མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་གཞོན་རྩོམ་པོ་མེ་ལྕེ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་རིགས་ན་གཞོན་རྩོམ་པ་པོ་མེ་ལྕེ་ལགས་རྒྱ་ནག་གི་ཉེན་རྟོག་པས་ལན་ཀྲུའུ་གྲོང་ཁྱེར་གྱི་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུག

ཨེ་ཤ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་དུ་ཕྱག་ལས་གནང་བཞིན་པའི་བོད་རིགས་ན་གཞོན་རྩོམ་པ་པོ་གཅོད་པ་ཀླུ་རྒྱལ་ལམ་སྨྱུག་མིང་ལ་༼ མེ་ལྕེ ༽ཞུ་བ་ཁོང་ལན་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་རང་ཁྱིམ་ནས་རྒྱ་ནག་བདེ་འཇགས་ཉེན་རྟོག་མི་སྣས་བཙན་འཁྲིད་བྱས་ཡོད་འདུག ཉེན་རྟོག་མི་སྣས་ཁོང་གི་ནང་མིར་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་གསལ་བཤད་བྱས་མེད་པ་མ་ཟད། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཡང་གསལ་ཁ་མེད་པ་ཆགས་ཡོད་འདུག

གཞོན་སྐྱེས་རྩོམ་པ་པོ་མེ་ལྕེ་ལགས་ནི། བོད་མདོ་སྨད་ཡ་རྫི་རྫོང་རྡོ་སྦིས་ཤང་རྒྱ་ཚང་སྡེ་བ་ནས་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་རིམ་པ་འགྲིམས་ཏེ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཡོད་ལ། ཕྱིས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན་རྗེས། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དུ་འཕྲལ་སེལ་གྱི་ཕྱག་ལས་གནང་ཡོད་ཅིང་། ད་ལྟའི་ཆར་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་དུ་ལས་ཀ་བྱེད་བཞིན་ཡོད་འདུག  ལས་ཀའི་ཞོར་དུ་བརྩམས་ཆོས། ༼མི་གཞིའི་སྙིང་སྟོབས། ༽དང་༼ཁུ་སིམ་ཁད་ཀྱི་དཀྲོགས།༽བཅས་བརྩམས་ཆོས་ཁག་ཅིག་དང་། བདག་དཔེ་ཚོགས་དང་རིག་གཞུང་གསར་བའི་དཔེ་ཚོགས་བཅས་ཀྱི་རྩོམ་སྒྲིག་འགན་འཁུར་བ། ༼དགེ་ཆོས་རྒྱང་མཇལ། ༽དང་༼རང་གྲོལ་ཞིབ་འཇུག༽ དེབ་ཕྲེང་གཉིས། ༼ཕྱིར་རྟོག༽ ནུབ་བྱང་མི་རིགས་སློབ་ཆེན་གྱི་༼ཤར་དུང་རི་དུས་དེབ། ༽བཅས་ཀྱི་ཐོག་མའི་རྩོམ་སྒྲིག་པ་བཅས་གནང་ཡོད་པ་མ་ཟད། ད་ལྟའི་བར་བོད་ནང་གི་དུས་དེབ་དང་དྲ་རྒྱ་སོགས་སུ་དཔྱད་རྩོམ་མང་པོ་སྤེལ་མྱོང་མཁན་ཞིག་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༥ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

མཆན། 24

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བཀུར་འོས་རྩོམ་པ་པོ་མེ་ལྕེ་ལགས་རྒྱ་མིས་དོགས་གཞི་གང་ཞིག་གིས་བཙན་ཁྲིད་བྱས་ཡོད་ཀྱང་། ཁོང་ལ་ནག་ཉེས་གང་ཡང་མེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁོང་ནི་ཆབ་སྲིད་དཔྱད་བརྗོད་པ་རེད་ཅེས་སྨྲས་འདུག་པ་དེ་བདེན་པ་མ་རེད། ཁོང་ནི་དོགས་སློང་སྙིང་སྟོབས་ཀྱི་རིག་གནས་དམར་རྗེན་དུ་འབྲི་བཞེངས་བྱེད་པའི་བོད་ཀྱི་ཡི་གེ་བ་ཚད་ལྡན་ཞིག་ཡིན། ཁོང་ཉིད་གང་དུ་ཡོད་མེད་དང་ཁོང་གི་བདེ་འཇགས་ནི་ང་ཚོའི་བདེ་འཇགས་དང་གཅིག་པ་ཡིན་པས། རྒྱ་ནག་གཞུང་གིས་བྱ་སྤྱོད་ཐབས་ཟད་དེ་འདྲ་མྱུར་ཏུ་མཚམས་འཇོག་གནང་ནས། བོད་ཀྱི་རིག་གནས་པ་གཤའ་མ་དེར་རང་དབང་སྤྲོད་རོགས་ཞུ།

    Reply
  2. སྐྱ་ཀ says:
    ལོ་ 14 སྔོན།

    མིང་དོན་མཚུངས་པའི་བོད་ཀྱི་མིང་ཟུང་ཡ་གཅིག་འདི་ནས་འཁྱེར་སོང་། གནས་ཚུལ་འདིའི་འཐད་དུ་ཤེས་རྟོགས་བྱེད་པ་ཙམ་གྱི་ག་ལ་འགྲིགས། འདི་ནི་བོད་ཀྱི་མུན་ནག་ནང་གི་སྒྲོན་གསལ་རྐང་བུ་ཞིག འདི་ནི་ང་ཚོ་ལ་ངེས་པར་དུ་དགོས་འཁོ་ཅན་གྱི་རིན་ཆེན་གྱི་ནོར་བུ་རྩ་ཆེན་ཞིག་ཡིན། ལྷད་མེད་དག་གཙང་གི་སྙིང་སྟོབས་དཔལ་འབར་བའི་ངའི་སྤུན་གྲོགས་ལགས། ངས་འདི་ནས་སྡུག་བསྔལ་དང་ངུ་ཚིག་སྒྲོགས་པ་ཙམ་ལས་གཤོག་མེད་བྱེའུ་ཞིག་དང་ཅི་མ་མཚུངས། ང་ལ་སྟོང་གསུམ་ཁ་ལོ་བསྒྱུར་ཐུབ་པའི་མཐུ་ནུས་ཀྱི་རྫུལ་འཕྲུལ་མེད་ནའང་བཙོན་རའི་ལྕགས་སྒོ་གཏོར་ཐུབ་པའི་ནུས་པ་ཞིག་ཡོད་ན། ངས་ཁྱོད་དང་ཁྱོད་ནང་བཞིན་གྱི་ཉེས་མེད་ཀྱི་སྤུན་གྲོགས་དེ་ཚོར། ར་བ་དེ་ལས་སྟོན་ནས། མཐོ་སྒང་འདི་ནས་རང་དབང་གི་འབོད་སྒྲ་སྒྲོགས་ཐུབ་པ་བྱེད་དགོས་ཡོད་་་་་་་་་་

    Reply
  3. སྨྱུག་མདའ། says:
    ལོ་ 14 སྔོན།

    ཨ་ཡང་དཔའ་རྒོད་རྟོགས་སད་པ་ཞིག་བཙན་དབང་བྱས་པ་འདི་ཀ་རེ་ཡིན་ན།
    དམར་པོའི་སྲིད་གཞུང་གི་ཚོད་འཛིན་ཚུལ་རེ་ལ་རྒྱ་དང་སྙིང་སྟོབས་བྲང་ག་བོའུ་བཙུག་ཡང་ཞེན་དོན་མེད་ད།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མེ་ལྕེ་ནི་མེ་ལྕེ་རང་རེད་འདིས་གཅིག་བསྲེགས་ཀྱི་ཡོད་པའི་རྟགས་རེད།
    དེང་སང་མེ་ལྕེས་མང་པོ་ཞིག་བསྲེགས་འགྲོ་དུས་རྒྱ་རྒན་ཚོ་འདུག་མ་བདེ་བར་མེ་ལྕེ་ངོ་མ་དེ་ལག་པ་འཆང་ནས་ཉར་ཚགས་བྱས་སོང་བ་མིན་འགྲོ།

    Reply
  5. མིག་གསུམ་པ། says:
    ལོ་ 14 སྔོན།

    ཨ་ཧོ་བོ་་་་་་་་་་་་་ཡང་མི་སྐད་སང་སེ་གཏོད་བྱེད་ཀྱི་དུང་ཆེན་ཞིག་གི་སྒོ་མོ་གཏད་འདུག་ག ཞོགས་དུང་གི་འཕྲོ་ནས་ཁོ་་་་་་་་་་་་་་་་་་་་་་ད་འདུག་གི་མ་བཅུག་ཐལ།

    Reply
  6. གྲགས་བསོད་ says:
    ལོ་ 14 སྔོན།

    ཕ་སྐད་ཀྱི་བདག་པོ་དང་ལ་ཞེན་ཅན་གྱི་དཔལ་རྒོད་རྣམས་རེ་རེ་བཞིན་ཐལ་བའི་རྡུུལ་ཕྲན་བཞིན་དུ་རླགས་ཀྱིད་པ་འདི་ཅི་འདྲའི་ཕམ་ཁ་ཞིག་རེད་མི་འདུག་གམ།

    Reply
  7. ལུང་རྟོགས། says:
    ལོ་ 14 སྔོན།

    མི་བུ་སྒལ་ཚིགས་ཅན་ཞིག་ཉེས་མེད་འཛིན་འཟུང་བྱས་པར་ངོ་བརྒོལ་ཡོད།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ཨ་ཨ་་་ཡང་བྲང་ཁོག་ནང་ཐུར་ནག་ཤུར་རེ་འགྲོ་སོང་། ད་དངོས་གནས་རྒྱ་གཞུང་གིས་འདུག་གི་མི་འཇུག་གི། བསམ་བཞིན་སྙིང་གི་མགོ་ལ་སོ་རྒྱག་གི།

    ད་ཚོད་བཟུང་ན་འོས་པ་ལ། གསེར་གྱི་རྐུབ་སྟེགས་སྟེང་བུད་མེད་བསལ་འདེམས་ཀྱིས་དགའ་སྐྱིད་ལ་རོལ་ཞིང་ཁྲག་གི་འཁོར་ལོ་སྐོར་མྱོང་བའི་བདུད་གྷ་ཀྲ་ཁ་སང་ཁྱིམ་ཕྱག་བླུག་སྣོན་གྱི་ལྕགས་སྦུག་ནང་ནས་དྲུད་དེ་ཡོང་ནས་དམར་གསོད་བྱས་པ་ལོས་དྲན། ད་དུང་ས་དུམ་ཧོ་སུན་ས་འོག་ནས་བཟུང་སྟེ་བསད་པ་ལོས་དྲན། བྷིན་ལ་ཏིན་རྒན་མོ་རུམ་ནས་དྲུད་ཡོང་སྟེ་བསད་པ་ལོས་དྲན། ད་ནི་རྒྱ་གཞུང་གིས་ཚོད་འཛིན་ཚོད་རེད། དངོས་གནས་ཚོད་འཛིན་ཚོད་རེད།

    Reply
  9. རས་པ། says:
    ལོ་ 14 སྔོན།

    ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཀྱི་བསམ་བློ་རིག་གནས་དང་མི་དོན་གླེང་བརྗོད་ཀྱི་ཐད་ནས་ ལག་ལེན་དང་སྙན་པ་གཉིས་ཀ་མེ་ལྕེ་བཞིན་འབར་བའི་སྐུ་ཞབས་མེ་ལྕེ་ལགས་ཀྱི《མེ་ ལྕེའི་དེབ་ཕྲེང》སྟེ།《མི་གཞིའི་སྙིང་སྟོབས》དང《ཁུ་སིམ་ཁད་ཀྱིས་དཀྲོག》《ཚེར་ མའི་ལམ་གྱི་ང་རོ》《བཙན་རྒོལ་སྙིང་སྟོབས》《དགེ་ཆོས་རྒྱང་མཇལ》སོགས2010ལོའི་བོད་ ཀྱི་ལོ་སར་སྐབས་སུ་་སྐྲུན་འགྲེམ་སྤེལ་པྱས་འདུག 《མེ་ལྕེའི་དེབ་ཕྲེང》ལས་དེབ་སྔ་མ་གསུམ་ནི་དེ་སྔ་ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་དང་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་ བྱས་ཟིན་ཅིང་་དུ་པར་སྐྲུན་པྱས་་པ་དང་།གསར་དུ་བྲིས་ པའི་དེབ་གཉིས་ཡོད་པ་ནི《བཙན་རྒོལ་སྙིང་སྟོབས》དང《དགེ་ཆོས་རྒྱང་མཇལ》གཉིས་རེད།
    གཞན་ཁོང་གིས་རྩོམ་སྒྲིག་བྱས་པའི་དཔེ་ཚོགས་ནི་《བླ་དཔེ་ཚོགས》དེབ་ཚོམ་སྔ་ཕྱི་གཉིས་དང་།《བློ་འབྱེད་ཀློག་དེབ་དཔེ་ཚོགས》 བཅས་སོ།

    Reply
  10. ལྐོག་ཤེས་ says:
    ལོ་ 14 སྔོན།

    ཡིན་ན་ཡང་ཁོའི་སྙིང་སྟོབས་ལ་རྒྱབ་སྐྱོར་ཡོད་ད།

    Reply
  11. ལྐོག་ཤེས་ says:
    ལོ་ 14 སྔོན།

    དགོད་རྒྱུ་ཡོང་གི་ཡ་་་་་་མྱི་དམར་སྲེག་བྱས་ན་འབྲི་རྒྱུ་ཅང་མི་འདུག མེ་ལྕེ་ཐོག་ནས་གཉིད་འགྲོ་སད་ཡོང་གི་འདུག་ག

    Reply
  12. ལྐོག་ཤེས་ says:
    ལོ་ 14 སྔོན།

    ཉི་ཤས་རྗེས་ནས་གཏོང་གི་རེད། ཁོས་དོན་དག་ཆེན་པོ་ག་གེ་བྱས་མེད་བ། ཕྱིར་ཕེབས་ན་སྔོན་བཞིན་གྲགས་རྒྱུ་ཡོད་ན་བཟང་གི བདེན་མིན་མི་ཤེས་མོད་། བཙོན་ནས་ཕྱིར་ཐོན་རྗེས་་ཕྱོགས་དུང་སོགས་ལ་བཤད་རྒྱུ་མང་པོ་འདུག་ག

    Reply
  13. འཁྱམས་པོ། says:
    ལོ་ 14 སྔོན།

    ད་ནི་རྒྱ་དགྲ་དེ་ཚོ་ཐབས་ཟད་འུ་ཐུགས་ཀྱི་བྱ་སྤྱོད་དེ་མི་སྤེལ་ཐབས་མེད་ཆགས་པ་རེད།
    ན་ནིང་ཨ་རབ་གསར་བརྗེ་གྱེན་ལངས་སྐབས་ཡང་དང་པོ་རུལ་སུངས་ཀྱི་བྱ་སྤྱོད་དེ་སྤེལ་པ་རེད་ལ་དེ་ནི་ཆེས་མཐའ་ལ་ཐུགས་པའང་རེད།དེའི་རྗེས་ནས་ཁོང་ཚོས་རུལ་སུངས་སྲིད་གཞུང་གི་སྟོབས་ཤུགས་ཤོར་ནས་གཞུང་འགོ་རྟིང་སློག་པ་རེད། རྒྱ་གཞུང་ལ་དེའི་རང་བཞིན་རེད་ད་ནི་ཚེ་ཚོད་ལ་སླེབས་ཡོང་གིན་ཡོད་པ་རེད།

    Reply
  14. རང་དབང་རྒྱལ། says:
    ལོ་ 14 སྔོན།

    གཞིས་བཞུགས་ཚད་ཐུབ་རྩོམ་པ་པོ་སྐུ་ཞབས་མེ་ལྕེ་ལགས་རྒྱ་གཞུང་གིས་བཙན་བཟུང་བྱས་པ་ནི། བོད་ཀྱི་སྒལ་ཚིགས་གཏོར་བསམ་པའི་ངན་བྱུས་ཉག་ཅིག་རེད། དེ་འདྲ་ཡིན་དུས། བྱུས་ངན་དེའི་རིགས་ལ་ཁ་གཏད་གང་འདྲ་གཅོག་རྒྱུ་ཡིན་མིན་གྱི་ཕྱོགས་སུ་བསམ་ཚུལ་རེ་སྤུངས་རོགས་ཞུ། ལྷག་པར་དུ། རྒྱལ་སྤྱིའི་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་ངོས་ནས། རྩོམ་པ་པོ་ཁོང་གི་ལོ་རྒྱུས་སོགས་འཚོལ་ཞིབ་བྱས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཉེས་པ་ཚོགས་པ་སོགས་བརྒྱུད་ནས་རྒྱ་གཞུང་ལ་གནོད་ཤུགས་སྤྲད་ཀི་འཇུག་དགོས་པ་གལ་ཆེན་དོན་ཞིག་རེད། དེ་ཡང་འཕྲལ་དུ་འཇུག་དགོས་པ་ཤིན་ཏུ་ནས་ཀྱང་གལ་ཆེའོ།།

    སྤྱིར་ན། རྩོམ་པ་པོ་མེ་ལྕེ་ལགས་ཀྱིས་བརྩམས་གནང་བའི་《མི་གཞིའི་སྙིང་སྟོབས་》དང་《ཁུ་སིམ་ཁད་ཀྱིས་དཀྲོགས་》སོགས་ལ་སློབ་སྦྱོང་བྱས་ཡོད་པ་མ་ཟད། ཞིབ་འཇུག་བྱས་པའི་གྲུབ་དོན་དེའི་རིགས་ལ་རང་ཤུགས་ཀྱིས་དགའ་ཕྱོགས་ཤིག་ཡོད་པས་ན། བློ་བསྐྱེད་ཅིག་མི་ཆུང་བ་ཞིག་རག་སོང་། ད་རུང་ཁོང་གིས་རྩོམ་སྒྲིག་གནང་བའི་《རང་གྲོལ་ཞིབ་འཇུག་》སོགས་ལ་མཇལ་མྱོང་ཡོད། དེའི་སྟོབས་ཀྱིས། ཁོང་ནི་ཆེས་ཐག་ཉེ་བའི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། དེ་རིང་གི་ཁོང་གི་གནས་ཚུལ་སྐྱོ་བོ་འདི་མཐོང་མ་ཐག་ཅི་ཡིན་འདི་ཡིན་མེད་པའི་ཕྱོགས་སུ་ལྷུང་གྲབས་བྱེད་ཀྱིན་འདུག

    གང་ལྟར། ད་ནི། གནས་ཚུལ་འདི་བྱུང་ཚར་བ་རེད། དེ་འདྲ་ཡིན་དུས། ཁོང་གིས་མཛད་རྗེས་དང་ཤེས་རྟོགས་ལ་ངོས་འཛིན་ཡོད་པའི་ཐོག་ནས། ད་ཡིན་ན། རྩོམ་པ་པོ་ཁོང་དང་ཁོང་ལྟ་བུ་རྒྱ་གཞུང་གི་བཙོན་ཁང་ནང་ནས་གློད་གྲོལ་ཡོང་ཐབས་སུ། ནུས་ཤུགས་རྩལ་དགུ་འདོན་རན་པའི་དུས་ཚོད་ཛ་དྲག་ཅིག་རེད། དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་མང་གཙོི་དང་རང་དབང་གི་ཐོབ་ཐང་བདག་སྐྱོང་བྱེད་ཀྱིན་པའི་ཚོགས་སྡེ་ཁག་ལ་ཁོང་གི་གནས་ཚུལ་འདི་ར་སྤྲོད་དང་འབྲེལ། རྒྱ་གཞུང་མི་ལྷོད་རང་ལྷོད་ཀྱིས་གནོད་ཤུགས་སྤྲད་ཐབས་ལ་གང་ཡོང་ཅི་ཡང་གནང་རོགས་ཞུ།

    དེ་བཞིན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་ཁོང་གི་ལོ་རྒྱུས་དང་ཁོང་གི་བརྩམས་ཆོས་རྣམས་ཡིག་རིགས་འདྲ་མིན་ལ་བསྒྱུར་ནས་ཁོང་གི་གནས་ཚུལ་འདི་འཛམ་གླིང་ལ་བརྒྱུད་སྤེལ་བྱེད་དགོས་པ་གལ་ཆེན་ཞིག་ཏུ་འཁུམས་སོ།། མ་གཏོགས་གནའ་ནས་བཟུང་ད་ལྟའི་བར་དུ། བོད་ཀྱི་སྒལ་ཚིགས་དང་བླ་སྲོག་ཆེས་མང་པོ་ཞིག་རྒྱ་གཞུང་འདི་ལྟར་ནག་མེད་སེ་བཏང་བ་མ་ཡིན་ནམ། ད་ནི། རྒྱ་གཞུང་འདི་སྲིད་བྱུས་འདིའི་རིགས་ལ་ལངས་ཤོར་ལ་ཕྱོགས་ཡོད་པ་མ་ཟད། བྱུས་ངན་འདི་སྟབས་བདེ་ཤོས་སུ་བརྩི་བཞིན་པའི་ཁུལ་ཡིན་རུང་། དེ་རིང་འཛམ་གླིང་ནི། འདི་འདྲ་མིན་པར་ར་འཕྲོད་བྱེད་རན་པའི་དུས་ཚོད་ཅིག་རེད།

    Reply
  15. རྒྱང་མིག says:
    ལོ་ 14 སྔོན།

    མི་རིགས་འདི་གྱེན་བགྲེང་བའི་སྒལ་ཚིགས་ལྷུ་གཅིག་རྒྱ་ལག་ཏུ་ཤོར་སོང་། ཨ་ཁ་ཁ་ཁོང་མྱུར་ཀློད་གྲོལ་ཡོང་བར་ཤོག

    Reply
  16. ཨ་འཇམ། says:
    ལོ་ 14 སྔོན།

    དངོས་གནས་ང་ཚོའི་སྟོབས་ཤུགས་དང་ནུས་པ་རྨེག་མེད་དུ་གཏོང་རྩིས་རེད།

    Reply
  17. མྱི་རྐྱང་སྨྱོན་པ། says:
    ལོ་ 14 སྔོན།

    སྐུ་ཞབས་མེ་ལྕེ་ལགས་འཇུ་གཟུང་བྱས་པར་སེམས་དང་བསམ་པའི་གཏིང་རུམ་ནས་འགྱོད་ནི་ཞིག་རེད། ཁོང་གིས་བོད་མི་རིགས་ལ་བཅངས་བའི་ལར་ཞེན་དང་། སེམས་ཤུགས། ལྷག་བསམ་སོགས་དེ་འདྲ་ཡོད་མཁན་ཆེས་ཉུང་ཉུང་ཡིན་པ་སྨོས་མེད་དང་། ལྷག་པར་ཁོང་གི་བརྩམས་ཆོས་ཁག་དང་། ཁོང་གིས་གཙོ་སྒྲིག་བྱས་པའི་དཔེ་དེབ་ཁག་ལ་མཇལ་ན་མེད་ཐབས་མེད་པའི་མི་བུ་ཞིག་ཡིན་པ་ཡོངས་ཀྱིས་མཁྱེན་གསལ་ལྟར་ལགས། ཁོང་གིས་བཙན་རྒོལ་སྙིང་སྟོབས་ཁོ་བ་ཚང་གིས་བཙན་གྱིས་བཀག་པ་རེད། མི་གཞིའི་སྙིང་སྟོབས། ཁུ་སིམ་ཁད་ཀྱིས་དཀྲོག དགེ་ཆོས་རྒྱང་མཇལ། ཚེར་མའི་ལམ་གྱི་ང་རོ་སོགས་གང་ལ་མཇལ་ན་ཁོང་གི་རླབས་ཆེན་གྱི་བསམ་བློའི་ཕུགས་རྒྱང་དང་། དཔྱོད་ཤེས་ཀྱི་བློ་མིག་སོགས་ནི་ངོ་མ་བློ་ཡུལ་ལས་འགོངས་པ་ཞིག་ཡིན། ཤི་རེས་ཀོ ད་ཅི་ཞིག་བྱ།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཁོང་ལྟ་བུའི་རྩོམ་པ་པོ་རེ་རེ་ནི་མི་རིགས་ཀྱི་མགྲིན་ཚབ་པ་རེ་རེ་ཡིན་ལ། དྲང་བདེན་གྱི་སྙུག་ཐོགས་དཔའ་རྒོད་རེ་རེ་ཡིན། ཁོང་ཚོ་ནི”འོད་ཟེར་གྱི་ལག་པས་མུན་ནག་གི་ངོ་གདོང”འབྲུ་མཁན་ཡིན་པས། “སང་ཉིན། སྐྱ་རེངས་ཀྱི་འཇིག་རྟེན་མུན་པའི་ཁྲོད་བཀྱགས་འོང”ངེས་ཡིན། ཁྱེད་ཅག་གི་རྗེས་ན་གདུང་སེམས་མཉམ་སྐྱེད་དང་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་ཁྲི་འབུམ་ཡོད། བདེན་ལུགས་ཀྱིས་དགྲ་མགོ་གནོན་ཐག་ཆོད་ཡིན།

    Reply
  19. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    བུ་རྒོད་པོ་གནམ་ལྕགས་ཐོག་འདྲ་བ་ཞིག་ཡང་རྒྱ་ལག་ཏུ་ཤོར་འདུག ཨ་ཁ་ད་ང་ཚོའི་བོད་འདིའི་ལས་འདི་

    Reply
  20. བརྩོན་རྒྱམ། says:
    ལོ་ 14 སྔོན།

    མི་རིགས་རང་ལུགས་པ་ཁོང་བཙོན་ཁང་དུ་བཅུག་པ་ནི་ངོ་མ་ཕངས་སེམས་སྐྱེ་བ་ཞིག་རེད།  ཁོང་གི་བདེན་དོན་རྒྱལ་གྱུར་ཅིག

    Reply
  21. ནགས་མེ། says:
    ལོ་ 14 སྔོན།

    སྨྱུག་རྒོད་པ་ཁོང་རྒྱ་ལག་ཚུད་པར་འགྱོད་གདུང་དྲག་པོ་ཞུ།

    Reply
  22. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    རླབས་ཆེ་བའི་མི་ཞིག་བཙོན་ཁང་དུ་བཅུག་ཚེ།མི་དེའི་ཀླད་པར་གླེགས་བམ་ཁྲི་ཕྲག་ཅིག་གི་སྒོ་མོ་ཕྱེས་པ་དང་མཚུངས་བ་བཞིན་སྙིང་སྟོབས་ཀྱིས་ཀུན་ནས་ཕྱུག་པའི་མི་བུ་ཁོ་ཡང་དེ་བཞིན་ཡིན་པ་སྨྲོས་ཅི།

    Reply
  23. བཀྲ་ཤིས། says:
    ལོ་ 14 སྔོན།

    དངོས་གནས་འུ་ཅག་བོད་པ་ཚང་ད་དུང་རྒྱ་ནག་དམར་པོའི་དབང་འོག་ཏུ་འདི་ལྟར་ལུས་ན། མི་རིགས་འདིའི་ཆེད་དུ་ཅི་ཡང་བློས་གཏོང་ཕོད་པའི་ཆོད་སེམས་དང་ལྷག་བསམ་ཅན་རྣམས་རིམ་གྱིས་ཟད་པར་འགྱུར་ངེས་རེད་འདུག ལྟོས་དང་ཤེས་ཡོན་ཅན་སྨྱུག་འཛིན་པ་རྣམས་བརྩོན་འོག་ཏུ་་འཆི་འགྲོ་ལ། ཆོད་སེམས་ཅན་གྱི་དཔའ་རྒོད་པ་རྣམས་མེ་ལྕེས་འཚིགས་འགྲོ་ཡི་འདུག
    རེད་དེ་མི་དཔོན་བླ་དཔོན་རྣམས་ནི་ལག་ལེན་ཅི་ཡང་མེད་པའི་སྐད་ཆ་སྙན་པོ་རེ་གསུང་གིན་ལྷིང་འཇགས་ངང་བཞུགས་འདུག
    ད་དུང་ཁོ་ཚོས་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་དགེ་མཚན་གཞན་ལ་གླེང་གིན་རང་གི་བུ་བུ་མོའམ་ཚ་བོ་ཚ་མོ་རྣམས་ལ་ཕྱིའི་སྐད་ཁོ་ནར་སྦྱང་དུ་བཅུག་ཚུལ་འདི་ལ་གཞིགས་ན། ཁོང་ཚོ་ནི་ཅི་འདྲའི་གཞན་ཁོ་ན་ལ་སེམས་པའི་ལྷག་བསམ་དང་གཏོང་ཕོད་ཅན་ཞིག་རེད།
    དངོས་གནས་བོད་པ་ཚང་འདི་ཁེ་མཚར་རེད།

    Reply
  24. གནམ་ལྕགས། says:
    ལོ་ 14 སྔོན།

    ཨ་ཁ་ཁ། ད་ཁྱོན་ནས་འགྲིག་མ་སོང་། ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དེ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese