མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་གྲོས་ཚོཊ་ནང་བོད་དོན་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༢༧
 ཉིན་ཡུ་རོབ་གྲོས་ཚོགས་ནང་བོད་དོན་སྐོར་ལ་གྲོས་ཆོད་ཅིག་བཞག་ཡོད་འདུག དེ་ནི་ཚེས་ ༢༧ ཉིན་ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་བྱུང་སྟེ། འདས་པའི་ཟླ་ཤས་ནང་རྔ་པ་ཀིརྟི་དགོན་པ་དང་ཁམས་རྟའུ་དང་། དཀར་མཛེས་དགོན་བཅས་ཀྱི་བོད་མི་སེར་སྐྱ་ ༡༠ ཙམ་གྱིས་ “ ༧རྒྱལ་བ་རིན་པོ་ཆེན་བོད་ལ་གདན་ཞུ་དགོས། བོད་ལ་རང་དབང་དགོས་ ” ཞེས་པའི་འབོད་ཚིག་འོག་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་ལ། དེ་དག་ཁྲོད་མི་ ༤ འདས་གྲོངས་དང་། མི་ ༥ གར་སོང་ཆ་མེད་དུ་གྱུར་བ་སོགས་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་གཡོན་ཐལ་ཆེ་བ་དང་། བོད་ནང་གི་བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐོག་དཀའ་ངལ་ཆེན་པོ་ཡོད་པའི་ངོས་འཛིན་ཐོག་བཞག་པ་ཞིག་ཡིན་འདུག  

གྲོས་ཆོད་དེའི་ནང་དོན་ཚན་འགའ་བཀོད་ཡོད་པ་དག་ནི། དང་པོ། ད་ལོའི་ཕྱི་ཟླ་གསུམ་པ་ནས་རྔ་པ་གཙོས་བོད་ཀྱི་ས་ཁུལ་ཁག་ནང་། བོད་མི་སེར་སྐྱ་ཁག་ཅིག་གིས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་དེར་ཡུ་རོབ་གྲོས་ཚོགས་ཀྱི་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད། གཉིས། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དྲག་གནོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དགོས། གསུམ། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་ཁག་ཆེད་བསྐྱོད་དགོས་རྒྱུ།  བཞི། རྒྱ་གཞུང་གིས་ད་བར་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་དགེ་འདུན་པ་ཚོ་གར་ཡོད་གསལ་བཤད་དགོས་རྒྱུ། ལྔ། རྒྱ་གཞུང་གིས་བོད་མིར་དྲག་གནོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡོངས་སུ་འགལ་ཡོད་སྟབས། བོད་མིའི་འདོད་བློར་མི་འཚམ་པའི་སྲིད་བྱུས་ཁག་མྱུར་དུ་ཕྱིར་བསྡུ་བྱས་ཏེ་བོད་པར་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས་ཤིང་། རང་སྐྱོང་ཚད་ལྡན་ཡོང་ཐབས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་མུ་མཐུད་གྲོས་མོལ་བྱ་དགོས། ཞེས་སོགས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༣ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༣ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༤ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 16

  1. དོན་འགྲུབ་ says:
    ལོ་ 15 སྔོན།

    ༄༅། ཡུ་རོབ་གྲོས་ཚོགས་ཀྱིས་དེང་སྐབས་ཀྱི་བོད་ནང་གི་རྫ་དྲག་གི་གནས་སྟངས་དང་འབྲེལ་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། གྲོས་ཆོད་ལྟར་འཇུག་དེད་གནང་ཐབས་ངེས་པར་གནང་སྐྱོང་འབོད་བསྐུལ་ཞུ་རྒྱུ་ཡིན།

    Reply
  2. རྟ་མགྲིན་རྡོ་རྗེ། says:
    ལོ་ 15 སྔོན།

    ཡོ་རབ་ཀྱི་གྲོས་ཆོད་ལ་ཡིད་དགའ་བ་དང་ཆབས་ཅིག་སེམས་ཁྲལ་ཞིག་ཀྱང་ལངས་མགོ་ཚུགས་སོང་། ཕྱི་ཚེས་༢༥ ཉིན་BBCགསར་འགྱུར་ཁྲོད་ཡོ་རོབ་ཀྱི་དཔལ་འབྱོར་ཆག་སྟེ། ལས་གཞི་མང་པོ་ཞིག་ལ་རྒྱ་ནག་གིས་རོགས་རམ་ཡོང་རྒྱུར་རེ་སྐུལ་ཞུས་པའི་གསར་འགྱུར་དེ་མཐོང་སོང་། དེ་རྗེས་ནས་གྲོས་ཆོད་འདི་བཞག་པ་ནི་དངོས་ནས་རྒྱལ་སྤྱིའི་ཐོག་རེ་བ་ཞིག་འདུག་བསམ་སོང་།

    Reply
  3. དུག་མདའ། says:
    ལོ་ 15 སྔོན།

    བོད་མིར་དྲག་གནོན་མཚམས་འཇོག་བྱ་དགོས། དགོང་དྲོའི་ཁ་ལག་ཟ་གི་འགྲོ
    དགེ་འདུན་པ་ཚོ་མྱུར་དུ་གློད་གྲོལ་གཏོང་དགོས། བུ་མོ་རང་ག་བ་ནས་ཡིན་པ།
    བོད་རང་བཙན་གཙང་མ་ཡིན། གཞས་གསར་བ་ཞིག་ཐོན་བཞག
    གྲོས་ཚོགས་ཀྱི་གྲོས་ཆོད་ཟེར་བ་གཞས་ཉན་ཞོར་ཁ་ཏོན་འདོན་ཞོར་ལྟ་བུ་རེད།

    Reply
  4. བཙན་པོའི་བུ། says:
    ལོ་ 15 སྔོན།

    གོང་གི་གྲོས་ཆོད་དེ་ནི་རྒྱལ་སྤྱིའི་སྟ྄ེང་བོད་དོན་ད྄ང་འབྲེལ་བའི་གྲོས་ཆོད་ལྔ་བཅུ་ལྷག་ཙམ་བཞག་པའི་ནང་གི་གཅིག་ཡིན་སྟབས་དགའ་བསུ་དང་རྗེས་སུ་ཡི་རང་ཡོད། འོན་ཀྱང་གྲོས་ཆོད་འདི་ཤོག་དཀར་སྟེང་གི་ཡིག་ནག་གཅིག་པོའི་ངོ་བོར་མི་གནས་བར་དེར་དོན་འབྲས་ཤིག་སྨིན་པའི་རེ་བ་ཡོད། ཞོར་འཕྲོས་སུ་ཅོ་རི་ཉི་མར་ཞུ་རྒྱུར་ཁྱེད་རང་རྨི་ལམ་རྐྱང་པའི་ནང་མགོ་བཏུམས་རྒྱབ་ནས་མ་བསྡད་པར་ཕྱི་ལོགས་སུ་དོན་ནས་དོན་དངོས་ངོས་འཛིན་བྱེད་ཐུབ་པ་དགོས། ཆུ་ཆེན་གྱི་ཞེང་ལ་མ་བལྟས་ན། ཕོ་གསར་གྱི་རྐྱལ་དེ་སྙོ་རྐྱལ་ཡིན་པའི་གནས་ལུགས་ད་དུང་ཤེས་ཀྱི་མི་འདུག་གམ།

    Reply
  5. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གྲོས་ཆོད་དེ་ལྟ་ཞིག་འཇོག་པ་ནི་ང་ཚོ་བོད་མི་རིགས་ཀྱིས་ལས་འགུལ་རྣམ་པ་འདྲ་མིན་དང་རྒྱལ་སྤྱི་ལ་འབུལ་བྱས་པའི་འཇུག་འབྲས་གལ་ཆེན་ཞིག་ཡིན། མི་རིགས་གཞན་གྱིས་ལས་འགུལ་དང་འབོད་བསྐུལ་འདྲ་མིན་ཡོང་གིན་ཡོད་ཀྱང་། གྲོས་ཆོད་དེ་ལྟ་བུ་ཞིག་འཇོག་ཐུབ་པ་ཡོང་གིན་མེད། གྲོས་ཆོད་དེ་ལྟ་ཞིག་འཇོག་ཐུབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ཡུ་རོབ་གྲོས་ཚོགས་ནི་འདས་པའི་དུས་ཡུན་ལ་བསམས་གཞིགས་བྱས་ཚེ་བོད་དོན་ཐོག་ལ་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་གནང་མཁན་ཞིག་ཡིན། སྤྱིར་ང་ཚོའི་ཁ་གཏད་དེ་འཛམ་གླིང་ནང་ལ་ཁྲོམ་ར་ཆེ་ཤོས་ཤིག་ཡིན་ཙང་། རྒྱལ་ཁབ་ཆུང་ཁག་བྷར་མ་དང་ལིབྷ་ཡ་ལྟ་བུ་མ་ཡིན་པར་གང་དྲན་གང་དྲན་བྱེད་བདེ་བོ་དེ་འདྲ་མེད་པར་ཤེས་དགོས།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༡་་་བོད་རང་དབང་རང་བཙན་ལེན་ཐུབ་པ་བྱ་དགོས།
    ༢་་་༦གོང་ས་མཆོག་བོད་ཀྱི་མི་རྗེ་ཕོ་བྲང་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་ཐུབ་པ་བྱ་དགོས།
    ༣་་་བཙན་བྱོལ་བོད་གཞུང་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་གཞུང་ཞིག་ལ་སྒྱུར་དགོས།
    ༤་་་རང་བཙན་ལག་དེབ་སྐྱར་གསོ་བྱ་དགོས།
    ༥་་་བོད་ཀྱི་སྐད་ཡིག་སྲ་བརྟན་དང་ཡར་རྒྱས་ཀྱི་ཆེད་དུ་ཐ་སྙད་གསར་བཟོ་དང་ཁྱད་ལས་བོད་སྒྱུར་བྱ་དགོས།
    ༦་་་འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་རྒྱལ་ཁབ་འདི་རྒྱལ་ཁབ་ཤིག་དང་བོད་ཀྱི་རིག་གནས་འདི་འཛམ་གླིང་ལ་དགོས་མཁོ་ཡོད་པར་ཁྲིམས་ལུགས་ཀྱི་ཐོག་ནས་ངོས་ལེན་ཡོང་ཐུབ་ཆེད་འཐབ་རྩོད་བྱ་དགོས།
    ༧་་་རྒྱ་ནག་མི་དམངས་དུང་ཕྱུར་མང་པོ་དམར་ཕྱོགས་གོང་ཁྲན་ཏང་གི་འོག་ནས་རང་དབང་མང་གཙོའི་ཕྱོགས་སུ་སྐྱོད་ཐུབ་པ་བྱ་དགོས།
    འདི་འདྲ་བྱུང་ན་གདུང་སེམས་མཉམ་སྐྱེད་ཟེར་བ་ཞིག་མཚོན་ཐུབ་ཀྱི་རེད་འདོད།།།

    Reply
  7. Athup says:
    ལོ་ 15 སྔོན།

    ཡུ་རོབ་གྲོས་ཚོགས་ནང་དེ་སྔ་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དང་དེ་རིང་ཡང་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཨ་རིའི་ངོས་ནས་ཀྱང་བོད་དོན་ཐོག་རྒྱབ་བསྐྱོར་གནང་བཞིན་ཡོད་པ་ལའང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། མ་འོངས་པར་ཨ་ཡུ་མཉམ་མཐུན་གྱི་སྒྲིག་འཛུགས་ཞིག་གི་ངོས་ནས་དེ་ལྟར་རྒྱབ་སྐྱོར་གནང་ཐུབ་ན་སྒྲུབ་འབྲས་མྱུར་བ་ཡོང་བ་འདུག་པའི་དེ་ལྟའི་འབོད་བསྐུལ་ཞུ་བཞིན་ཡོད།

    Reply
  8. གྲྭ་རྒོད says:
    ལོ་ 15 སྔོན།

    ཡུ་རོབ་གྲོས་ཚོགས་ནས་བོད་པ་ཚང་ལ་མཐོང་ཆེན་བྱས་ནས་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འདིར་འགའ་ཞིག་གི་གླེན་རྟགས་ཀྱི་སྐད་ཆ་བཤད་མཁན་འདུག་འདི་དག་གི་སྐད་ཆ་ལ་གཟབ་གཟབ་བྱེད་དགོས་རེད་འདི་ཚོ་བསམ་རྒྱུ་ཁ་ལག་ལས་མི་རིགས་དང་ལ་རྒྱ་ཟེར་བ་ཞིག་སེམས་ནས་དོར་ཡོད་སྲིད་པ་རེད། གྲོས་ཚོགས་ནང་གླེང་བ་ཧ་ལས་པ་རེད་ཁོང་ཚོའི་ལ་ཕན་པའི་བོད་ལ་ལས་དོན་ཉུང་།དེ་ཤེས་དགོས་པ་རེད།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རང་ལུས་གསོན་བསྲེགས་བྱེད་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དམིགས་ཡུལ་དང་འབོད་སྒྲ་དང་མི་མཐུན་པའི་གྲོས་ཆོད་འདི་དག་ལ་ངོས་ལེན་རྩ་བ་ནས་མེད།

    བོད་རང་དབང་རང་བཙན་དང་༧གོང་ས་མཆོག་བོད་ཀྱི་ཕོ་བྲང་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་དགོས་ཞེས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དམིགས་ཡུལ་དང་རེ་འབོད་རྣམས་རྩིས་མེད་རྡོག་རོལ་དུ་བཏང་ནས་གྲོས་ཆོད་གཞན་ཞིག་བཞག་པ་ནི་ཡུང་རོལ་གྲོས་འཚོགས་ཀྱིས་བོད་དོན་ཐོག་ཏུ་དོ་སྣང་མེད་པ་དང་བོད་རྒྱ་ཆེན་དམངས་ཀྱི་དམིགས་ཡུལ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་གཅེས་སྲོག་ལ་མཐོང་ཆུང་བྱས་པ་ཞིག་ཏུ་མངོན།

    མིང་དོན་མཚུངས་པའི་རང་སྐྱོང་ནི་བོད་མི་རིགས་ཀྱི་དམིགས་ཡུལ་མིན་ལ་རང་སྲོག་བཏང་མཁན་དཔའ་བོ་ཚོའི་རེ་འབོད་ཡང་དེ་བས་མིན། འདི་ནི་སྒེར་གཅོད་པ་ཚོས་དམིགས་ཡུལ་དང་སྒྲུབ་བྱ་ཞིག་ཡིན།

    ཡུང་རོལ་གྲོས་འཚོགས་ཀྱིས་རྒྱབ་སྐྱོར་ཡོད་ན་དཔའ་བོ་དཔའ་མོ་ཚོའི་འབོད་ཚིག་ལྟར་རྒྱབ་སྐྱོར་བྱེད་རོགས་ཞུ་རྒྱུ་ཡིན།

    Reply
  10. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    ཡུ་རོབ་གྲོས་ཚོགས་ནས་བོད་དོན་ཆེད་རྒྱབ་སྐྱོར་གྱིས་གྲོས་ཆོད་བཞག་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གྲོས་ཆོད་དེ་དག་ལམ་ལྷོང་ཡོང་དང་མི་ཡོང་ནི་ང་ཚོ་རང་ལ་རག་ལས་ཡོད་སྟབས། མུ་མཐུད་རྒྱལ་སྤྱིའི་ལྡིང་ཆའི་སྟེང་སྐད་འབོད་དང་། ལས་འགུལ་སྣ་ཚོགས་སྤེལ་ཏེ་རྒྱ་ནག་དམར་པོའི་གཞུང་དེ་བདེ་སྐྱིད་ཀྱི་ཉི་མ་དང་བྲལ་ཞིང་། མུན་ནག་ནང་འཇུགས་ཐུབ་པའི་ཐབས་ཤིག་ངེས་པར་བཟོ་དགོས། དཔེར་ན་དཀྱིལ་ཤར་ཨེ་ཤ་ཡའི་ཡུལ་ལུང་ནང་ལས་འགུལ་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་དེ་ལྟར་ལགས།

    Reply
  11. གྲགས་བསོད་ says:
    ལོ་ 15 སྔོན།

    ཡུ་རོབ་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཡིན་ཁུལ་གྱི་ངོ་སྲུང་གྲོས་ཆོད་འདི་དག་ལ་ངོས་ལེན་རྩ་བ་ནས་མེད།

    Reply
  12. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    འདི་ལ་བདེན་པའི་རྒྱབ་ལངས་ཟེར། བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  13. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    དྲངས་བདེན་དང་ཉམས་ཆུང་ལ་རྒྱབ་སྐྱོར་ཁ་ཙམ་དང་། ཕྱུག་དབུལ་གྱི་ངོ་ཚིག་དེ་བས་མི་བསྲུང་བར་ངེས་པར་དུ་རྒྱབ་སྐྱོར་མནང་རོག དོན་རྐྱེན་འདི་འདྲ་པོ་བོད་ཙམ་མ་གཏོག་འཛམ་གླིང་གི་སྒང་ལ་དེ་སྔ་བྱུང་མི་འདུག་པས། བདེན་པ་ལ་རྒྱབ་སྐྱོར་གནང་བ་སྙིང་ནས་དགའ་བསུ་ཞུ། འདི་བཞིན་བོད་ལ་ཉི་མ་ནམ་ཤར་སྒུག་ནས་སྡོད་ཡོད།།།།།

    Reply
  14. ལུང་རྟོགས། says:
    ལོ་ 15 སྔོན།

    ཁ་ཡོད་ལག་ཡོད་ཅིག་གནང་རོགས།

    Reply
  15. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 15 སྔོན།

    གྲོས་ཆོད་འདི་འདྲ་བཞག་པར་སྙིང་ནས་དགའ་བསུ་ཡོད། གྲོས་དོན་ལག་བསྟར་ཡོང་བའི་རེ་བ་ཡོད། གྲོས་དོན་ལག་བསྟར་ཡོང་བའི་ཆེད་བོད་དོན་ལ་ཤུགས་གནོན་མུ་མཐུད་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེ། རང་དབང་ལ་དགའ་བའི་རྒྱལ་སྤྱིའི་གཞུང་སྒེར་གྱི་ཚོགས་སྡེ་ཁག་གིས་བོད་ནང་གི་དོན་རྐྱེན་ཐོག་གཟིགས་ཞིབ་གནང་གལ་ཆེ།

    Reply
  16. སྟོང་བཙན་མགར་བུ། says:
    ལོ་ 15 སྔོན།

    གྲོས་ཆོད་འདིར་སྙིང་ཐག་པ་དགའ་བསུ་དང། གསལ་བསྒྲགས་ཙམ་མིན་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese