མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་དཀར་མཛེས་དགོན་པའི་དུས་གཏོར་འདུ་ཚོགས་ཐོག དགེ་འདུན་པ་ཞིག་གིས་བོད་དོན་སྐད་འབོད་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་འདུག

ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ། དཀར་མཛེས་དགོན་པའི་འཆར་ཅན་གྱི་དུས་གཏོར་ཚོགས་བཞིན་པའི་སྐབས། གློ་བུར་དུ་དགེ་འདུན་པ་ཞིག་གིས་རང་ལུས་ལ་ས་སྣུམ་བཤོས་ཏེ་མེ་སྦར་ཡོད་འདུག་ལ། སྐབས་དེར་དམར་ལྷབ་ལྷུབ་ཀྱི་མེ་ལྕེའི་ཁྲོད་དུ་ “ རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ། བོད་ལ་རང་དབང་དགོས། མི་རིགས་འདྲ་མཉམ་དགོས” སོགས་ཀྱི་སྐད་འབོད་བརྒྱབ་ཡོད་ཅིང་། སྐབས་དེར་གྲྭ་བ་དང་ཡུལ་མི་ཚོས་མེ་གསོད་ཐབས་བྱས་ཀྱང་མེ་ཤུགས་ཆེན་འབར་ཏེ་ས་ལ་འགྱེལ་ཡོད་པ་དང་། དེ་མ་ཐག་གྲྭ་བ་སྐོར་ཞིག་གིས་སྨན་ཁང་དུ་བསྐྱལ་ཡོད་འདུག

སྤྱི་ཟུར་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་རྗེས་སུ་སླར་ཡང་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། དགེ་འདུན་པ་ཁོང་གི་མཚན་ལ་ཟླ་བ་ཚེ་རིང་ཞུ་བ་དང་། མིང་འདོགས་ལ་༼ ཅིང་ཀོང་ ༽ ཡང་ཟེར་བཞིན་ཡོད་འདུག ཁོང་གི་སྐྱེས་ཡུལ་ཊེ་ཧོར་དཀར་མཛེས་རྫོང་། དཀར་མཛེས་གྲོང་བརྡལ་ཁྲོན་པེ་ཞང་། རི་ཁག་གཉིས་པ་དཀར་མཛེས་དགོན་ཞབས་པ། ཕ་བདེ་ལེགས་དང་མ་སྒྲོན་མཚོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། དཀར་མཛེས་དགོན་དུ་ཆོས་ཞུགས་གནང་རྗེས། དཀར་མཛེས་དགོན་པ་ར་ཁམས་ཚན་བཅུ་ཡོད་པ་ལས་ཁྲོན་པེ་ཁམས་ཚན་གྱི་གྲྭ་བ་ཡིན་འདུག

ཁོང་སྨན་ཁང་དུ་བསྐྱལ་རྗེས་ཀྱི་གནས་ཚུལ་ད་དུང་ཤེས་རྟོགས་ཀྱི་མི་འདུག་ཅེས་བཀོད་འདུག

 

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 67

  1. རང་དབང་རྒྱལ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ་ལགས།

    ད་ཡིན་ན། བཙན་བྱོལ་བའི་གཞུང་དང་ཚོགས་པ་ཁག མི་མང་བཅས་ཀྱི་ངོས་ནས་ཛ་དྲག་གི་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བསམ་ཚུལ་རེ་འདོན་རོགས་ཞུ།
    ༡》 དུས་ཚོད་དམ་འཛིན་བྱེད་དགོས།
    ༢》 ཐབས་བྱུས་ཟབ་མོ་ཞིག་སྤེལ་དགོས།
    ༣》 མཉམ་རུབ་ཀྱིས་མདུན་དུ་ཐོན་དགོས།
    ༤》 ལས་འགུལ་གྱི་རྣམ་འགྱུར་བརྗེ་དགོས།
    ༥》 རྒྱུན་མཐུད་རང་བཞིན་གྱི་ལས་འགུལ་ཞིག་དགོས།
    ༦》 བོད་ནང་གི་ཛ་དྲག་གི་གནས་ཚུལ་ཡིག་རིགས་འདྲ་མིན་བསྒྱུར་དགོས།
    ༧》 དེ་ཡང་གོ་རིམ་སོགས་ཡོད་པའི་སྒོ་ནས་གྲ་སྒྲིག་བྱེད་དགོས།
    ༨》 ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ཞིག་ཟུར་འཛུགས་བྱེད་དགོས།

    འདིའི་སྐོར་ནས་ངས་ཀྱང་བསམ་ཚུལ་ཞིག་སྤེལ་ངེས་ཡིན་པས་ན། དེ་དུས་དྲ་གྲོགས་རྣམ་པའི་དགོངས་ཚུལ་ལྷུག་སྩོལ་ཡོང་བར་ཞུ།

    Reply
  2. ནགས་མེ། says:
    ལོ་ 14 སྔོན།

    འཕྲེང་འཁྲེང་ལ་ཆོས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་གི་སྲོག་ལ་ཡང་མི་འཚེ་བའི་འཚེ་བ་མེད་པའི་ཐབས་ལམ་གྱི་ལས་འགུལ་ཞིག་མྱུར་དུ་སྤེལ་རན་མི་འདུག་གམ།

    Reply
  4. རྒྱང་རིང་། says:
    ལོ་ 14 སྔོན།

    དཔའ་བོ་ཁོང་གི་དཔར་གཟིགས་འདོད་ན། བེ་རི་འགྱུར་མེད་ཀྱི་ངོ་དེབ་ནང་དུགཟིགས་རོགས།

    Reply
  5. ཚང་མ། says:
    ལོ་ 14 སྔོན།

    སྐྱོ་གདུང་དྲག་པོས་མྱ་ངན་གུས་འདུད་ཞུ་རྒྱུ་དང་། གྲྭ་བཙུན་ཚོས་རྒྱ་ནག་གི་སྡུག་རྩུབ་ལ་མ་བཟོད་པར་གཞན་དོན་གྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་དེ་ཆེས་མཐའ་འཇུག་གི་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད།
    ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།།

    Reply
  6. རྒྱང་རིང་། says:
    ལོ་ 14 སྔོན།

    ད་ཁམས་དཀར་མཛེས་ནས་དཔའ་བོ་ཚོས་རང་ལུས་མི་རིགས་ཀྱི་དོན་དུ་འབུལ་གྱིན་འགོ་རྩོམ་སོང་། དཔའ་བོ་དཔའ་མོ་ཚོའི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།།

    Reply
  7. ནགས་མེ། says:
    ལོ་ 14 སྔོན།

    ང་ཚོ་སུས་ཀྱང་བོད་ནང་གི་སྤུ་ཟླ་དེ་ཚོར་ཤ་ཚ་དང་ཚ། ཁོང་ཅག་གི་ཕ་མ་ཚོར་ཡ་ང་དང་ང་། གཉེན་ཉེ་དང་གྲོགས་དགའ་མཛར་སེམས་འཕྲེང་དང་འཕྲེང་། འདིར་དོགས་པ་རྩ་ནས་མི་དགོས་ལ། སོམ་ཉིའང་མེད་པར་མཛོད། གྲོགས་པོ་ཚོ་བློ་བདེ་པོ་གྱིས། ཡིན་ནའང་། མི་རིགས་འདིའི་འཆི་གསོན་གི་ཆེད་དུ། ངས་ཅི་ཡང་བྱ་མི་ཕོད་ན་ཡང་། ཅི་ཡང་བསམ་ངེས་པར་ཕོད། ཐ་ན་་་་་་་་་།
    རྡོག་རྡོག ང་མན་ཇུའི་རྐང་རྗེས་ལ་ཧ་ཅང་སྐྲག་ཆེས་པས་ཡིན།

    Reply
  8. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་རྣམ་པ་བཅུ་ཡིས་ལོ་འདིར་རིམ་བསྟུད་རང་ལུས་མེར་སྒྲོན་པའི་སྒོ་ནས་རྩ་དོན་བསླངས་པ་དེ་ལ་སྙིང་ཁུང་རུས་པའི་གཏིང་ནས་གུས་འདུད་ཞུ།
    མགོན་པོ་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བར་ཤོག
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།
    ཨོྂ་ཨ་མི་དེ་བ་ཧྲཱིཿ།

    Reply
  9. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱལ་བཅེས་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ནས་གུས་འདུད་ཞུ། རྗེས་ཕྱོགས་ལས་འགུལ་འདི་རིགས་མུ་འཐུད་ནས་སྤེལ་ཚེ་ནུས་པ་ལྡན་པ་ཞིག་ཡོང་ཆེད་བོད་ཀྱི་རྒྱལ་ས་ལྷ་ས་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་རྒྱ་བོད་ཀྱི་གྲོང་ཁྱེར་ཆེ་ཁག་དང་། མི་མང་དང་གསར་འགོད་པ་མང་ས་ལ་སོང་ནས་ལས་འགུལ་སྤེལ་ཐུབ་ན་ཧ་ཅང་གི་ནུས་པ་ཆེན་པོ་ཐོན་ཐུབ་པར་སེམས།

    Reply
  10. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    ད་མྱ་ངན་ཞུ་བ་དང་མ་ཎི་འདོན་པ། སྐད་འབོད་བྱ་རྒྱུ་ལས་ཅང་མི་འདུག་ལགས་ཞེས་ངས་དཔའ་བོ་དེ་དག་གི་གཤེགས་ཤུལ་དུ་སྒྲོག་ན་འདོད། ཁྱེད་རྣམ་པ་བདེ་བར་གཟིམ་རོགས།

    Reply
  11. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    ཨ་ཁ་ཁ་ད་མ་བྱུང་། རྒྱལ་གཅེས་པ་ཁྱེད་རྣམ་པའི་སྙིང་སྟོབས་ལ་ཡིད་རང་སྙིང་ནས་ཞུ། ཁྱེད་རྣམ་ནི་ང་ཚོ་བོད་གངས་ཅན་པའི་བདེན་དོན་གྱི་རྩ་བ་ཡིན། ནམ་ཡང་ཁྱེད་རྣམ་ལ་གུས་འདུད་ཞུ། ཁྱེད་རྣམ་བདེ་བར་གཟིམས་ཤིག བོད་རྒྱལ་ལོ། བདེན་དོན་རྒྱལ་ལོ།

    Reply
  12. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    གཉིས་པ་ནི་འདིའི་སྐོར་༸གོང་ས་མཆོག་ལ་ཞུས་ནས་བཀའ་སློབ་ཅིག་གནང་འཇུག་དགོས་ཞེས་པ་དེ་རེད། ངའི་བསམ་ཚུལ་འགྲིག་མིན་གང་ལྟར། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་མེ་བསྲེགས་ལས་འགུལ་དེ་གསང་བ་ལྐོག་གྱུར་ཞིག་མ་ཡིན་པར་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་འགྲོ་བཞིན་པ་ཞིག་ཡིན་དུས་༸གོང་ས་མཆོག་གིས་མ་མཁྱེན་པ་ནི་མི་སྲིད་པ་ཞིག་རེད། ཡིན་ནའང་ད་བར་༸གོང་ས་སྐྱབས་མགོན་ཆེན་པོས་གཞིས་ལུས་མི་མང་ལ་བཀའ་སློབ་རབ་དང་རིམ་པ་ཕེབས་ནས་བོད་ནང་གི་བོད་མི་ཚོས་གང་ཐུབ་ཅི་འོས་ཀྱིས་ལག་བསྟར་མང་པོ་མཛད་ཡོད་པ་རེད། ད་སྐབས་ཀྱི་གནད་དོན་འདི་ནི་༸གོང་ས་མཆོག་གིས་བཀའ་སློབ་གནང་མ་གནང་དང་འབྲེལ་བ་མི་འདུག་སྙམ། རྒྱུ་མཚན་ནི། རྒྱ་ནག་པོས་བཙན་གནོན་དང་འཇིགས་སྐུལ་ཡ་ང་བ་འདི་དག་མཚམས་འཇོག་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་ཐུབ་ན། ད་ལྟའི་དོན་རྐྱེན་འདི་དག་རང་བཞིན་གྱིས་ཆད་འགྲོ་གི་རེད་མ་གཏོགས་འ་ཆད་ཐུག་ཐབས་ཟད་ཀྱི་གནས་སྐབས་འདི་འདྲ་ཞིག་ལ། ༸གོང་ས་མཆོག་གིས་བཀའ་སློབ་གནང་ཡང་ཕན་གྱི་རེད་དམ། ངས་བསམ་ན་༸གོང་ས་མཆོག་ལ་ཆེད་དུ་ཨུ་ཚུགས་མ་བྱས་ན་ཡག་པོ་འདུག་སྙམ། གལ་ཏེ་བཤད་སྟངས་ནོར་ཡོད་ཚེ་དྲ་གྲོགས་ཡོངས་ལ་དགོངས་དག་ཞུ།

    Reply
  13. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་གང་ལ་སེམས་བསམ་པ་དང་། སྙིང་རུས་པའི་གཏིང་ནས་ཡི་རང་ཞུ་རྒྱུ་དང་། ནམ་ཡང་སེམས་ཀྱི་གཏིང་ན་དཔའ་འབར་བཞིན་ཉར་གྱི་ཡིན་ཞེས་ཞུ་རྒྱུ་དང་།

    ཞོར་དུ་ཞུ་རྒྱུ་ཞིག་ནི། མི་ལ་ལ་ཞིག་གིས་བོད་ཀྱི་དཔའ་བོ་ཚོ་རྫོགས་འགྲོ་བའི་དོན་མེད་ཀྱི་སེམས་འཁྲལ་ཞིག་བྱེད་ཀྱིན་འདུག་ནའང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ནི་ཇི་སྲིད་ཁ་བ་གངས་ཅན་པ་མ་འཇིག་པ་དེ་སྲིད་དུ་ཁོང་ཚོ་ང་ཚོའི་མགོན་དང་དཔུང་གཉེན་དུ་རྒྱུན་ཆད་ཀྱི་མ་རེད་སྙམ་གྱི་ཡོད། རྒྱུ་མཚན་ནི། བཙན་པོ་སྲོང་བཙན་སྒམ་པོ་ནས་བཟུང་ད་བར་བོད་ཀྱི་དཔའ་བོའི་རྒྱུན་ཐག་ནམ་ཡང་ཆད་མེད་པས་རེད། དེའི་ཕྱིར་རྒྱལ་ཁབ་ཀྱི་ཆེད་དུ་སྲོག་གཏོང་མི་ཐུབ་མཁན་ཚོས་བོད་ཀྱི་ཆོས་དང་རིགཞུང་། སྐད་ཡིག་དང་བཅས་པ་སྲུང་འཛིན་དང་། མི་རིགས་འཕེལ་རྒྱས་སོགས་ཀྱི་ཕྱོགས་ལ་མནོ་བསམ་བཏང་ན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་ན་འུ་ཅག་བོད་པ་ཚང་གི་ཁྱིམ་ནས་ནམ་ཡང་འཁྲུངས་པར་ཡིད་ཡོད། དེའི་ཕྱིར་ན་འུ་ཐུག་པའི་སྐད་ཆ་དེ་འདྲ་འཆད་དགོས་པ་ཨེ་ཡོད་སྙམ། དེ་གཅིག་ཡིན།

    Reply
  14. རོ་ལངས། says:
    ལོ་ 14 སྔོན།

    མེ་ལྕེའི་ཀློང་དུ་ལྷུང་བའི་མི་རིགས།

    མེ་ལྕེའི་ཀློང་དུ་ལྷུང་བའི་མི་རིགས་དེ་སུ་རེད་

    དཔའ་རྒོད་འབུམ་གྱིས་
    གཅེས་སྲོག་གངས་འདབས་རླུང་དང་རྩེད་ཅིང་
    སྙིང་ཁྲག་གངས་རིའི་ངོས་སུ་གཏོར་རུང་
    མ་འགྲུབ་པའི་རེ་བ་དེའི་ཆེད་དུ་
    མེ་ལྕེའི་ཀློང་དུ་ལྷུང་བའི་མི་རིགས་དེ་སུ་རེད་

    མི་རབས་གོང་མ་ཚོས་
    མགོ་བོ་མཐོན་པོ་དེ་མ་བསྒུར་ཅིང་
    བརྙའ་བ་སྦོམ་པོ་དེ་མ་ཞུམས་པར་
    རྒྱལ་ཁབ་ནས་རྒྱལ་ཁབ་བརྒྱུད་
    ཁྱེར་འོངས་བའི་རེ་བ་དེའི་ཆེད་དུ་
    མེ་ལྕེའི་ཀློང་དུ་ལྷུང་བའི་མི་རིགས་དེ་སུ་རེད་

    བླ་ཆེན་མི་ཆེན་ལ་ལས་
    བསྟན་པ་གཅིག་དང་སེམས་ཅན་གཉིས་ཀྱི་ཆེད་དུ་
    བློས་གཏོང་བཞིན་པའི་རེ་བ་དེའི་ཆེད་དུ་
    མེ་ལྕེའི་ཀློང་དུ་ལྷུང་བའི་མི་རིགས་དེ་སུ་རེད་

    སུ་ཞིག་གི་གྲིབ་མ་ནག་པོ་དེའི་དབང་ཞབས་ནས་
    ཆ་རྐྱེན་འདོན་པའི་ལམ་ཁ་གཞན་མེད་དུས་
    ཁག་ཐེག་མེད་པའི་རེ་བ་དེའི་ཆེད་དུ་
    མེ་ལྕེའི་ཀློང་དུ་ལྷུང་བའི་མི་རིགས་དེ་སུ་རེད་

    མེ་ལྕེ་ མེ་ལྕེ་ མེ་ལྕེ་
    གཅིག་ལས་གཉིས་མཆེད་ཀྱི་མེ་ལྕེ་འབར་བཞིན་འདུག་
    དཔའ་ངར་ལྡན་པའི་སྤུན་ཟླ་གཞོན་ནུ་དག་ཚིག་བཞིན་འདུག
    དེ་དང་ལྷན་དུ་ངའི་སྙིང་དུམ་དེ་ཡང་ཚིག་བཞིན་འདུག
    ཡང་སྙིང་ མེ་ལྕེའི་ཀློང་དུ་ལྷུང་བའི་མི་རིགས་དེ་སུ་རེད་

    ༢༠༡༡་༡༠་༢༡

    Reply
  15. དམ་སྲི་འབྱུང་པོ། says:
    ལོ་ 14 སྔོན།

    གོང་དུ་གནས་ཚུལ་དེའི་ཁར་ཤེས་རྟོགས་བྱུང་བར་རྒྱལ་གཅེས་དཔའ་བོ་ཟླ་བ་ཚེ་རིང་ད་ལྟ་རང་ཤག་ཏུ་རྨ་ཁ་ལ་རུབ་སྨན་རྒྱབ་ནས་གྲངས་རྒྱུ་སྒུག་བསྡད་ཡོད་པ་བོད་ནས་ཁ་དཔར་བརྒྱུད་བཤད་བྱུང་།

    Reply
  16. ཤག་སྒང་པ། says:
    ལོ་ 14 སྔོན།

    ཁོར་ཡུག་ཚ་ཚ་འུར་དུ་འབར་གྱིན་པའི་གནས་སྐབས་འདིར་བྲིས་ཚད་ལབ་ཚད་ཞིབ་ཕྲ་དགོས་པ་ལས། འོལ་ཚོད་དང་ཆབ་སྲིད་ཀྱི་ཁེ་ཕན་ཞིག ཡང་ན་ངར་ཞེན་ཆུང་ཆུང་ཞིག་གི་འོག་ཏུ་བུད་ནས་དྲ་ལམ་དུ་གང་བྱུང་འབྲི་ན། ཆེས་ཉེན་ཁ་ཆེ་བས་ང་ཚོས་ཡིད་གཟབ་བྱ་རན་ནས་འདུག

    རི་ལུག་ན་ཐག་པས་མི་འདོམ་པ་ཞིག་ཡོང་ལ་ཉེ་བས་ཡིད་གཟབ་གནོངས་ཤིག་གངས་པ་ལགས། རྩོམ་པ་པོ་འདྲེ་མེ་འབུད་ཀྱི་གསུང་ལ་བདེན་ཁ་འདུག

    Reply
  17. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    འགའ་ཞིག་གིས་རང་སེམས་ལ་ཞིབ་གཤེར་ཞིག་བྱེད་རེན་འདུག་པ་མ་ཟད་བྱང་ཆུབ་སེམས་མཆོག་མའི་རྗི་ཚད་ལ་བསམ་ཞིག་བྱེད་དགོས་འདུག
    ཚོར་འདུ་གློ་བུར་བའི་ཕུད་རྒྱག་བྱས་ཚད་ཀྱི་ལར་ཞེན་མཚོན་མི་ཐུབ་པར་དེ་ལས་གོ་ལྡོག་མི་སྲིད་པ་མིན

    Reply
  18. sangkye says:
    ལོ་ 14 སྔོན།

    ཨོ་ད་ཡང་འགྲིག་མ་སོང་དཀོན་མཆོག་མཁྱེན། བོད་གྱི་རྒྱལ་གཅེས་དཔའ་བོ་རྣམས་ཉུང་ནས་ཉུང་དུ་འགྲོ་གི་འདུག། དེ་རང་གི་དཔའ་རྒོད་གྱི་ལུས་ཀྱི་ན་ཚ་མེད་པ་དང་སེམས་སྡུག་བསྔལ་མི་འབྱུང་བའི་སྨོན་འདུན་ཞུ།་་་་་་་དེའི་དོན་ཏུ་་་་་ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།།

    Reply
  19. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    མེ་མཆོད་དང་སྐད་ཆ་ཞིག

    ཁྱོད་ཚོར་ཐེ་ཚོམ་ཅི་ཡང་མེད་པ ཤིན་ཏུ་བདེན
    སྙིང་སྟོབས་ཀྱིས་ཁེངས་པ་དག་གློ་བུར་དུ་བཞུད་པ་འདིས
    ཐག་རིང་གི་ངལ་སོས་པ་དག་ལ སྐད་ཆ་ཇེ་མང་དུ་བཏང་སོང

    ཆབ་སྲིད་པ་འགའ་རེས མྱི་འཚིག་པར་སྒུག་ཡོད་པ་འདྲ
    ཁོ་ཚོས་ཚེ་སྲོག་ནི་རོལ་རྩེད་ཀྱི་ཡོ་བྱད་ཅིག་ཏུ་བརྩིས་ཡོད་པ་འདྲ
    ཧ་ཅང་ཆུང་བའི་ཁ་བ་ཅན ཁྱིམ་མི་ཉུང་བའི་ཁ་བ་ཅན
    མེ་དཔུང་འུར་ལྷང་ལྷང་འབར་གྱིན་མཆིས

    གལ་སྲིད དགོན་གྲོང་མེད་པར་མེ་འབར་ན
    ཁྱོད་ཚོ་ཁ་ལག་བསྲོ་མཁན་གྱི་ངོ་གདོང་དམར་པོ་དེ་དག་ཡིན་ནམ
    ཁྱོད་ཚོས ཤོག་བུའི་ངོས་ནས་གཞུང་ལུགས་འཆད་མཁན་དེ་དག་ཡིན་ནམ

    ཆབ་སྲིད་རེད མི་སྲོག་འཆོར་དགོས་ཟེར་ན
    སྔོན་ཆད་ནས་བཟོད་དུ་མེད་པའི་ན་ཟུག་ཅིག མེ་ལྕེ་ཁྲོད་དུ་ལྷུང་བ་བཞིན
    འུ་ཚོའི་ཟུངས་ཁྲག་རྔུབ་བྱེད་ཅིག་ཏུ་གྱུར་འདུག
    གོ་ཁ་དྲོ་བའི་ཨ་མ་དེ་ཚོའི་གཅེས་པའི་བུ་རེ་རེ བུ་མོ་རེ་རེ
    དེ་རིང་གི་འུ་ཚོའི་དྲ་ལམ་ན་འབར་བཞིན་པ་འདི་ཉིད་རེད

    རྐུབ་སྟེགས་པ་འགའ་རེེས ཅི་ཡང་མི་སྙམ་པར་ངོ་དེབ་ཀྱི་མར་མེ་བསད་སོང
    དེ་ནི་འགྲོ་སྟངས་ཤིག་ཏུ་ངོས་སུ་འཇོག་བཞིན་པའི་སྐབས་འདིར
    ང་ཚོའི་རྩོད་གཞི་ནི ཕ་རོལ་ཞིག་ཏུ་ཡོད་པའང་བརྗེད་ཟིན

    དེ་རིང་ཡང བླ་སྲོག་ཅིག་འོད་དུ་བསྒྲོན་བྱུང
    མུ་མཐུད་བསྒྲོན་ངེས་པ་འདིས ་་་་་་་་་་་་་་་་་་་་་་
    ༢༠༡༡ ༡༠ ༢༥ ལ་བྲིས།

    Reply
  20. ནད་པ says:
    ལོ་ 14 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །

    ༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག ། བོད་རྒྱལོ། །

    Reply
  21. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    དཔའ་བོ་དཔའ་མོ་ཚོའི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།། ཨོཾ་མ་ཎི་པདྨེ་ཧཱུཾ།།

    Reply
  22. བསྟན་འཇམ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྨོན་འདུན་གྲངས་མེད་ཞུ ། རྒྱལ་དཔའ་བོ་དཔའ་མོ་རྒྱལ་གྱུར་ཅིག་ནམ་ཡང་རྒྱལ་གྱུར་ཅིག

    Reply
  23. ནགས་མེ། says:
    ལོ་ 14 སྔོན།

    མི་རིགས་ཤིག་གི་རང་དབང་སླར་གསོའི་ལས་ཀ་འདི་མགོ་བརྩམས་པ་ཉིད་ནས། ཧ་ཅ་མགོ་རྙོག་པའི་ལས་དོན་ཞིག་གི་སྣེ་ལ་འཇུས་ཚར་བ་རེད། འདིར་དུས་དང་རྣམ་པ་ཀུན་ཏུ་བྱང་མཆོག་སེམས་མཆོག་རྐྱང་རྐྱང་ཁ་ལ་ཁྱེར་ནས། མར་མེ་འདྲ་བཀྱག་པ་ཁོ་ནས་ཙམ་གྱིས་མི་ཡོང་ཐག་ཆོད་རེད། རྒྱལ་ཁབ་གཞན་པའི་རང་དབང་སླར་གསོའི་བརྒྱུད་རིམ་ལ་ཅིག་བསམས་ན། མི་གཅིག་གཅིག་གཉིས་གཉིས་ཟེར་བ་ཧ་ཅང་ཆུང་ཆུང་རེད། ཆུང་ས་བློས་གཏོང་བྱ་མ་ཕོད་ན། ཆེ་ས་ཀ་ཁ་སོགས་བརླག་རྒྱུ་ངེས་པས། བསམ་བློ་གུ་ཡངས་ཙམ་གཏོང་རོགས། གདུག་རྩུབ་ཆེ་ཙམ་བྱ་རོགས། གྲོགས་པོ་ཚོ།

    Reply
  24. འཇམ་བཟང་། says:
    ལོ་ 14 སྔོན།

    ཡང་དེ་རིང་ཁ་བ་གངས་ཅན་པའི་དཔའ་བོའམ། གངས་རིའི་དཔའ་རྒོད་ཞིག་རང་དབང་དང་ཞི་བདེའི་ཆེད་དུ་སྐུ་ལུས་མར་མེ་རུ་ཕུལ་སོང་ལ། རྒྱ་ནག་གིས་ད་དུང་ཡང་ཡ་ལན་གང་ཡང་མེད་པ་བསྡད་ཡོད། ད་ནི་ང་ཚོའི་མ་འོངས་པའི་རང་ལུས་མར་མེ་ལ་མ་ཕུལ་ནས། རྒྱ་ནག་གི་དམག་སྒར་དང་། གློག་ཁང་ཆེ་ཁག དངུལ་ཁང་། ཚོང་ཁང་། ལས་ཁང་ཆེ་ཁག་བཅས་ལ། ལུས་ལ་འབར་རྫས་ཁུར་ནས་འགྲོ་བའི་དུས་ལ་བབ་སོང་སྙམ། དེ་མིན་ཅི་ཞིག་བྱས་ཡོང་། རྒྱ་ནག་གི་ནམ་ཡང་མགོ་བོ་མི་བཀྱག་ཐག་ཆོད་ཡིན།

    Reply
  25. རྒྱང་མིག says:
    ལོ་ 14 སྔོན།

    བཀྲ་ཤིས་ལགས སྔོན་གྱི་ཆུ་སྒང་དམག་མི་དེ་ཚོ་རྒྱལ་ཞེན་པ་མ་རེད། བསྟན་ཞེན་པ་རེད་ད་དུང་བསྟན་སྲུང་བ་རེད། ད་ལོའི་འདི་ཚོ་རིགས་ཞེན་པ་རེད། རྒྱལ་ཞེན་པ་རེད་ཁོང་ཚོ་ནམ་ཡང་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ན་གཟི་བརྗིད་ཀྱིས་བཞེངས་ཡོད། དེ་གཉིས་ཅུང་མི་འདྲ་ས་འདུག།

    Reply
  26. རང་དབང་རྒྱལ། says:
    ལོ་ 14 སྔོན།

    གནམ་ལྕགས་ལ།
    ང་ལ་བསམ་ཚུལ་ཤོད་དབང་ཞིག་ཡོད་རྒྱུ་མོད། འོན་ཀྱང་ཁྱོད་རང་གིས་མཆན་བུ་གཉིས་པ་དེས། ང་ལ་བསམ་ཚུལ་གང་ཡོད་པ་རྣམས་ཕྱིར་བསྡུ་བྱེད་དགོས་པའི་བརྡ་ཞིག་བསྟན་སྟངས་ལ་བལྟས་ཡོང་ན། ད་རུང་། བཙན་བྱོལ་བོད་མི་ཁྱོན་ཡོངས་དང་། ལྷག་པར་དུ་བཙན་བྱོལ་གྱི་ཡིག་འབྲི་བ་ཚོའི་ནང་ལ་འདི་འདྲའི་བསམ་ཚུལ་ཡོད་དུས། མང་གཙོ་དང་རང་དབང་གི་རིན་ཐང་དེ་སྙོབས་ཐུབ་ཀྱིས་མེད་པ་གསལ་བོ་མི་འདུག་གམ།

    བཙན་བྱོལ་བ་ལ་བཙན་བྱོལ་བའི་འགན་འཁྲི་ཞིག་ཡོད་པ་རེད་མོད། འོན་ཀྱང་ཆོས་རྒྱུད་ཁག་གི་དབུ་ཁྲིད་ཡིན་རུང་། རང་རང་ངར་སྡོད་ས་ཞིག་ཡོད་པ་མ་རེད། གང་ཡིན་ཟེར་ན། བཙན་བྱོལ་བ་འདི་ཆབ་སྲིད་ཀྱི་དཀའ་རྙོག་འཕྲད་ནས་བྱོལ་བ་རེད་མ་གཏོགས་ཆོས་ཤིག་སྤེལ་ས་རག་ན་འགྲིགས་བསྡད་ཡོད་པའི་བསམ་སྤྱོར་ནི། འགན་ལེན་མ་བྱས་པའམ་གཞིས་བཞུགས་སྤུན་ཟླ་རྣམ་པའི་དཀའ་སྡུག་ལ་བསམ་ཤེས་མ་བཏང་བ་རེད། རྒྱུ་མཚན་ནི། རང་རང་སྐྱིད་ས་བདེ་ཞིག་ལ་ཐོན་ཕྱིན། གཞན་ལ་བལྟ་རོགས་དང་མཉམ་རུབ་མེད་པ་འདིའི་རྒྱུ་མཚན་མདོར་ན་སུ་ཞིག་ལ་ཐུག་ཡོད་དམ།

    ལག་ལེན་གྱི་རྣམ་བཤད་ཟེར་དུས། གཞིས་བཞུགས་སྤུན་ཟླ་རྣམ་པའི་ངོས་ནས་སྔ་ཕྱིར་མང་པོ་ཞིག་ལ་བཞགས་སོང་མོད། བཙན་བྱོལ་བའི་ནང་ལ་ལག་ལེན་གྱི་རྣམ་གཞག་ཅིག་ཡོད་དམ་མེད། ཡོད་ན། གང་ཡིན་ནམ། མེད་ན། ཁྱོད་ཀྱིས་བཤད་པ་ལྟར་ཐབས་ཟད་ཨུ་ཐུག་སོང་བ་ཡིན་ནམ། ད་ཡིན་ན། གཞུང་མང་ཚོགས་པ་རྣམས་མཉམ་རུབ་ཀྱིས་ལས་འགུལ་ཚ་རླབས་འཕྱུར་བ་ཞིག་སྤེལ་དགོས་པའི་ཚད་མ་གཏོགས་རྒྱལ་གཅེས་དཔའ་བོ་རྣམས་ལ་བསྟོད་བསྔགས་འཐེན་པ་ཙམ་དང་ཡི་རངས་བྱས་པ་ཙམ་གྱིས། བོད་མི་རིགས་དང་ཁོང་རྣམ་པའི་དགོངས་དོན་དེ་འགྲུབ་དགོས་ཀི་ཡོད་པ་མ་རེད་དོ།།

    Reply
  27. རྒྱང་མིག says:
    ལོ་ 14 སྔོན།

    ད་བཙན་བྱོལ་བ་ཚོ་ཚང་མ་བོད་ལ་ལོག་འགྲོ། འཆི་ན་མཉམ་འཆི་བྱེད། སྣེ་ཁྲིད་ཐུབ་མཁན་ཚོས་སྣེ་ཁྲིད་དང་ཁ་བཤད་ལག་ལེན་དུ་བསྟར་བའི་དུས་ལ་བབ་སོང། སྤྱི་ཚོགས་ནང་མཐོང་དང་གོ་ས་ཡོད་མཁན་ཚོ་རྒྱབ་ཞུད་མ་རྒྱག་རོགས། གནད་འགག་གི་སྐབས་སུ་སྣེ་ཁྲིད་མཁན་དེ་ངེས་པ་དོན་གྱི་མི་རིགས་ཀྱི་དེད་དཔོན་ཡིན།

    Reply
  28. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    ནགས་མེ་ལ་ཟློ་བ། ཁྱོད་ཀྱིས་བརྗོད་ན། གཞིས་ལུས་རྒྱལ་གཅེས་པ་ཚོ་མུ་མཐུད་དུ་མེ་ནང་དུ་མཆོངས་པར་འཇུག་འདོད་པ་དེ་ཡིན་ནམ། དེ་ལྟ་ན་ཁྱོད་ཀྱིས་གོང་ས་འཇོག་མཆོག་གིས་མཚམས་འཇོག་བྱེད་པར་འབོད་སྐུལ་བྱ་ཆོག་པ་མ་རེད་ཟེར་གྱི་ཡོད་དམ། ཤིན་ཏུ་སྐྱོ་བའི་སྐད་ཆ་ཞིག་རེད། འདི་ནི་འགན་འཁྲི་མེད་པའི་སྐད་ཆ་ཞིག་རེད། ག་ལེར་སོམས་དང་། རང་ངོས་ཟིན་པར་ངེས།

    Reply
  29. བཀྲ་ཤིས། says:
    ལོ་ 14 སྔོན།

    སྔོན་མ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོ་དཔའ་བོ་ཁྲི་ཕྲག་མང་པོས་རྒྱལ་ཞེན་གྱིས་རང་སྲོག་བོད་བསྟན་པ་ཆང་སྲིད་ཀྱིས་ཆེད་ཕུལ་ཏེ་ཏཱ་ལའི་བླ་མ་རྒྱ་གར་ལ་གདན་ཞུས་གནང་བ་རེད།
    ཡིན་ན་ཡང་ཁོང་ཚོ་དུས་ཕྱིས་བཙན་བྱོལ་ནང་གི་དགྲ་བོའི་དང་མ་ཞིག་ལ་བརྩིས་མྱོང་ཡོད། འདི་འདྲའི་ནང་རྒྱུགས་རྒྱུ་མང་ན་མཇུག་འབྲས་གང་འདྲ་ཡིན་མིན་མི་ཤེས་ཡ།

    Reply
  30. ནགས་མེ། says:
    ལོ་ 14 སྔོན།

    རྡོག་རྡོག་རྒྱལ་ས་ལྡི་ལིར་ཆེད་དུ་ངོ་རྒོལ་ལ་བུད་པའི་སྤྱི་འཐུས་འདི་ཚོ་ཉེ་ཞོ་མེད་པར་རང་སོ་སོའི་མལ་སར་བདེ་འབྱོར་ཡོད་པ་ཧ་ཅང་དགའ། སྔོན་ཚུད་ང་སྤྱི་འཐུས་འདི་ཚོས་
    ཡང་གཅིག་རྗེས་གཉིས་སྣོན་བྱས་ནས་ཅིག་བྱེད་གི་རེད་གཉིས་བྱེད་གི་རེད་བསམས་པའི་
    སེམས་སྡུག་ཞིག་གིས་ང་མནན་བསྡད་ཡོད། ད་ལྟ་ཁོང་ཅག་གི་གནས་སྟངས་བདེ་མོ་
    འཚམ་མོ་ཡིན་པ་ཙམ་མ་ཟད། ལུས་ཀྱི་བ་སྤུ་རྐང་གཅིག་བྲི་མེད་པ་མཐོང་དུས། སེམས་
    པ་རབ་ཏུ་དགའ་ལ་ཡིད་བདེ་བས་མྱོས་བསྡད་ཡོད།

    Reply
  31. གནམ་ལྕགས། says:
    ལོ་ 14 སྔོན།

    ནགས་མེ་ལ་རྒྱབ་སྐྱོར་ཡོད།

    Reply
  32. ནགས་མེ། says:
    ལོ་ 14 སྔོན།

    མ་གཞི་མེར་བསྲེག་ལས་འགུལ་འདི་ཅི་འདྲའི་ཐ་ཆད་པ་དང་། ཅི་འདྲའི་ཡ་ང་བ་ཞིག་ཡིན་
    རུང་། གོང་ས་མཆོག་གིས་འདི་དོན་བཟང་ངན་སྐད་ཆ་ཅི་ཡང་གསུངས་ཉན་གི་མ་རེད། འདི་ནི་མི་རིགས་ཤིག་དང་། རྒྱལ་ཁབ་ཅིག་གི་རང་དབང་སླར་གསོའི་ལས་དོན་རླབས་
    ཆེན་ཞིག་ཡིན་དུུས། དོན་དམ་གྱི་རང་མི་རིགས་ལ་དུང་བ་ཡོད་པའི་དཔའ་བོ་སུ་ཞིག་གིས་
    རང་སྲོག་བློས་གཏོང་བྱ་ཕོད་ཚེ། འདིར་བོད་མི་གཞན་སུས་ཀྱང་དགག་པ་བྱ་ཕོད་སྲིད་ཀྱི་
    མ་རེད། ང་རང་ཚོ་ལ་འདི་ལྟ་བུའི་ཆོད་སེམས་མེད་ནའང་གཞན་དག་རྣམ་པ་ཀུན་ཏུ་
    དགག་པ་བྱ་མི་རུང་།

    Reply
  33. བརྩོན་རྒྱམ། says:
    ལོ་ 14 སྔོན།

    མགོ་ནག་བོད་མི་རྣམས་དཔའ་འཛངས་སྙིང་སྟོབས་ཅན་གྱི་རྒྱལ་གཅེས་པ་འདི་ཚོས་སེམས་ཤུགས་དང་ལ་རྒྱའི་དུང་གཞེན་དེ་འུ་ཚོས་ཇི་ལྟར་རྟོགས་མ་ཐུབ་པ་ཡིན་ནམ།  འུ་ཚོ་ནི་བཙན་པོའི་གདུང་རྒྱུད་ལས་འཆེད་པའི་མི་ཪིགས་ཤིག་མ་ཡིན་ནམ།  འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱི་གཟུགས་སྐུ་མེ་ལ་སྒྲོན་པ་ཡིན་ན་ས་ཡ་དྲུག་གི་བདེན་དོན་ཐག་ཆོད་སོང་བ་ཡིན་ནམ།  དྲི་ཚིག་འདི་དག་གི་ང་འདུག་མི་འཇུག་གི་སྤུན་ཟླ་ཚོ་ཉལ་ནས་མ་འདུག་ལོང་ཤོགས།

    Reply
  34. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    གཞི་བྱེས་བོད་མི་ཤི་གསོན་ཡོངས་རྫོགས་ཀྱི། །གསོན་པའི་སྐྱབས་གནས་ཤི་བོའི་འདྲེན་པ་མཆོག །གོང་ས་སྐྱབས་མགོན་ཆེན་པོར་འབོད་བཞིན་དུ། །བོད་ཀྱི་བདེན་དོན་སྒྲོགས་པའི་དཔའ་པོ་རྒྱལ།
    །ཉམས་ཆུང་མི་ཡི་རྩ་ཆེན་ཚེ་སྲོག་མེ། །བྱེ་བ་དྲུག་གི་རང་དབང་ཆེད་དུ་སྦར། །རྒྱལ་སྲས་བྱང་ཆུབ་སེམས་པའི་རྣམ་ཐར་རྣམས། །རྟོག་བཟོས་མིན་པའི་དཔང་རྟགས་མངོན་དུ་གྱུར།
    །རྩ་བའི་ལྟ་གྲུབ་གཞན་ལ་འཚེ་མེད་ཐོག གཞན་གྱི་ཆེད་དུ་རང་སྲོག་སྦར་བ་ནི། །བོད་མིའི་བདེན་དོན་གསལ་བའི་ཉི་མ་ཡིན། །བདུག་རྩུབ་གཡོ་བརྫུན་སྲེག་པའི་མེ་ལྕེ་ཡིན།
    །བཙན་པོའི་གདུང་ལས་འཆེད་པའི་བུ་རྒྱུད་ཀྱིས། །བཙན་པོའི་སྙིང་ཁམས་རང་དྲོད་མ་ཡལ་བ། །བཙན་པོའི་ཚ་བརྒྱུད་རྣམས་ལ་ངོམ་པ་འདི། །བཙན་པོའི་བོད་མིས་མིག་དཔེ་བལྟ་ས་ཡིན།

    སྟོད་སྨད་བར་དུ་གནས་པའི་བོད་མི་དང་། །གཞིས་བྱེས་གཉིས་ལ་གནས་པའི་བོད་མི་དག །བོད་ཀྱི་བདེན་དོན་རང་དབང་བརྩོད་པ་དེ། །བོད་པ་དབུ་ནག་གཅིག་པུའི་ཆེད་དུ་མིན།
    གནའ་ནས་ད་བར་ཁྱིམ་མཚེས་རྒྱལ་ཁབ་གཙོས། །ཐེར་འབུམ་མང་པོའི་རང་དབང་ཆེད་དུ་ཡིན། །བོད་ཀྱི་སྨད་ནས་སྦར་བའི་སྒྲོན་མེའི་རྒྱུན། རིམ་གྱིས་སྟོད་ཀྱི་བར་དུ་སླེབས་པར་སྨོན།
    བོད་ཀྱི་ནང་ནས་སྦར་བའི་སྒྲོན་མེའི་རྒྱུན། །རིམ་བཞིན་ཕྱི་རྒྱལ་ཚུན་དུ་འཆེད་གྱུར་ནས། །བདུག་བརྩུབ་མུན་པ་མིང་གི་མཐར་བྱས་ཏེ། །རང་དབང་བདེ་སྐྱིད་དཔལ་ལ་སྤྱོད་པར་སྨོན།
    དེ་ལྟར་སྦར་བའི་ཆོད་སེམས་བརྟན་པའི་སྤུན། །རིམ་གྱིས་བང་གྲལ་སྒྲིག་པའི་དཀྱིལ་ཙམ་དུ། །ངེད་ཀྱང་ཁྱེད་ཀྱིས་རྗེས་སུ་ཡོང་ངེས་པས། །ཞུམ་པ་མེད་པའི་སྙིང་སྟོབས་འཆང་ཞིག་ཀྱེ། ་

    Reply
  35. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ང་ཚོའི་རྩ་དོན་ཆེད་དུ་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་གང་མགྱོགས་མཚམས་འཇོག་མ་ཐུབ་ན། མི་རིགས་ཀྱི་ལ་རྒྱ་དང་། ཤེས་ཡོན་ཅན་གྱི་མི་སྣ་དག་གཅིག་རྗེས་གཉིས་མཐུད་ཀྱིས་མྱ་ངན་ལས་འདས་ཚེ་མི་རིགས་ཤིག་འཚོ་གནས་མི་ཐུབ་པའི་གནས་སུ་གྱར་བས། ང་ཚོར་ས་ཆ་སྐམ་པོ་ཞིག་དང་། རང་དབང་ཇི་ཙམ་རག་ཀྱང་ཕན་འདོགས་ཅང་མི་འདུག་པས། རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་འདིའི་རིགས་མྱུར་དུ་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།།

    Reply
  36. རང་དབང་རྒྱལ། says:
    ལོ་ 14 སྔོན།

    ཁམས་དཀར་མཛེས་དགོན་པའི་གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་གྱི་ཐོག དཀར་མཛེས་དགོན་པའི་འཆར་ཅན་གྱི་དུས་གཏོར་ཚོགས་བཞིན་པའི་སྐབས། རང་ལུས་ལ་ས་སྣུམ་བཤོས་ཏེ་མེ་སྦར་ཡོད་པ་མ་ཟད། ད་ལྟ་ཁོང་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

    Reply
  37. གནམ་ལྕགས། says:
    ལོ་ 14 སྔོན།

    སྤྱིར་བཏང་གིས་བཙན་བྱོལ་ནས་གང་ཐུབ་བྱ་ལོས་དགོས་ཏེ། འདི་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་མེར་སྒྲོན་ནས་ཡོང་ན། བཙན་བྱོལ་གྱི་གཞུང་དང་ཚོགས་པ་ཁག་ལའང་ཅི་བྱེད་འདི་བྱེད་མེད་པ་ཆགས་འདུག ད་དེ་དག་ལ་སྐྱོན་བརྗོད་བྱེད་པ་ནི་འོས་སུ་མ་མཐོང་ཞུ་རྒྱུ་ཡིན། དེ་བས་ཀྱང་རང་ཉིད་ཀྱིས་མགོ་བཙུགས་ནས་མེར་བསྲེག་གཏོང་བའམ་ཡང་ན་ནང་འགལ་དང་དཀྲོགས་གཏམ་གྱི་རིགས་སྤང་ཐུབ་ན་དེས་ཡག་གི་བསམ་སོང་།

    ནམ་ཡིན་རུང་རང་ཉིད་ཀྱིས་མཛུབ་མོ་གཅིག་ཀྱང་བསྲེག་མི་ཐུབ་པར་གཞན་ཞིག་གིས་ཅང་ཐུབ་ཀྱི་མི་འདུག་ཅེས་བརྗོད་པ་ནི་ཤིན་ཏུ་མ་ལེགས་ཞུ།

    Reply
  38. རང་དབང་རྒྱལ། says:
    ལོ་ 14 སྔོན།

    བཙན་བྱོལ་བ་ནི། འཐབ་རྩོད་ཀྱི་ཆེད་དུ་བྱོལ་བ་ཡིན་པ་ལས་དམིགས་ཡུལ་གཞན་ཞིག་གི་ཆེད་དུ་ཡིན་རྒྱུ་མ་རེད། དེ་འདྲ་ཡིན་དུས། བཙན་བྱོལ་བའི་འཐབ་རྩོད་བྱེད་ཕྱོགས་ཀྱིས་གཞིས་བཞུགས་སྤུ་ཟླ་རྣམ་པར་མིག་དཔེ་ཞིག་བསྟན་དགོས་པ་ཡིན་ཡང་རུང་། ད་ནི། གཞིས་བཞུགས་སྤུན་ཟླ་རྣམ་པའི་ངོས་ནས་སྐད་འབོད་དང་གོམ་བགྲོད་ཙམ་གྱིས་ངང་སྒུག་བྱེད་སྟངས་འདི་འགྲིགས་ཀི་མེད་པ་གསལ་བོ་བསྟན་པ་མ་རེད་དམ།
    བཙན་བྱོལ་བའི་འཐད་རྩོད་བྱེད་སྟངས་ནི། ཞི་མོལ་དང་བསམ་ཤེས་ཀྱི་སྲིད་བྱུས་ཤིག་འཛིན་གྱིན་པ་ཡིན་རུང་། རྒྱ་གཞུང་དང་དེའི་སྲིད་ཇུས་ཀྱིས་དྲག་རྒོལ་དང་སྤྱོར་རྩུབ་ཀྱིས་བོད་མི་རིགས་དང་བོད་ཀྱི་ཁོར་ཡུག་ལ་རྒོལ་གྱིན་པ་མ་ཡིན་ནམ། ཡིན་ན། ད་ནས་བཟུང་བཙན་བྱོལ་བའི་གཞུང་མང་ཚོགས་སྡེ་སོགས་ཀྱི་ངོས་ནས་འཐབ་ཕྱོགས་དེ་ཡང་འགྱུར་བ་བཏང་ན་མ་འགྲིགས་པ་གང་ཡོད་དམ།
    ད་ལྟའི་བར་དུ། བཙན་བྱོལ་བའི་འཐབ་ཕྱོགས་ནི། གཞན་བརྟེན་གཞན་རེ་ཤུགས་ཆེ་དྲགས་པའི་དབང་གིས་འཐབ་རྩོད་ཀྱི་རྣོ་ངར་དེ་མེད་པ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་མ་ཡིན་ནམ། གལ་སྲིད་དེ་འདྲ་ཡིན་ན། ད་ནས་བཟུང་བཙན་བྱོལ་བའི་འཐབ་རྩོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་དགོས་འདུན་ཁག འབོད་སྒྲ་དང་ལངས་ཕྱོགས་ལ་འགྱུར་བ་ཞིག་བཏང་ནས། བཙན་བྱོལ་བ་རང་ཉིད་འཐབ་རྩོད་ཀྱི་སྲོག་ཤིང་དུ་བཞགས་ནས་འཐབ་རྩོད་བྱེད་དགོས་པའི་ཚད་དུ་སླེབས་པ་མ་ཟད། ཕྱིས་དྲགས་པའི་ཚད་དུ་ལྷུང་ཡོད་པ་འདི་རེད།

    Reply
  39. ཤག་སྒང་པ། says:
    ལོ་ 14 སྔོན།

    ང་ཚོ་ཡི་ལས་དབང་ཅི་ཞིག།
    སྔོན་བསགས་ཀྱི་སྡིག་པ་ཅི་ཞིག།
    བཅུ་ཕྲག་གི་མེ་མཆོད་ལོངས་ཀྱང་།།
    བདེན་དཔང་ལ་ཁ་ཡ་མི་འདུག།

    ལོངས་ཤོག་ཝེ་༌༌༌༌༌གཞུང་མིན་ཚོགས་སྡེ།།

    Reply
  40. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    ད་ནི་རྒྱ་དམར་གྱི་དཔོན་དམག་ཚོས་མི་གོ་སར་ཉིན་གཅིག་དུས་གཅིག་དང་སྙུང་གནས་ཟས་བཅད་སོགས་ཀྱི་ལས་འགུལ་འདིས་འུ་ཚོའི་བོད་ཆེན་པོ་དེ་འུ་ཚོར་རག་རྒྱུ་མ་རེད། གཞིས་ལུས་བོད་མིའི་རང་ལུས་མེ་ལ་སྒྲོན་ཏེ་ལམ་བུ་ཞིག་འབུད་ཀི་ཡོད་དུས།་བཙན་བྱོལ་ནས་རྒྱ་དམར་གྱི་དཔོན་དམག་ཚོའི་སེམས་ལ་འགུལ་སྐྱོད་ཐེབས་པའི་བྱ་འགུལ་སྣ་ཚོགས་ཤིག་སྤེལ་དགོས་འདོད་ལ།་རང་དབང་རྒྱལ་བསམ་ཚུལ་དེར་གུས་བརྩི་ཡོད།

    Reply
  41. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    མེ་མཆོད་ལས་འགུལ་འདི་ཉིད་བོད་ཁམས་ཧྲིལ་གྱིས་ཁྱབ་པར་ངེས་པས། གང་མགྱོགས་སུ་ཚོགས་པ་གང་རུང་གིས་༸གོང་ས་མཆོག་ལ་ཞུས་ནས། འདིའི་ཐད་དུ་བཀའ་སློབ་ཅིག་གནང་དུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད། དེ་ལྟ་མིན་ཚེ་རྒྱལ་གཅེས་པ་མང་པོའི་སྐུ་སྲོག་མེ་ལྕེ་ལ་འཐིམ་རྒྱུར་ཐེ་ཚོམ་མི་འདུག ང་ཚོས་ངེས་པར་དུ་བསྒྲུབ་དགོས་པ་ནི་དེ་ག་རང་དུ་འདོད་དོ།།

    Reply
  42. ཤག་སྒང་པ། says:
    ལོ་ 14 སྔོན།

    འདི་ལྟར་ཕེབས་ཀྱིན་བཞུར་གྱིན་འགྲོ་ན། ང་ཚོའི་གནས་བབ་ཇི་ལྟར་འགྱུར་མིན་ལ་ཚོད་དཔག་དཀའ་བས། ཛ་དྲག་བཀའ་སློབ་དང་། ལམ་སྟོན་སྲུང་སྐྱོབ་དགོས་ངེས་འདུག

    གཞིས་བཞུགས་དཔའ་བོ་ཁྱེད་རྣམས་འདི་ལྟར་ཕེབས་པ་ནི་དོན་ཆུང་མིན་པས་གུས་བརྩི་ཞུ། ང་ཚོས་ཀྱང་ཁྱེད་ཀྱི་རྗེས་སུ་སྙེག་ངེས་ཡིན།

    Reply
  43. གནམ་ལྕགས། says:
    ལོ་ 14 སྔོན།

    བཙན་བྱོལ་ལ་ལེ་བདའ་བྱས་མ་བྱས་མི་འདུག འདི་ནས་རང་རང་གིས་མེར་བསྲེག་གཏོང་བ་སོགས་མ་ཐུབ་ན། གཞན་ཞིག་གིས་ཡོང་གི་མི་འདུག་ཅེས་བརྗོད་མི་འོས། དཔའ་བོ་དམ་པ་ཁོང་དག་གི་ཆོད་སེམས་ལྟ་བུ་ཞིག་མེད་ན་གཞན་ལ་ལེ་བདའ་བྱེད་པ་ནི་དོན་མེད་ཡིན། དེ་བས་དཔའ་བོ་དག་གི་གཟི་བརྗིད་ལ་གུས་འདུད་ཞུས་ན་ལེགས།

    Reply
  44. ཚང་མ། says:
    ལོ་ 14 སྔོན།

    འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ནས་འཇིག་རྟེན་འདི་ལ་དྲན་ཤིང་བཞག །
    མི་ལུས་རིན་ཆེན་མེ་རུ་སྒྲོན་ནས་མི་རིགས་འདི་ལ་དྲོད་ཀྱིས་གསོས། །
    དུས་རབས་ཤིག་གི་ལོ་རྒྱུས་བར་ན་བརླག་མི་ཕོད་པའི་མཛད་རྣམ་འཁྱིལ། །
    ཕྱི་རབས་ཕུ་ནུའི་མིག་གི་ལམ་དུ་འོད་སྟོང་འབར་བའི་གཟི་བརྗིད་ཡིན། །

    Reply
  45. མྱི་རྐྱང་སྨྱོན་པ། says:
    ལོ་ 14 སྔོན།

    གཞིས་ལུས་དཔའ་བོ་དེ་དག་འདི་ལྟར་གཅིག་རེ་རྡོག་རེ་བྱས་ནས་ཕེབས་སོང་བའི་ཤུལ་ནས་འུ་ཅག་གིས་བསྔོ་བ་སྨོན་ལམ་ཙམ་དང་མར་མེའི་ཁྲོམ་སྐོར་ཙམ་རེ་བྱས་ནས་ཆེན་པོ་ཞིག་འགྲུབ་སོང་བའི་ཁུལ་གྱིས་ལྷོད་ཀྱིས་བཞུགས་འདུག་པ་འདི་ནི་ཇི་འདྲའི་འདྲ་མཉམ་མ་ཡིན་པའི་འཐབ་རྩོད་བྱེད་སྟངས་ཤིག་བྱེད་ཨང་། འདས་པོ་ཁོང་ལ་སྐྱོ་གདུང་དྲག་པོས་མྱ་ངན་གུས་འདུད་སེམས་ནས་ཞུ།

    Reply
  46. རང་དབང་རྒྱལ། says:
    ལོ་ 14 སྔོན།

    གཞིས་བཞུགས་སྤུན་ཟླ་རྣམ་པ་ནི། བདེན་དོན་དང་ཐོབ་ཐང་། རང་དབང་དང་འདྲ་མཉམ་གྱི་ཆེད་དུ་འདི་ལྟར། གཅིག་རྗེས་གཉིས་མཐུད་དུ་རང་སྲོག་དམར་བོ་བདེན་དཔང་དུ་བཞགས་ནས་བཞུད་སྟངས་འདིས། བཙན་བྱོལ་བའི་བོད་མི་རྣམས་ལ་ཅི་ཞིག་གོ་བརྡ་སྤྲད་ཀྱིན་པ་ཡིན་ནམ།
    འདི་ནས་སྐད་འབོད་དང་གོམ་བགྲོད་ཙམ་གྱིས་ཕན་ནུས་ཐོན་གི་གསལ་བོ་ཆགས་སོང་བ་མ་ཡིན་ནམ། ད་ཡིན་ན། བཙན་བྱོལ་བའི་བོད་མི་རྣམ་པའང་མདུན་དུ་ཐོན་རན་པའི་དུས་ཚོད་ཅིག་རེད། མ་གཏོགས་གཞིས་བཞུགས་སྤུན་ཟླ་རྣམ་པའི་ཆོད་སེམས་དང་བློས་བཏང་ཆེན་པོས་འདི་ལྟར་བསྐྱོད་དུས། འདི་ནས་ཁ་གཡང་བསྒྲགས་པ་ཙམ་གྱིས་ཅང་ཡོང་ནི་མ་རེད།
    དེ་ལས། བོད་ཀྱི་ཆོས་རྒྱུད་ཁག་གི་དབུ་ཁྲིད་རྣམ་པའི་སྣེ་ཁྲིད་ནས་འཛམ་གླིང་འདི་འགུལ་དུ་འཇུག་རན་པའི་དུས་ཚོད་གནད་འགག་ཅིག་རེད། དེ་མིན། གཅིག་གིས་སྙིང་སྟོབས་དང་བློས་བཏང་ཆེན་པོའི་སྒོ་ནས་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་རླབས་ཆེན་སྤེལ་རུང་། གཅིག་གིས་རྒྱང་ལྟ་དང་ཟུར་འདུག་བྱེད་སྟངས་འདིས་བོད་ཀྱི་འཐབ་རྩོད་ལ་གནོད་སྐྱོན་ཆེན་ཐེབས་ཀྱིན་པ་འདས་པའི་བྱུང་བས་གསལ་བཤད་བྱེད་ཀྱིན་མི་འདུག་གམ།

    Reply
  47. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    བོད་རང་བཙན་གྱི་མེ་རོ་རྨང་ནས་གསོས་མཁན་ནི་རྔ་བ་དང་དཀར་མཛེས་རེད་འདུག ཡུལ་འདི་གཉིས་ཀྱི་དཔའ་བོ་ཚོས་ལོ་རྒྱུས་ནང་གསེར་ཡིག་བྲིས་ཡོད་ཨང་།

    Reply
  48. གནམ་ལྕགས། says:
    ལོ་ 14 སྔོན།

    ད་ང་ཚོ་ལ་བྱེད་རྒྱུ་ཞིག་ལྷག་ཡོད་པ་ནི་ཁོང་དག་ལ་རྗེས་དྲན་དང་གུས་འདུད་ཞུ་རྒྱུ་དེ་རེད། ཁོང་དག་གི་ཆོལ་ཁུངས་རུས་བརྒྱུད་དང་སྐད་འབོད་ཚིག་འབྲུ་མིན། གཅིག་རྗེས་གཉིས་མཐུད་ཀྱི་དཔའ་བོའི་སྙིང་སྟོབས་དང་འབོད་སྒྲ་དེར་ང་ཚོས་སློབ་སྦྱོང་བྱ་འོས།

    Reply
  49. གནམ་ལྕགས། says:
    ལོ་ 14 སྔོན།

    དཔའ་བོའི་གཟི་བརྗིད་ནམ་ཡང་ཉམས་པ་མེད། ས་ཡ་དྲུག་གི་ཆེད་དུ་བྱ་དཀའ་བའི་བློས་གཏོང་ཆེན་པོ་འདི་བྱས་པར་སྙིང་ཁུངས་རུས་པའི་གཏིང་ནས་བཀའ་དྲིན་ཞུ་བ་དང་གུས་འདུད་ཞུ།

    Reply
  50. བློ་འཕེལ། says:
    ལོ་ 14 སྔོན།

    གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ། ཞེས་པའི་ཁ་བྱང་དེ་མཐོང་མ་ཐག་ཤ་གསང་དུ་ཚ་བཤལ་ཆེན་པོ་ཞིག་གིས་་་ཡིད་ཙམ་ཅི་དྲན་འདི་དྲན་མེད་པར་ལུས་སོང་།
    ཨ་ཁ་ཁ་་་་བོད་པ་ཚང་གིས་ལས་ངན་ག་རེ་བསགས་པ་ཡིན་ནམ། ད་སྡོད་ཐབས་མེད་པ་ཆགས་སོང་།
    སྙིང་རྗེ་རྒྱལ་གཅེས་དཔའ་བོ་དག་་་ཇི་བྱ་འདི་བྱ་མི་འདུག།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese