མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་བཀག་སྡོམ་གྱི་ཁྲིམས་གཞི།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ཆར་རྒྱ་གཞུང་མི་དམངས་འཐུས་མིའི་རྒྱུན་ལས་ཚོགས་འདུ་ཚོགས་ཏེ།
 མི་མང་ལ་སྔར་བའི་བཀག་སྡོམ་བྱ་ཆེད་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་ཁྲིམས་འཆར་གསར་བ་ཞིག་བཏོན་ཡོད་འདུག

ཁ་སང་རྒྱ་ནག་མི་མང་འཐུས་མིའི་རྒྱུན་ལས་ཚོགས་འདུའི་སྟེང་<<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་ཁྲིམས་གཞི>> ནང་གསེས་དོན་ཚན་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་ཁྲིམས་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་བཏོན་ཏེ། ཉེན་རྟོག་པས་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ།  སྔར་ཡོད་བཅའ་ཁྲིམས་དོན་ཚད་ ༡༥ ནང་གསེས་དང་པོའི་ཁྲོད་དུ།  མེ་འཁོར་དང་རླངས་འཁོར་འབབ་ཚིགས། གནམ་ཐང་། གྲུ་ཁ། དེ་བཞིན། དུས་ཆེན་སོགས་ཀྱི་སྐབས་གྲོང་ཁྱེར་ཁུལ་དང་ས་གནས་སྲིད་གཞུང་གི་གཏན་འབེབས་བྱས་པའི་མི་ཚོགས་འདུ་འཛོམས་བྱ་ཡུལ་བཅས་སུ་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད་བྱས་ཆོག་པའི་སྐོར་ཟུར་སྣོན་བྱས་ཡོད་འདུག 

 དེ་སྔའི་རྒྱ་གཞུང་གི་བཅའ་ཁྲིམས་ནང་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་བྱེད་ཕྱོགས་ཐད་གཏན་འབེབ་དོན་ཚན་བཞི་བཀོད་ཡོད་པ་ནི།   དང་པོ། ཁྲིམས་འགལ་ཉེས་ཅན་དོགས་ཡོད་མི་སྣའི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད།   གཉིས་པ། ས་གནས་གང་རུང་དུ་གྱོན་ཁྲིམས་གཞི་ལག་བསྟར་སྐབས་འབྲེལ་ཡོད་མི་སྣའི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད།   གསུམ་པ། སྤྱི་ཚོགས་ལ་གཏོར་རྒོལ་དོན་རྐྱེན་ཆེན་པོ་བྱུང་སྐབས་ས་གནས་མང་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད།   བཞི་པ། བཅའ་ཁྲིམས་ཀྱི་དོན་ཚན་གཞན་དག་ནང་གཏན་ལ་ཕབ་པའི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་དགོས་པའི་གནས་སྟངས་འོག་མང་ཚོགས་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་འདྲི་གཅོད་བྱ་ཆོག་པ་བཅས་རེད།

རྒྱ་གཞུང་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་གཞོན་པ་ཡཱང་ཧན་མཱེན་གྱིས། ཉེ་ཆར་རྒྱ་གཞུང་གིས་མི་མང་གི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བའི་ཁྲིམས་འཆར་བཏོན་པ་དེ་ནི། དེང་སྐབས་སྤྱི་ཚོགས་བདེ་འཇགས་གནས་སྟངས་རྙོག་འཛིང་ཆེ་རུ་འགྲོ་བཞིན་པར་བརྟེན། ཁྲིམས་གཞི་བསྐྱར་བཅོས་ཏེ་བརྒྱུད་ནས་ཉེན་རྟོག་སྡེ་ཁག་གིས་སྔར་ལས་ལྷག་པར་སྤྱི་དམངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱ་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པ་ཅཱང་ཐེན་ཡོང་གིས།  “རྒྱ་གཞུང་གི་ཁྲིམས་འཆར་དེ་ནི་དོན་གྱིས་མི་མང་ལ་སྔར་བས་བཀག་སྡོམ་བྱ་ཆེད་ཡིན་པ་དང་།   གལ་སྲིད་ཁྲིམས་འཆར་དེ་གཏན་འབེབ་བྱུང་ཚེ་ཉེན་རྟོག་པས་གནས་དུས་ངེས་མེད་ཀྱི་ཐོག་ནས་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་བྱས་ཏེ།  མང་ཚོགས་ལ་གང་བྱུང་འདྲི་གཅོད་བྱེད་པའི་རིགས་ཚང་མ་ཁྲིམས་མཐུན་ཆགས་རྒྱུ་ཡིན་པས།  སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ཁེ་དབང་སྔར་བས་ཉམ་ཆག་ཏུ་འགྲོ་རྒྱུ་ཉག་གཅིག་རེད།” ཅེས་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 3

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཁྲིམས་རྩོད་པ་ཅཱང་ཐེན་ཡོང་གིས། “རྒྱ་གཞུང་གི་ཁྲིམས་འཆར་དེ་ནི་དོན་གྱིས་མི་མང་ལ་སྔར་བས་བཀག་སྡོམ་བྱ་ཆེད་ཡིན་པ་དང་། གལ་སྲིད་ཁྲིམས་འཆར་དེ་གཏན་འབེབ་བྱུང་ཚེ་ཉེན་རྟོག་པས་གནས་དུས་ངེས་མེད་ཀྱི་ཐོག་ནས་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་བྱས་ཏེ། མང་ཚོགས་ལ་གང་བྱུང་འདྲི་གཅོད་བྱེད་པའི་རིགས་ཚང་མ་ཁྲིམས་མཐུན་ཆགས་རྒྱུ་ཡིན་པས། སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ཁེ་དབང་སྔར་བས་ཉམ་ཆག་ཏུ་འགྲོ་རྒྱུ་ཉག་གཅིག་རེད།” ཅེས་བརྗོད་པ་འདི་རྒྱ་ཆེན་པོ་རེད།
    བོད་པ་ཚོས་འདི་བོད་གཅིག་པུའི་ཆེད་དུ་རེད་སྙམ། ཡང་སོག་པོ་ཚོའི་ཁོ་རང་ཚོའི་ཆེད་དུ་དང་ཡུ་གུར་བས་ཁོ་རང་ཚོའི་ཆེད་དུ་ཙམ་དུ་བསམས་པ་འདི་དག་ངོ་མ་ཀླད་པ་མེད་པ་རང་རེད།
    ངས་དོགས་སློང་འདིས་གཙོ་བོ་གྲངས་ཉུང་མི་རིགས་ཚང་མར་གཟེས་ཡོད་པར་བསྟན་ཡོད། ནགས་ཚོགས་ལ་གུང་ཁྲན་ཏང་མི་སྐྲག་ན་ཡང་རྒྱ་ཆེ་བའི་མི་མང་མང་ཚོགས་སྐྲག་གིན་ཡོད་པ་རེད། མི་དམངས་ཀྱི་བདེ་འཇགས་རྒྱལ་ཁབ་ཀྱིས་འགན་སྲུང་མ་ཐུབ་ན་རྒྱལ་ཁབ་དེ་ལམ་སང་འཇིག་ངེས་པ་རེད། གནད་དོན་གྱི་ཆེ་སར་བློ་མིག་སྐྱེད། རང་ཉིད་གཅིག་པུར་བལྟས་བསྡད་ན་ནམ་ཡང་ཐར་ལམ་མེད། ལམ་ཁ་ཧ་ཅང་དོག

    Reply
  2. ཁྱུང་དཀར says:
    ལོ་ 15 སྔོན།

    ཨ། ཆབ་བྲག རྒྱ་གཞུང་གིས་གང་བྱུང་སྡོད་དམངས་ལག་འཁྱེར་ཞིབ་བཤེར་བྱེད་པའི་ཁྲིམས་གཞི་བཟོས་པ་འདི་ནགས་ཚོགས་ཀྱི་ཆེད་དུ་མིན་པ་ཡང་མི་ཤེས་ཀི ཁོང་ཚང་ནགས་ཚོགས་ལ་རྩ་བ་ནས་སྐྲག་གི་མེད་ཀི ཁོང་ཚང་གི་དམིགས་ཡུལ་འདིའི་རྩ་དོན་ངོ་མ་བོ་རང་དབང་སྒེར་ལངས་པའི་ཆེད་དུ་བཟོས་པ་རེད། ཞིབ་བཤེར་བྱས་ནས་ཚང་མ་འཛིན་རྒྱུ་རེད། ཤེས་སོང་ངམ།
    མཚམས་རེ་ཁྱོས་ཀྱང་གློའུ་བཤད་བརྒྱབས་ཡོང་དུས་རེ་བ་ཅན་པོ་ཁྱོད་ལའང་ཡི་ཆད་ཀི་ཡ།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྒྱལ་ནང་གི་ནག་ཚོགས་རིགས་ལ་བལྟས་ན་དེ་འདྲ་ཞིག་ཀྱང་དགོས་ངེས་རེད། འོན་ཀྱང་འདིའི་དགོས་པ་དམིགས་ཡུལ་དེ་བོད་དང་ཡུ་གུར་སོག་པོ་སོགས་གྲངས་ཉུང་མི་རིགས་ཁག་ལ་གཟེས་ཡོད་ཚེ་དེ་ནི་གནོན་ཤུགས་སམ་བཀག་སྡོམ་གྱི་ཆ་རྐྱེན་ཞིག་ཡིན་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese