མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་ལྟ་རྟོག་བཀག་སྡོམ་བྱེད་སྤྱད་ཀྱི་ལག་ཁྱེར་གསར་བ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་ནས་གསར་དུ་དབུས་སྣེ་ལེན་ཁང་ལ་འབྱོར་བའི་ཕ་ཡུལ་མཛོ་དགེ་ནས་ཡིན་པའི་གྲྭ་བསྟན་འཛིན་ལགས་སུ། ད་ལྟའི་ཆར་བོད་ནང་དུ་བཀག་སྡོམ་གནས་སྟངས་ག་འདྲ་ཡིན་མིན་དྲིས་སྐབས། ༢༠༠༨ ལོའི་ཚུན་ལ་གསར་དུ་བཟོས་པའི་ཐོབ་ཐང་ལག་ཁྱེར་དེ་ནི་བོད་མི་ཚོར་མཚོན་ན། རྒྱ་གཞུང་གིས་ཕྱོགས་ཡོངས་ནས་ལྟ་རྟོག་བཀག་སྡོམ་བྱེད་སྤྱད་ཀྱི་ལག་ཆ་གསར་བ་ཞིག་རེད་ཟེར།

གྲྭ་མིང་ཐོགས་ཚུལ་ལ་དོགས་འདྲོག

གྲྭ་བསྟན་འཛིན་ལགས་ཀྱིས་བརྗོད་པ་ལྟར་ན།  ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་རྗེས། རྒྱ་གཞུང་གི་ཉེན་རྟོག་པ་རྣམས་དགོན་པའི་ནང་ཡོང་སྟེ། གྲྭ་ཤག་རེ་རེར་ཉུལ་ཏེ་ལོ་ ༡༢ ཡན་གྱི་གྲྭ་བ་ཡོངས་ལ་ཐོབ་ཐང་ལག་ཁྱེར་བཟོས་ཡོད་པ་དང་།  དེ་དང་མཉམ་དུ་གྲྭ་ཤག་རེ་རེ་བཞིན་ས་ཁྱོན་འཇལ་བ་དང་སྒོ་རྟགས་སྦྱར་པ་མ་ཟད། གྲྭ་ཤག་རེ་རེར་གྲྭ་བ་ག་ཚོད་ཡོད་པ་དང་། ཁོ་ཚོ་ཕན་ཚུན་འབྲེལ་བ་གང་ཡིན། ཕ་མ་སྤུན་མཆེད་ཀྱི་གནས་སྟངས། གྲྭ་བ་རེ་རེའི་མིང་དང་ལོ་རྒྱུས་ཆ་ཚང་བྲིས་ཏེ། ས་གནས་རྫོང་ཐོག་གི་སྒེར་གཉེར་མགྲོན་ཁང་ཚུན་ནང་མི་རེ་རེའི་ལོ་རྒྱུས་ཆ་ཚང་རྟོགས་ཐུབ་པའི་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་གྱི་འཕྲུལ་ཆས་བཙུགས་ཏེ། གྲྭ་བ་རྣམས་ཀྱི་ཕྱོགས་སྐྱོད་དང་གནས་སྡོད་ཀྱི་ཐད་ལ་དམིགས་བསལ་གྱིས་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག  གྲྭ་བསྟན་འཛིན་ལགས་ཀྱིས་བརྗོད་རྒྱུར་  “ ༢༠༠༨ ལོའི་སྔོན་ལ་གྲྭ་བ་ཚོས་ཐོབ་ཐང་ལག་ཁྱེར་བཟོས་སྐབས། སྐྱ་ཆས་གྱོན་པའི་པར་དང་སྐྱ་མིང་འགོད་དགོས་ཀྱི་འདུག ༢༠༠༨ ལོའི་རྗེས་སུ་བསྐྱར་དུ་ཐོབ་ཐང་ལག་ཁྱེར་བཟོས་སྐབས། གྲྭ་ཆས་གྱོན་པའི་པར་དང་གྲྭ་མིང་འགོད་དགོས་ཀྱི་འདུག  དེའི་དམིགས་ཡུལ་གཙོ་བོ་ད་ལྟ་དགོན་པར་གྲྭ་བ་ཡིན་ཡང་། རྗེས་ཕྱོགས་གལ་སྲིད་གྲྭ་ལོག་བྱས་ཀྱང་ལྟ་རྟོག་བྱ་བདེ་བའི་ཆེད་དུ་རེད། ཐ་ན་མིང་ལ་བསྟན་པ་དང་རྒྱ་མཚོ་ཟེར་མཁན་ཚོར་ཡང་གྲྭ་བ་བྱས་མྱོང་མིན་ལ་ཞིབ་འཇུག་བྱེད་ཀྱི་འདུག ” ཅེས་བརྗོད་བྱུང་།

ཐོབ་ཐང་ལག་ཁྱེར་དྲ་ལམ་ལ་མཐུད་འདུག

དེང་སྐབས་ཀྱི་བརྡ་འཕྲིན་དུས་རབས་ནང་རྒྱ་གཞུང་གི་ཐོབ་ཐང་ལག་ཁྱེར་དེས། བོད་ནང་གི་བོད་མི་ཚོས་གནས་འཕྲིན་དྲ་བ་བརྒྱུད་ཕྱི་ཕྱོགས་ཀྱི་གནས་ཚུལ་ཤེས་རྟོག་ཐད་བཀག་རྒྱ་ཆེན་པོ་ཞིག་བཟོས་ཡོད་འདུག  གྲྭ་བསྟན་འཛིན་ལགས་ཀྱིས་བརྗོད་ན། ༢༠༠༨ ལོ་ཚུན་ནས་བཟུང་བོད་ཀྱི་ས་ཁུལ་ཁག་ནང་དྲ་ཁང་དུ་སྐྱོད་སྐབས་ཐོབ་ཐང་ལག་ཁྱེར་མེད་ཚེ་དྲ་རྒྱ་སྔོག་མི་ཆོག་པ་དང་། དྲ་ཁང་དུ་མཛུལ་སྐབས་ཐོག་མར་དྲ་བདག་གིས་གློག་ཀླད་ནང་ཐོབ་ཐང་ལག་ཁྱེར་ཞིབ་བཤེར་བྱེད་ཅིང་། དེ་ནས་སོ་སོའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་། དྲ་བདག་གིས་སྤྲད་པའི་ཨང་གྲངས་གཉིས་ཀྱིས་གློག་ཀླད་ཁ་འབྱེད་དགོས་ཀྱི་ཡོད་འདུག དེ་ནི་དྲ་རྒྱར་ཞུགས་མཁན་མི་རེ་རེ་ཡིས་གློག་ཀླད་གང་གི་སྟེང་དུ་དུས་ཚོད་ཅི་ཙམ་ལ་བསྡད་ཡོད་མེད་དང་དྲ་ཚིགས་ག་རེ་སྔོག་ཡོད་མེད། གླེང་མོལ་གང་ཞིག་བྱས་ཡོད་མེད་ཞིབ་བཤེར་ཐུབ་ཀྱི་ཡོད་འདུག  གྲྭ་བསྟན་འཛིན་ལགས་ཀྱིས་བརྗོད་དོན། “ ང་རང་དུས་རྒྱུན་དྲ་རྒྱར་ཞུགས་རྒྱུར་དགའ་མོས་ཡོད། སྤྱིར་རྒྱ་གཞུང་གིས་ཕྱི་ཕྱོགས་ཀྱི་དྲ་ལམ་ཁག་བཀག་སྡོམ་བྱས་ཡོད་ཀྱང་། ༢༠༠༨ ལོའི་སྔོན་ལ་དྲ་རྒྱུར་ཞུགས་པར་དཀའ་ངལ་མེད་ལ། ཐབས་ཤེས་འདྲ་མིན་བརྒྱུད་ཕྱི་ནང་གི་གནས་ཚུལ་མང་པོ་ཤེས་ཐུབ་ཀྱང་། ༢༠༠༨ ལོའི་རྗེས་ནས་ཐོབ་ཐང་ལག་ཁྱེར་གྱི་ཐོག་ནས་དྲ་རྒྱར་ཞུགས་དགོས་སྟབས། ད་ཆར་ཕྱི་ཕྱོགས་ཀྱི་གནས་ཚུལ་ལྟ་ཀློག་ཁག་པོ་ཆགས་འདུག ” ཅེས་བརྗོད་བྱུང་།

ལྷ་ལྡན་གྲོང་ཁྱེར་རྒྱ་རིགས་ཀྱིས་ཁེངས་འདུག

གྲྭ་བསྟན་འཛིན་ལགས་ཉེ་སྔོན་ལྷ་སར་ཟླ་གསུམ་རིང་བསྡད་མྱོང་ཡོད་ཅིང་། ཁོས་རང་ཉིད་ལྷ་སར་སྡོད་སྐབས་ཀྱི་མཐོང་ཐོས་འགའ་ངོ་སྤྲོད་གནང་དོན། “དེང་སྐབས་ལྷ་ས་གྲོང་ཁྱེར་ནང་བར་སྐོར་དང་ར་མོ་ཆེ། པོ་ཏ་ལ་གཙོས་བོད་མི་འདས་སྡོད་ཁུལ་དུ་དམ་དྲག་ཆེན་པོ་འདུག  སེ་འབྲས་དགའ་གསུམ་གྱི་གྲྭ་བ་རྣམས་གྲོང་ཁྱེར་དུ་སྐྱོད་སྐབས་ངེས་པར་དུ་སྐྱ་ཆས་གྱོན་དགོས་ཀྱི་འདུག་ལ། སྲང་ལམ་དུ་གྲྭ་ཆས་གྱོན་མཁན་དག་ལ་དྲི་བརྩད་དང་ལྟ་རྟོག་བྱེད་ཀྱི་འདུག བོད་མི་མཇལ་སྐོར་བ་ཚོས་ཀྱང་པོ་ཏ་ལར་མཇལ་སྐབས་རྒྱ་སྒོར་ ༢ སྤྲད་དེ་འཛིན་བྱང་ཉོ་དགོས་ཀྱི་འདུག  པོ་ཏ་ལའི་ནང་གི་གནས་ཤན་པ་ཚང་མ་རྒྱ་མི་རེད། ཁོ་ཚོས་རྒྱ་མི་ཡུལ་སྐོར་བ་ཚོར་པོ་ཏ་ལའི་བརྩིག་ངོས་ཀྱི་རྒྱལ་དབང་སྐུ་ཕྲེང་ལྔ་དང་རྒྱ་ནག་གོང་མ་ལྷན་དུ་ཁྲི་བཞུགས་ཀྱི་ལྡེབས་རིས་དེར་ལོག་འགྲེལ་བརྒྱབ་སྟེ། བོད་ཀྱི་ལོ་རྒྱུས་བདག་དབང་ལ་འཁྱོག་བཤད་བྱེད་ཀྱི་འདུག གཞན་དེང་སྐབས་ལྷ་ས་གྲོང་ཁྱེར་ཧྲིལ་བོ་རྒྱ་མིས་གྲོང་ཁྱེར་ཆགས་འདུག་པ་མ་ཟད། ལྷ་སའི་བར་སྐོར་ནང་གི་བོད་པའི་ཁྱད་ཆོས་ལྡན་པའི་དངོས་རིགས་དང་། ཁ་བཏགས་དང་ཕྲེང་བ་སོགས་བཙོང་མཁན་ཕལ་ཆེ་བ་སི་ཁྲོན་གྱི་རྒྱ་མི་རེད། ཐ་ན་དགུ་མདུད་དང་ཕྱག་མདུན་སོགས་ཀྱང་རྒྱ་མིས་བཟོས་ཏེ་བོད་པར་བཙོང་གི་འདུག” ཅེས་བརྗོད་སོང་།

བླ་བྲང་དགོན་པའི་གྲྭ་བ་ཇེ་ཉུང་རེད།

གྲྭ་བསྟན་འཛིན་ལགས་ལོ་གཅིག་ལྷག་རིང་བླ་བྲང་དགོན་པའི་ནང་དཔེ་ཁྲིད་དུ་བསྡད་མྱོང་འདུག  ཁོང་གིས་ཤེས་རྟོག་བྱུང་བ་ལྟར་ན། བླ་བྲང་དགོན་པའི་གྲྭ་ཚང་དྲུག་གི་ནང་མཚན་ཉིད་གྲྭ་ཚང་ལ་རྒྱུན་དུ་ཆོས་རར་ཞུགས་མཁན་གྲྭ་བ་ ༤༠༠ ལྷག་དང་། གྲྭ་ཚང་གཞན་ལྔ་ལ་ཆ་སྙོམས་གྲྭ་བ་ ༢༣༠ རེ་བཅས། ད་ལྟ་བླ་བྲང་དགོན་པ་རང་ལ་ཁྱོན་སྡོམ་གྲྭ་བ་ཆིག་སྟོང་ལྷག་མ་གཏོགས་མེད་པ་དང་། དེ་མིན་ཕྱོགས་ཡོང་གི་དཔེ་ཁྲིད་པ་དང་གྲོང་ཆོག་པ་སོགས་ལའང་གྲྭ་བ་ ༨༠༠ ཙམ་ལས་མེད་སྐོར་བརྗོད། ཁོས་བརྗོད་དོན། “ དེང་སྐབས་བླ་བྲང་དགོན་པའི་ནང་ལོ་རེར་འཛིན་གྲྭ་གཅིག་རེ་མ་གཏོགས་ཚོགས་ཞུགས་བྱེད་འཇུག་གི་མེད་པ་དང་། འཛིན་གྲྭ་གཅིག་པུ་དེ་ལའང་གྲྭ་བ་ ༣༠  ལས་བརྒལ་ཆོག་གི་གི་མ་རེད། དེའི་ཁྲོད་གྲྭ་བ་ ༡༥ ནི་དགོན་པའི་ནང་གི་ཡུལ་སྐོར་སྣེ་ཤན་པ་དང་། ལས་ཀ་ཙག་ཙིག་བྱེད་མཁན་གྱི་ངོ་བོའི་ཐོག་ནས་བསྡུ་བཞིན་ཡོད་སྟབས།  ཟླ་གཅིག་གཉིས་རིང་ཆོས་རྭར་ཞུགས་རྗེས་ལས་བགོས་ལྟར་ལས་ཀར་ཞུགས་དགོས་ཀྱི་འདུག དེ་འཕྲོས་ཀྱི་གྲྭ་བ་ ༡༥ ནི་རྒྱུགས་སྤྲོད་ཀྱི་ངོ་བོའི་ཐོག་ནས་ཚོགས་ཞུགས་བྱེད་ཀྱི་ཡོད་མོད། དོན་དངོས་ཐོག་ཆོས་ལ་སློབ་གཉེར་བྱེད་མཁན་ལྔ་དྲུག་ཙམ་མ་གཏོགས་ཚོགས་ཐུབ་ཀྱི་མི་འདུག གྲྭ་ས་ཆེན་པོ་དེ་འདྲ་ཞིག་གི་ནང་ལོ་རེར་ཆོས་སློབ་གཉེར་བྱེད་མཁན་གྲྭ་བ་དེ་ཙམ་མ་གཏོགས་ཞུགས་མ་བཅུག་པ་ཡིན་ན། མ་འོངས་པར་རིམ་གྱིས་འཛིན་གྲྭ་རྒྱུན་ཆད་རྒྱུར་ཉེན་ཁ་ཆེན་པོ་འདུག” ཅེས་བརྗོད་བྱུང་།

བོད་པའི་སྨྲ་ལྕེ་གཅོད་ཀྱིན་འདུག

དེང་སྐབས་རྒྱ་གཞུང་གི་བོད་ཁུལ་གྱི་གཞི་རིམ་ཞིང་བ་དང་འབྲོག་པ་མང་པོ་རྒྱ་གྲོང་ལ་ཕབས་ཏེ་བོད་མིའི་རང་རྐྱ་འཕེར་བའི་འཚོ་བའི་སྒྲོམ་གཞི་མེད་པ་བཟོ་བ་དང་། བོད་མིའི་ཡུལ་སྲོལ་གོམས་གཤིས་མཐའ་དག་རྒྱ་སྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པ་ལྟར།  གྲྭ་བསྟན་འཛིན་ལགས་ཀྱིས་སོ་སོའི་ཡུལ་ཕྱོགས་ཀྱི་དངོས་མཐོང་གནས་སྟངས་བརྗོད་པ་ལྟར་ན། རྨ་ཆུ་དང་ཀླུ་ཆུ། མཛོ་དགེ་སོགས་སུ་དེང་སྐབས་འབྲོག་པ་མང་པོ་རྫོང་གྲོང་དུ་ཕབ་བཞིན་པ་དེས། བོད་མི་ཚོས་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་ལ་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། ཉེ་བའི་ལོ་འགའི་ནང་བོད་རིགས་གཞོན་སྐྱེས་ཤེས་ལྡན་པ་དག་གིས་སོ་སོའི་དབྱར་དགུན་གུང་གསེང་གི་དུས་ཚོད་སྤྱད་དེ།  དང་བླངས་ཐོག་སོ་སོའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཟབ་སྦྱོང་འཛིན་གྲྭ་འཛུགས་ཀྱི་ཡོད་པ་དེ་དག་ཀྱང་ལོ་སྔོན་མ་ནས་རྒྱ་གཞུང་གིས་བཀག་སྡོམ་བྱས་ཡོད་འདུག་ལ། སློབ་གྲྭ་ཆུང་འབྲིང་གི་བོད་རིགས་སློབ་མ་མང་པོ་སྡེབས་གཅིག་ཏུ་རྒྱ་ནག་ལ་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ཡོད་འདུག གྲྭ་བསྟན་འཛིན་ལགས་ཀྱིས་དཔེ་མཚོན་ཞིག་བརྗོད་དོན། “ འདས་པའི་ལོ་གཅིག་གི་ཡར་སྔོན་གྱི་དགུན་ཁའི་སློབ་གསེང་གི་དུས་སྐབས་ཤིག་ལ།  རྒྱ་ནག་ཞི་ཨན་དུ་བཏང་ཡོད་པའི་སློབ་གྲྭ་ཆུང་འབྲིང་གི་བོད་རིགས་སློབ་མ་ ༤༠ ལྷག་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་གིས་རྨ་ཆུ་རྫོང་ཐོག་ཏུ་བསྐྱལ་སོང་། བྱིས་པ་དེ་དག་གི་བྱ་སྤྱོད་འཁྱེར་སྟངས་ཚང་མ་རྒྱའི་ཤུགས་རྐྱེན་ཐེབས་ཏེ། རྒྱ་མི་དང་གཅིག་པ་ཆགས་འདུག་ལ། ཐ་ན་སོ་སོའི་བོད་སྐད་ཀྱང་བརྗེད་དེ་ཕ་མ་དང་བྱིས་པའི་བར་བོད་སྐད་ཐོག་གོ་བརྡ་མི་འཕྲོད་པ་ཆགས་འདུག” ཅེས་བརྗོད་བྱུང་།

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་དམག་གིས་བོད་ལ་ཞི་བའི་བཅིངས་འགྲོལ་གཏོང་བ་ཞེས་མེ་མདའ་གཏད་ཡོང་དུས་ཀྱང་གྲྭ་དམག་གིས་བཙན་རྒོལ་གནང་མྱོང་བ་ནས་ད་བར་ལ་སེར་མོ་བའི་ནང་ནས་ངོ་གནོང་མི་དགོས་པའི་བཙན་རྒོལ་རྒྱལ་སྐྱོབ་པ་ཟམ་མ་ཆད་པར་བྱུང་དང་འབྱུང་གིན་ཡོད། ངོ་མ་རྒྱ་གཞུང་ཁོང་ཚོར་ཞེད་སྣང་སྐྱེ་བ་ཡང་ཁག་མེད། དགོན་སྡེ་ཁག་ནི་ང་ཚོའི་རིག་གཞུང་དང་སྙིང་སྟོབས་ཀྱི་རྫོང་མཁར་ཆེན་པོ་རེ་རེ་ཡིན། ང་ཚོའི་ཆོས་སྲིད་གཉིས་ཀྱི་ལམ་མཁན་ཡང་སེར་མོ་བ་ཡིན་ཟེར་ཆོག་ཆོག་ཡོད། ངོ་མ་དགའ་ནི་དད་ནི་ཞིག་རེད།
    བདེན་པ་ཉིད་རྒྱལ་བར་འགྱུར་རྒྱུར་ཡང་ང་ཚོའི་ཞི་བའི་དམག་དཔུང་སེར་མོ་དག་ལ་རག་ལས་ཡོད་པ་མིན་ནམ།

    Reply
  2. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    ང་ཚོའི་སྨྱུག་ཐོགས་པ་ཚོ་གཅིག་རྒྱབ་གཉིས་ལངས་དང་ཆོལ་ཁའི་ཞེན་ཁོག་སྐམ་པོ་དེར་ཐུག་དུས་སོ་སོའི་གཞུང་དང་གཞུང་གི་སྲིད་སྐྱོང་པར་སྡིགས་དམོད་བྱེད་རྒྱུ་ཙམ་མ་གཏོགས་གཞན་འཇོན་ཐང་མི་འདུག སྟག་ལ་ཐུག་དུས་ཝ་མོ་དང་ གླང་ཆེན་ལ་ཐུག་དུས་ཙི་ཙི་ཤ་སྟག་རེད། ནང་དགྲ་ཕྱིར་འཇམ་གྱི་མི་དེ་ཚོར་སྐྱུར་མེར་ལངས་གྱིན།

    Reply
  3. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    བསྟན་འཛིན་ལག་བདེ་བྱོར་ཐུབ་པར་བཀྲ་ཤིས་བདེ་ལེག་ཞུ་བོད་པ་རང་ཉིད་ཀྱི་རིག་སྒྲིམ་ཏེ་གཟབ་གཟབ་བྱེད་གྱུ་གལ་ཆེན་རེད་

    Reply
  4. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒན་བསྟན་འཛིན་ལག་བདེ་འབྱོར་ཐུབ་པར་བཀྲ་ཤིས་བདེ་ལེག་ཞུ་ང་ཚོ་རྒྱ་མིས་གཅིག་བྱས་གཉིས་བྱས་བཤད་པར་ཕན་ཐོག་མེད་རང་ངོས་ནས་གཟབ་གཟབ་བྱེད་གྱུ་གལ་ཆེན་པོ་རེད་འཇིག་རྟེན་ཁ་དཔེ་རང་ཉིད་རང་གི་མགོན་ཡིན་རང་ཉིད་རང་གི་དགྲ་ཡིན་ཟེར་པའི་དཔེ་བཞིན་རེད

    Reply
  5. ཤག་སྒང་པ། says:
    ལོ་ 14 སྔོན།

    ང་ཚོའི་སྨྱུག་ཐོགས་པ་ཚོ་ཕན་ཚུན་འགྲན་སེམས་ཀྱི་སྡིགས་དམོད་རྐྱང་རྐྱང་བྱས་ནས་མ་བསྡད་པར་རྒྱ་ནག་གི་སྲིད་བྱུས་ངན་རིམ་འདི་ཚོར་དཔྱད་གཏམ་ལན་འདེབས་རེ་གནང་གལ་ཆེ་བ་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese