མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ཆར་ཏཱ་ལའི་བླ་མ་ཆབ་སྲིད་གནད་དོན་དང་འབྲེལ་བ་མེད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཉི་ཧོང་དུ་མི་མང་ ༥༠༠༠ བརྒལ་བར་༼ཤེས་རབ་སྙིང་པོ་༽བཀའ་ཁྲིད་གནང་ཡོད་པ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་དང་རྒྱལ་བའི་ཡང་སྲིད། ལོ་རྗེས་མའི་རྒྱ་ནག་གི་སྲིད་འཛིན་བཅས་ཀྱི་སྐོར་ལ་གསར་འགོད་པའི་དྲི་བར་ལན་འདེབས་བཅས་གནང་ཡོད།

ཉི་ཧོང་ནང་པའི་དགོན་པ་ཞིག་གི་གདན་ཞུ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་༧གོང་ས་མཆོག་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་དང་། བོད་དོན་རྒྱབ་སྐྱོར་པའི་ཕེབས་བསུའི་ཁྲོད་རྒྱལ་ས་ཊོག་ཀྱོའི་གནམ་ཐང་དུ་འབྱོར་ཡོད་ཅིང་། གནམ་ཐང་དུ་གསར་འགོད་པས་༧གོང་ས་མཆོག་ལ་ཉེ་ཆར་བོད་ནང་བོད་མི་ ༡༠ ཙམ་གྱིས་རང་ལུས་མེར་བསྲེགས་གཏོང་དགོས་དོན་དང་། ལོ་རྗེས་མའི་རྒྱ་ནག་གི་སྲིད་འཛིན། དེ་བཞིན་༧ཏཱ་ལའི་བླ་མའི་ཡང་སྲིད་བཅས་ཀྱི་ཐོག་བཅར་འདྲི་ཞུས་པར་༧གོང་ས་མཆོག་གིས་ “ བོད་ནང་གི་དགེ་འདུན་པ་ཚོས་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་དེར་ཆོས་དང་ཆབ་སྲིད། ལྟ་གྲུབ་རྣམ་གཞག་གསུམ་གྱི་ཐོག་བལྟ་དགོས་ཀྱི་འདུག བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བ་འུ་ཐུག་གི་གནས་སྟངས་ཤིག་ཡིན་ནའང་། རྒྱ་ནག་དཔོན་རིགས་ཚོས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ། ཡ་ང་སྙིང་རྗེ་མེད་པའི་བྱ་སྤྱོད་ལག་བསྟར་བྱེད་པ་རང་གཞན་གཉིས་ལ་མི་དགོས་པ་ཞིག་ཡིན་ ” ཞེས་གསུངས་ཡོད།

 

ལོ་རྗེས་མའི་རྒྱ་ནག་སྲིད་འཛིན་སྐོར་ལ་༧གོང་ས་མཆོག་གིས་ད་ལྟ་ཁོང་བོད་མིའི་ཆབ་སྲིད་མགོ་ཁྲིད་ལས་རྒན་ཡོལ་ཆ་ཚང་ཞུས་ཡོད་སྐོར་གསུངས་ཏེ།  “ སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་ནག་སྲིད་འཛིན་དུ་ཐོག་མར་བསླེབས་སྐབས། མི་མང་པོ་ཞིག་གིས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་བརྒྱབ་པ་རེད། འདས་པའི་ལོ་བཅུའི་ནང་འཆམ་མཐུན་གྱི་ལས་དོན་གང་ཡང་བསྒྲུབས་ཐུབ་མེད་པ་མ་ཟད། ༢༠༠༨ ལོར་བོད་ནང་དུ་དོན་རྐྱེན་བྱུང་བ་དང་། ༢༠༠༩ ལོར་ཤིང་ཅང་དུ་དོན་རྐྱེན། ༢༠༡༡ ལོར་ནང་སོག་ཏུ་དོན་རྐྱེན་རིམ་པར་བྱུང་སྟེ་སྤྱི་ཚོགས་འཆམ་མཐུན་བྱུང་མེད། དོན་དམ་གྱི་འཆམ་མཐུན་འཇིགས་སྣང་འོག་ཡོང་ཐུབ་ཀྱི་མེད་པར་ཡིད་ཆེས་ཁོ་ནའི་སྟེང་ཡོང་དགོས་པ་ཞིག་རེད་ ” བཅས་གསུངས་འདུག  

མཐར་༧གོང་ས་མཆོག་གིས་ཁོང་གི་ཡང་སྲིད་སྐོར་ལ་ “ རྒྱ་ནག་གུང་ཁྲན་ཏང་གིས་ཆོས་ཁས་ལེན་གྱི་མེད་ལ། སྐྱེ་བ་ཕྱི་མ་ཡང་ཁས་ལེན་གྱི་མེད་དུས། དེར་ཡང་སྲིད་ཟེར་བ་ཡང་ཁས་ལེན་ཤེས་ཀྱི་མེད་ཀྱང་། ཁོང་ཚོར་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་བྱུས་བྱ་འདོད་ཡོད་པ་རེད།  ཡིན་ནའང་། ད་ཆར་ཏཱ་ལའི་བླ་མ་ཆབ་སྲིད་གནད་དོན་དང་འབྲེལ་བ་གང་ཡང་ཡོད་པ་མ་རེད། རྒྱ་ནག་དཔོན་རིགས་ཚོར་ཏཱ་ལའི་བླ་མའི་ཡང་སྲིད་ཐོག་དངོས་གནས་སེམས་འཚབ་ཡོད་ན་ཐོག་མར་ཆོས་ཁས་ལེན་དགོས། དེ་ནས་མའོ་ཙེ་ཏུང་དང་ཏིན་ཞའོ་ཕིན་གྱི་ཡང་སྲིད་འཚོལ་རྒྱུའི་བསམ་བློ་བཏང་ན་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད་ ” ཅེས་གསུངས་ཡོད།  

 

ཕྱི་ཚེས་ ༣༠ ཉིན་༧གོང་ས་མཆོག་གིས་ཨོ་སཱ་ཀ་ (Osaka) ཞེས་པའི་གྲོང་ཁྱེར་གྱི་མཱ་ཡེ་ནི་ཤི་ཚོགས་ཁང་ (Mainishi Arena) ཆེན་མོའི་ནང་། ཉི་ཧོང་དད་ལྡན་ཆོས་ཞུ་བ་ ༥༠༠༠ ཙམ་དང་། ཀོ་རི་ཡ་ནས་ཆེད་དུ་བཅར་བའི་ཆོས་ཞུ་བ་ ༤༠༠ ལྷག་ལ་༼ཤེས་རབ་སྙིང་པོ་༽ཆོས་འབྲེལ་གནང་ཡོད་འདུག་ལ། གསུང་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས་མང་ཚོགས་ལ་བཀའ་སློབ་བསྩལ་ཏེ། དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་གི་དུས་རབས་ཤིག་ཆགས་ཡོད་པ་དང་། ད་ལྟའི་དུས་རབས་འདི་ཞི་བདེ་ལྡན་པ་ཞིག་བསྐྲུན་རྒྱུར་སེམས་ཀྱི་ཞི་བདེ་དགོས་ནའང་། སེམས་ཀྱི་ཞི་བདེ་ནི་བྱམས་བརྩེ་དང་གཞན་ཕན་གྱི་ཀུན་སློང་ལས་ཡོང་དགོས་སྐོར་བཅས་གསུངས་འདུག་ལ།  “ འཛམ་གླིང་ཆོས་ལུགས་ཁག་ཚང་མས་བྱམས་དང་བརྩེ་བ། བཟོད་པ་བཅས་ཉམས་ལེན་གནང་གི་ཡོད་སྟབས། ཚང་མར་སེམས་ལ་ཞི་བདེ་བསྐྲུན་རྒྱུའི་ནུས་པ་གཅིག་མཚུངས་ཡོད་པས། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་རེད་ ” ཅེས་གསུངས་ཡོད་འདུག  

དེ་བཞིན། གོང་ཚེས་ཉིན་༧གོང་ས་མཆོག་ཨོ་ས་ཀའི་ཀོ་ཡཱ་སན་གཙུག་ལག་སློབ་གྲྭ་བཙུགས་ཏེ། མི་ལོ་ ༡༢༥ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་ཏེ་མང་ཚོགས་ལ་བཟང་སྤྱོད་ཡར་རྒྱས་སྐོར་བཀའ་སློབ་བསྩལ་དོན། “ བྱམས་དང་བརྩེ་བ་ནི་འཇིག་རྟེན་ཀུན་ལ་ཁྱབ་པ་ཞིག་ཡིན་སྟབས། བཟང་སྤྱོད་དེའི་ཐོག་སྤྱི་ཚོགས་ནང་འགྱུར་བ་གཏོང་དགོས་ཀྱི་འདུག ཉི་ཧོང་ཤེས་ཡོན་ཅན་ཚོས་བྱམས་དང་བརྩེ་བ། བཟོད་བསྲན་རྣམས་ཆོས་དང་མ་འདྲེས་པར་སློབ་སྦྱོང་བྱ་རྒྱུའི་ཤེས་ཡོན་སྡེ་ཚན་ཞིག་འཛུགས་པ་རེད། ཉི་ཧོང་ནང་ཕྱིའི་དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། སེམས་ཀྱི་རྣམ་གཞག་དང་འབྲེལ་བའི་བཟང་སྤྱོད་ལ་སློབ་སློབ་བྱས་ཏེ། ཡས་རྒྱས་ཀྱི་གོམ་པ་གཉིས་པ་ཞིག་ལ་སྤོ་དགོས། འབྱུང་འགྱུར་ཉི་ཧོང་དུ་༼ སེམས་དང་སྲོག་གི་བགྲོ་གླེང་༽ཞིག་གང་མགྱོགས་འཛུགས་ཐུབ་ན་དགེ་མཚན་ཆེན་པོ་འདུག་ ” ཅེས་གསུངས་ཡོད། 

ཟླ་འདིའི་ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་ཕྱིར་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

མཆན། 4

  1. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒྱ་གཞུང་གི་ཏཱ་ལ་བླ་མའི་ནང་བསྟན་ལ་གནོད་སྐྱོན་གྱི་ཟེར་དེ་འདྲ་ཡིན་ན་བོད་རྒྱུད་ནང་གྱི་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་བཤིགས་གཏོང་པ་དང་གྭ་བཙུན་ཁྲི་ཕྲག་མང་པོ་དམར་གསོད་གཏོང་མཁན་དེ་ཀྲུང་དབྱང་སྲིདགཞུང་མ་རེད་པས

    Reply
  2. ནད་པ says:
    ལོ་ 14 སྔོན།

    བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་དང་། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་༸ གོང་ས་ཡིད་བཞིན་ནོར་བུས་བཀའ་བསྩལ་བ་ལྟར། ཐོག་མར་རྒྱ་ནག་གཞུང་གིས་མའོ་དང་ཏིང་གཉིས་ཀྱི་ཡང་སྲིད་བཙལ། དེ་ནས་སྐྱབས་མགོན་ཏྰ་ལའི་བླ་མའི་ཡང་སྲིད་ལ་ཐེ་ཇུས་བྱས་ན་དེ་ནི་རྒྱ་མིས་བཤད་པ་ལྟར་ཚན་རིག་དང་མཐུན་པའི་ལས་དོན་ཞིག་ཆགས་སྲིད།

    ད་ཆ་༸གོང་ས་མཆོག་ནི་བོད་ཀྱི་སྐྱབས་མགོན་ཙམ་མ་ཡིན་པར་འཛམ་གླིང་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་རིགས་ཀུན་གྱི་ཡིད་བརྟན་ཚད་མར་འཕེར་བའི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་དམ་པ་ཞིག་ཡིན་ལ་ལྷག་པར་རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ ལྷག་གི་རེ་བ་དང་ཡིད་ཆེས་བྱ་འོས་པའི་སྐྱབས་གནད་མཐར་ཐུག་ཞིག་ཡིན།

    ཆེས་བླ་ན་མེད་པའི་འཛམ་གླིང་གི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་ལ་ཐུགས་འདུན་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ།།

    Reply
  3. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    རྒྱལ་བའི་སྲས་ཀྱི་སྤྱོད་པ་རྒྱལ་གྱུར་ཅིག གནམ་འོག་འདི་ནས།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “མཉེས་གཤིས་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། །མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། །འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ། །བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད། །”
    “བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །”

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese