུ་གཉིད་དུ་ཡིབ་པའི་མཐུན་སྒྲིལ་གྱི་སྐད་སྒམ་མང་ཚོགས་དཀྱིལ་དུ་སྒྲོགས་ནས་རང་དོན་གྱི་གཡོ་ཟོལ་གསང་སྤྱོད་ནང་སྒྲུབ་པའི་སྐུ་ངོ་བ་རི་ཁག་ཚོ་དང་། གཞན་ཕན་གྱི་ཞལ་ལྕེ་དད་ལྡན་ཚོགས་སུ་བསྒྲགས་ནས་རང་དོན་གྱི་མཐོ་ས་བཟུང་ཆེད་དམིགས་པའི་བསྟན་པ་གཤིགས་པའི་བླ་སྤྲུལ་ཚོ་དང་། མགོ་བོ་དོང་དུ་སྦས་ནས་བཟང་ངན་ཅིའང་མི་ཤེས་པའི་ཕྱི་གླིང་བའི་རྒྱུག་ཁྱི་གཞོན་སྐྱེས་ཚོ་ལ་དེ་རིང་དཔའ་བོ་དང་ཁ་ཙང་གི་དཔའ་བོ་ཚོས་འབོད་ཚིག་འདིས་ཡིད་ཚིམ་པ་བྱུང་སོང་ངམ་་་་

    Reply
  8. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    ངོ་མ་དཔའ་བོ་རང་རེད། རང་གི་ལག་ཏུ་དཔའ་ལྕགས་རྒྱུའི་མཚོན་ཆ་སོགས་གང་ཡང་མེད་པར་དགྲ་བོ་ལ་ཕར་གསོད་རྒྱུའི་ཚབ་ཏུ་རང་གིས་རང་གསོད་པའི་ལས་འགུལ་སྤེལ་བ་ནི་དོན་དམ་པའི་དཔའ་བོ་རང་རེད། ངོས་རང་གིས་བསམ་པར་ལས་འགུལ་འདི་ལྟ་བུ་རིམ་བཞིན་བོད་རྒྱ་ཁྱབ་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག འདི་ནི་ལས་འགུལ་གྱི་རྣམ་པ་གསར་པ་ཞིག་རེད། འདི་གར་བཙན་བྱོལ་གྱི་ནང་དུ་དྷི་ལི་རུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་མུམ་དྷེ་རུ་ལྷག་པ་ཚེ་རིང་དང་། དེ་བཞིན་དུ་མིང་མ་ངེས་པ་ཞིག་གིས་མི་མང་མདུན་བསྐྱོད་ཆེན་མོའི་སྐབས་སུ་རང་ལུས་མེ་ལྕེ་བསྒྲོན་ཡོད་ཀྱང་དངོས་སུ་འདས་གྲོངས་སུ་ཕྱིན་པ་ནི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཁོ་ན་རེད། འདས་གྲོགས་སུ་ཕྱིན་པ་རྣམས་མྱུར་བ་ཉིད་དུ་དག་ཞིང་དུ་སྐྱེ་བའི་སྨོན་འདུན་ཡོད།

    Reply
  9. དྲིན་ཆེ་བའི་ཨ་མ་ལགས་། དངས་གཙང་ says:
    ལོ་ 12 སྔོན།

    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དཔའ་བོའི་མཆོད་མེ་རེ་རེ། སྡུག་བསྔལ་གྱི་རང་མདངས་ཡིན། བདེན་དོན་གྱི་བརྡར་ཤ་ཡིན། ཆིག་སྒྲིལ་གྱི་ཟིལ་ཤུགས་ཡིན། མདུན་སྐྱོད་ཀྱི་སྤོབས་པ་ཡིན། འོད་ཟེར་གྱི་གཞུང་ལམ་ཡིན།
    ཡིན་ན་ཡང། ད་ནི་གཅེས་སྲོག་གི་མནར་གཅོད་དེ་མཚམས་བཞག་ནས། ཞི་རྒོལ་གྱི་ཐབས་ཚུལ་གསར་བ་རེ་འཐེན་རོགས།
    ཁྱེད་ཅག་ནི་བདེན་པའི་སྟོབས་ཀྱིས་འབར་བས།
    བདེན་པ་ཉིད་རྣམ་པར་རྒྱལ་བར་འགྱུར།

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    ད་ཐེངས་རྒྱལ་བ་རིན་པོ་ཆེས་རྩ་ཆེ་བའི་ཚེ་སྲོག་དུ་མ་ཞིག་ད་དུང་འཕྲོ་བརླགས་མ་སོང་བའི་སྔོན་དུ་བཀའ་སློབ་གཅིག་ཕེབས་ན་ཅི་མ་རུང་་་་་་་་ཉིན་མོ་དེ་ནས་ཁོང་ཚོས་མེར་བསྲེགས་ཀྱི་ལས་འགུལ་མཚམས་ཆད་ཀྱི་རེད་་་་་་་

    Reply
  12. ནེ་ཤོད་གྲུ་ཁ། says:
    ལོ་ 12 སྔོན།

    བཟློག་ཏུ་མེད་པའི་ནད་རིགས་དང་ཚེའི་དབང་གི་འཆི་རྐྱེན་མང་བ་ནི་བདེན་དུ་ཆུག་ཀྱང་། དཔའ་རྒོད་ཁོང་རྣམ་པར་ནད་གདོན་གང་ཡང་མེད་པ་འ་ཆད་འུ་ཐུག་གི་རང་ལུས་མེས་བསྲེགས་པ་ནི་ཁྱིམ་གཞིས་དེ་དང་མི་རིགས་དེའི་ཆེད་དུ་ཡིན་པ་འུ་ཚང་གི་མཁྱེན་དགོས་ཡ།

    Reply
  13. ཚང་མ། says:
    ལོ་ 12 སྔོན།

    དྲ་གྲོགས་ཚོ། བློ་སེང་གི་ IBN་གསར་འགོད་པའི་དྲི་ལན་ལ་གཟིགས་རོགས་གནང་།

    Our spirit stronger than Chinese soldiers: Tibet PM
    IBN lIVE 6.605 Videos Abonnieren
    in youtube

    Reply
  14. སྟག་ཚང་རིག་རྒོད་། says:
    ལོ་ 12 སྔོན།

    གྲོགས་པོ་རྣམས་པ་ལགས་།
    དོན་ངོ་མར་བྱ་བདི་ཇི་མང་དུ་སོང་བ་ཡིན་ན་དོན་ངོ་མར་འུ་ཚོ་ལ་ཕན་པའི་བྱ་བ་ཞིག་ཡིན་པར་ངོས་འཛིན་བྱེད་དཀའ་མོ་རེད་།
    ཡིན་ན་ཡང་སེམས་ཤུགས་ལ་ཡིད་རང་བྱེད་ཀྱི་ཡོད་།
    བོད་མི་འགའ་ཞིག་གིས་དེ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མཐོང་སྐབས་ངོ་མ་ཡིན་སེམས་ནང་བཟོད་དཀའ་བའི་སྡུག་བསྔལ་ཞིག་ཡོང་གི་འདུག་།
    དེ་རིང་ཡང་ཟ་ཁང་ནང་དུ་ཡོད་སྐབས་གྲོགས་པོ་ཞིག་ནས་སླར་ཡང་བོད་ནང་ནས་གྲྭ་པ་ཞིག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་མཆོད་མེར་ཕུལ་འདུག་ཟེར་བ་གོ་སྐབས་ངའི་ཁ་ནས་རང་དབང་མེད་པར་མ་ནི་ཚར་གཅིག་ཤོར་སོང་།

    Reply
  15. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    བློ་གཟུ་བོར་མ་གནས་པ་འཁྱལ་གཏམ་སྨྲ་བ་དག་གིས་་་་་་་་་་་རང་ཉིད་ཀྱིས་བོད་དོན་ཆེད་དུ་ཁབ་ཀྱི་ན་ཟུག་ཙམ་ཡང་བཟོད་མི་ཐུབ་པ་མ་ཟད་་་་་་་་་་་་་་དངུལ་སྒོར་གཅིག་ཀྱང་འགྲོ་གྲོན་བཏང་མི་ནུས་པའི་སྙིང་སྟོབས་མེད་པའི་སྐབས་འཚོལ་བ་མི་ཉུང་བ་ཞིག་གིས་བོད་ནང་གི་མི་འདི་ཚོ་མུ་མཐུད་ནས་ཚེ་སྲོག་མེ་ལ་སྒྲོན་པའི་ཐབས་ཤེས་ཀྱི་སྐད་ཆ་དངོས་ཤུགས་བརྒྱུད་གསུམ་ནས་བཤད་པ་ནི་ལས་འབྲས་དང་ངོ་ཚ་མེད་པའི་དམར་ཧྲེང་མར་ཁྲོམ་ལ་གཅེར་བུར་བུད་པ་དང་ཨ་ན་མ་ན་རང་རེད།

    Reply
  16. རང་དབང་རྒྱལ། says:
    ལོ་ 12 སྔོན།

    ཁང་གསར་ལགས་ཀྱིས་ཟེར་ན། “རང་ཅག་རྣམས་དཔའ་བོའི་དུས་རབས་འདི་ལྟ་བུ་ཞིག་དང་འཐབ་རྩོད་ཀྱི་མེ་འོབ་འདི་འདྲ་ཞིག་ཏུ་འཚོ་བཞིན་པ་ནི་སྤོབས་པ་བྱེད་དགོས་པ་ཞིག་ལས་སེམས་པ་ཞུམ་དགོས་པ་ཞིག་མིན།” ཞེས་བཤད་སོང་རུང་། བཙན་བྱོལ་བ་འདི་སྡར་མའི་དུས་རབས་ཤིག་ལས་དཔའ་བོའི་དུས་རབས་ཤིག་ལ་ཐོན་ཡོད་དམ་མེད། ད་རུང་བཙན་བྱོལ་བ་འདིས་འཐབ་རྩོད་ཀྱི་མེ་འོབ་དེ་གསོ་ཐུབ་ཀི་རེད་དམ་མ་རེད།

    མ་གཞི་ནས། ཁྱོད་རང་ལ་རྣམ་དཔྱོད་ཅིག་ཡོད་ན། ད་ཡིན་ན། ཨུ་ཐུག་ཐབས་ཟད་ཀྱི་མེ་ཤུགས་དེ་འཛམ་གླིང་ཅན་ལ་བསྒྱུར་ཐབས་སུ། ཕྱོགས་སྟོན་བྱེད་རན་རེད། མ་གཏོགས་བཙན་བྱོལ་བའི་ཚོགས་པ་ཁག་དང་གཞུང་མང་ཚང་མ་མགོ་འཐོམས་ནས་བསྡད་ཡོད་པ་མ་ཡིན་ནམ།

    མ་ཟད། ད་རུང་རང་རང་ས་ནས་མཛད་སྒོ་དང་གླུ་གཞས་འགྲན་བསྡུར། གྱོན་ཆས་འཁྲབ་སྟོན་དང་སྙན་ངག་གྱེར་འདོན་གྱི་དབྱིངས་སུ་འཐིམས་ཀྱིན་པ་བཙན་བྱོལ་བ་ལ་གསལ་འདེབས་ཤིག་བྱས་ན། གང་འདྲ་ཞིག་ཆགས་ཡོང་ངམ།

    ཁྱོད་ཀྱིས་བཤད་པ་བདེན་པ་རྒྱུ་ཡིན་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་བོད་ནང་གི་ཛ་དྲག་གི་གནས་ཚུལ་སྐྱེལ་བྱེད་ཀྱི་ནུས་པ་མ་ཡོད་པ་ཡིན་ན། ད་གང་འདྲ་བྱེད་དགོས་སམ། དེས་ན། གང་ཞིག་བྱས་ནས་ཅི་ཞིག་བསྒྲུབ་ན་ཕན་ནུས་ཐོན་གི་རེད་དམ།

    Reply
  17. ཁང་གསར་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་ཀྱི་དཔའ་བོའི་མེ་ལྕེ་འདིས། རྒྱ་ནག་གཞུང་གི་སྙིང་ཁ་བསྲེགས་བཞིན་ཡོད། གྲྭ་བཙུན་ཚོ་ཨུ་ཐུག་ཐབས་ཟད་ཀྱིས་མེ་ལྕེར་ལྕེབས་ཐེངས་རེ་རེས། བོད་མི་རིགས་ཡོངས་ཀྱི་སེམས་ན་བཟོད་པར་དཀའ་བའི་རྨ་ཁ་སྟོང་ཕྲག་བཟོ་བཞིན་ཡོད། རྨ་ཁ་འདི་ཧ་ཅང་་གསོ་དཀའ་བ་ཡིན། འདི་ནི་མཐུན་པ་ནས་མི་མཐུན་པར་གྱུར་བའི་རྐྱེན་དང་། འདི་ནི་གཅིག་ནས་གཉིས་སུ་ཁ་བྲལ་འགྲོ་བའི་རྒྱུ་ངོ་མ་ཡིན། རང་ཅག་རྣམས་དཔའ་བོའི་དུས་རབས་འདི་ལྟ་བུ་ཞིག་དང་འཐབ་རྩོད་ཀྱི་མེ་འོབ་འདི་འདྲ་ཞིག་ཏུ་འཚོ་བཞིན་པ་ནི་སྤོབས་པ་བྱེད་དགོས་པ་ཞིག་ལས་སེམས་པ་ཞུམ་དགོས་པ་ཞིག་མིན།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist