མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིར་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་ཤུགས་ཆེན་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོའ་ཧྥ་རན་སིར་ཕེབས་སྐབས་དང་བསྟུན། བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་༼ བོད་པའི་ཉིན་མོ། ༽ ཞེས་པའི་རྒྱལ་སྤྱི་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་བཞིན་པ་ལྟར། དེ་རིང་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་དང་གྲོང་ཁྱེར་ཁན་ (Canne) ནང་ངོ་རྒོལ་ལས་འགུལ་ཁག་ཅིག་སྤེལ་ཡོད་ལ། འབྱུང་འགྱུར་ཉིན་གསུམ་རིང་གྲོང་ཁྱེར་ཁན་དང་ནེ་སི་(Nice) ནང་མུ་མཐུད་ལས་འགུལ་སྤེལ་འཆར་ཡོད་འདུག

 

དེ་རིང་ཉིན་རྒྱབ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཧྥ་རན་སིའི་གྲོང་ཁྱེར་ཁན་ (Canne) ནང་འབྱོར་སྐབས་དང་བསྟུན། ཧྥ་རན་སིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོ་རྒོལ་བ་གཉིས་དང་། བོད་དོན་རྒྱབ་སྐྱོར་བ་གཉིས་བཅས་ཀྱིས་གྲོང་ཁྱེར་མེ་འཁོར་འབབ་ཚུགས་ཀྱི་ཐོག་ཁང་ཡང་སྟེང་ནས་བོད་ཀྱི་རྒྱལ་དར་དང་། ༼ བོད་རང་བཙན་ ༽དང་ ༼ཧུའུ་ཅིན་ཐའོ་ལག་དམར་ ༽ཞེས་འཁོད་པའི་ངོ་རྒོལ་འཕྲད་དར་བྱིངས་སྟེ་ངོ་རྒོལ་བྱས་ཡོད་པ་དང་། ངོ་རྒོལ་བྱས་ནས་ཅུང་མ་འགོར་བར་ས་གནས་ཉེན་རྟོག་པས་ཐོག་ཁང་ནས་མར་བྱིངས་མཁན་ངོ་རྒོལ་བ་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

 

འདིའི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཐུས་མི་ཨེན་(Anne) ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ “དེ་རིང་ཉིན་རྒྱབ་ཀྱི་ངོ་རྒོལ་འདི་ང་ཚོས་བང་སྒྲིག་པའི་ད་ཐེངས་ཀྱི་ལས་འགུལ་ཁག་གི་མགོ་འཛུགས་ལྟ་བུ་ཞིག་རེད། ལས་འགུལ་དངོས་གཞི་དེ་ཕྱི་ཚེས་ ༤ ཉིན་ཧྥ་རན་སིའི་གྲོང་ཁྱེར་ནེ་སི་ (Nice) ནང་སྤེལ་འཆར་ཡོད་པ་རེད། ཉིན་གང་བོར་ངོ་རྒོལ་གོམ་བགྲོད་དང་སྐད་འབོད་ཙམ་དུ་མ་ཟད། གཏམ་བརྗོད་ཁྲབ་སྟོན་སོགས་ཚུད་པའི་ལས་འགུལ་རིགས་འདྲ་མིན་ཞིག་གི་འཆར་གཞི་སྒྲིག་ཡོད། ལས་འགུལ་ཁ་ཤས་ཤིག་མ་སྤེལ་བར་འདི་ནས་སྔོན་ལ་བཤད་མི་ཐུབ་པ་དེ་འདྲའང་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་འབྲེལ་མཐུད་ཁང་གིས་འབོད་སྐུལ་ཞུས་པ་བཞིན། ཉིན་འདི་ཚོར་འཛམ་གླིང་གང་སར་ཡོངས་ཁྱབ་ཀྱིས་འདི་ལྟའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཡིན་ནའང་། ཧུའུ་ཅིན་ཐའོ་ཡོང་ས་ཧྥ་རན་སིའི་ནང་ཆགས་ཡོད་རེད། ཉིན་འདིའི་ཚོའི་ལས་འགུལ་སྤེལ་ས་ལྟེ་བ་ཡང་ཁོ་ཡོང་སའི་ལུང་པ་ཧྥ་རན་སི་དང་། ལྷག་པར་ཁོ་རང་འགྲོ་ས་འདུག་སའི་གྲོང་ཁྱེར་དང་གཉིས་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ང་ཚོའི་ཚོགས་པས་གྲོང་ཁྱེར་ནང་ངོ་རྒོལ་གོ་སྒྲིག་འདི་ཞུས་པ་ཡིན། ལས་འགུལ་འདིའི་ནང་ཧྥ་རན་སིས་མ་ཚད་སུད་སི་དང་། བྷེལ་ཇམ། ཨི་ཊ་ལི། དབྱིན་ལན་སོགས་ཡུ་རོབ་རྒྱལ་ཁབ་དང་ས་གནས་ཁག་གི་བོད་པ་དང་བོད་དོན་རྒྱབ་སྐྱོར་གང་མང་ཞིག་ཀྱང་མཉམ་ཞུགས་གནང་གི་ཡོད་པ་རེད ” ཅེས་ཐེངས་འདིའི་ལས་འགུལ་དུས་ཡུན་ནི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འབོད་སྐུལ་བཞིན་དེ་རིང་ནས་ཕྱི་ཚེས་ ༥ བར་ཡིན་པ་དང་། ལས་འགུལ་ནང་ཡུ་རོབ་རྒྱལ་ཁབ་ཁག་གི་ལས་འགུལ་བ་མཉམ་ཞུགས་ཡང་གནང་གི་ཡོད་སྐོར་ངོ་སྤྲོད་གནང་སོང་།

 

དེ་བཞིན་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་། ཧྥ་རན་སི་བོད་རིགས་ཚོགས་པས་གོ་སྒྲིག་འོག་ཧུའུ་ཅིན་ཐའོ་ཧྥ་རན་སིར་ཡོང་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ལ། ངོ་རྒོལ་ལས་འགུལ་དེ་རྒྱལ་ས་ཕ་རི་སིའི་རང་དབང་མདུན་ཐང་ནས་མགོ་བཙུགས་སྟེ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་དུ་སྤེལ་ཡོད། ལས་འགུལ་མགོ་འཛུགས་སྐབས་ཧྥ་རན་སིའི་ལྗང་ཁུ་ཚོགས་པའི་ས་གནས་འཐུས་མི་སྐུ་ཞབས་ལགས་ཇོན་མག་བྷུ་ལེར་ (Jean Marc Brulé) ཕེབས་སྟེ་གསུང་བཤད་དང་། ཁོང་དང་རྒྱ་ནག་རིག་པའི་མཉམ་ཞིབ་པ་ལྕམ་མ་རེ་ཨོ་ཛེ་མན་ ( Marie Holzman) ལགས་གཉིས་མཉམ་འབྲེལ་ཐོག་སྤེལ་བའི་བསྒྲགས་གཏམ་ཞིག་ཀྱང་ཡོངས་ཁྱབ་ཏུ་སྒྲོག་རྒྱང་གནང་། ལས་འགུལ་འདིའི་ནང་ཕ་རི་སིར་གནས་སྡོད་བོད་མི་སུམ་བརྒྱ་ལྷག་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཡུ་གུར་རང་བཙན་ཚོགས་པ་དང་། རྒྱ་ནག་དམངས་གཙོ་ཚོགས་པ། བོད་རྒྱ་མཐུན་ཚོགས། བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཀྱང་མཉམ་ཞུགས་བྱས་ཡོད་ལ། བོད་རིགས་ཚོགས་པས་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་ལ། ཁོང་གིས་ཕྱི་ཚེས་ ༣ དང་ ༤ ཉིན་ཧུའུ་ཅིན་ཐའོ་དང་མཇལ་འཕྲད་སྐབས། ད་ལྟའི་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་ཁུལ་གྱིས་མཚོན་པའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གིས་རྒྱལ་སྤྱིའི་གསར་འགོད་པ་དང་ཉམས་ཞིབ་ཚོགས་སྡེ་ཁག་རང་དབང་ངང་ཛ་དྲག་གི་ས་ཁུལ་དེ་དག་ཏུ་འགྲོ་བསྐྱོད་ཆོག་མཆན་ཐོབ་ཐབས། གཞིས་བྱེས་བོད་མིའི་མངོན་འདོད་ལྟར་༧གོང་ས་མཆོག་བོད་ནང་ཕེབས་ཐབས། དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོད་ཐོབ་ཐབས་སོགས་དོན་ཚན་དྲུག་གི་ཐད་ངེས་པར་གླེང་སློང་གནང་དགོས་པའི་འབོད་སྐུལ་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག  

 

འདི་ནི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཧྥ་རན་སིར་ཕེབས་ཐེངས་གཉིས་པ་དེ་ཡིན་ཞིང་། འདས་ལོར་ཐེངས་དང་པོར་ཕེབས་སྐབས་ཧྥ་རན་སི་དང་རྒྱ་ནག་བར་ཡུ་སྒོར་ཐེར་འབུམ་ ༢༨ ལྷག་གི་ཚོང་འབྲེལ་གན་རྒྱ་བཞག་ཡོད་པ་རེད།

ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༡ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༥ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 7

  1. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    དེ་ལས་ཀྱང་ཚོགས་འདུའི་སྒོ་དྲུང་ནས་བོད་ནང་གི་ལས་འགུལ་གྱི་རྔ་མར་འཇུག་རྒྱུ་ན། རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་རྒྱུ་ཞིག་དང་རྒྱལ་ཚོགས་སྡོད་བདེ་མེད་པ་ཞིག་ཡོང་གི་རེད། ད་ནི་ལག་ལེན་དངོས་ལ་འཇུག་རོགས།

    Reply
  2. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཟླ་བ་ཚེ་རིང་ལགས་སུ་ཐུགས་རྗེ་ཆེ་ཞེས་ཞུ་
    གནས་ཚུལ་རྣམས་ཡང་ཡང་མཁོ་འདོན་གནང་རོགས་ཞུ་ དྲང་པོར་ཞུས་ན་གནས་ཚུལ་རྣམས་དཀོན་སེ་འདུག་།
    འདི་ནས་ཁ་གསབས་གཅིག་ཞུ་འདོད་བྱུང་། འདས་པའི་བདུན་ཕྲག་གཉིས་གསུམ་གྱི་རིང་ལ་བོད་ཚོགས་དང་ སློབ་ཕྲུག་རང་དབང་ཚོགས་པ་བཅས་ནས་འདི་གར་པ་རི་སི་ལ་ལས་འགུལ་སྐད་འབོད་ཧ་ལམ་དྲུག་བདུན་ཙམ་བརྒྱབ་སོང་།
    བློ་འགྱོད་ཆེ་ཤོས་ཤིག་ལ་བོད་རིགས་ཚོགས་པའི་ངོས་ནས་ཚོགས་འདུ་ཚོགས་སར་སྐད་འབོད་ཀྱི་གོ་སྒྲིག་མ་ཐུབ་པ་དེ་ཡིན་ དེ་ནི་ཚོགས་པའི་རྒྱུན་ལས་དང་ཚོགས་མི་ཡོངས་ཀྱི་ཞན་ཆ་ཡིན་ རྒྱ་ཆེར་མི་མང་ལ་དགོངས་དག་ཞུ་ཡ་ཡིན་
    སློབ་ཕྲུག་རང་དབང་ཚོགས་པའི་གོ་སྒྲིག་ཐོག་འགྲུལ་སྐྱེལ་རླངས་འཁོར་གཅིག་ཡས་མས་ཤིག་དེ་རིང་འཐོན་གི་ཡོད་ཀྱང་ འགྲོ་སོང་མ་འདང་བའི་རྐྱེན་གྱིས་མི་མང་པོ་འགྲོ་ཐུབཀྱི་་ཡོད་མི་འདུག་།
    རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་འདི་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐབས་རེད་མ་གཏོགས་ རང་དབང་དང་འགྲོ་བ་མི་ཡི་ཐོབ་ཐང་གི་སྐོར་ཞིག་གླེང་རྒྱུ་མིན་པ་འདྲ་འདུག་
    འོན་ཀྱང་སེམས་ཤུགས་མ་ཆགས་དང་བདེན་མཐའ་གསལ་བའི་དུས་ཤིག་ལོས་ཤར་ ལོངས་ཤོག་

    Reply
  3. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    དྲང་བདེན་དང་གནས་ལུགས་ཉིད་རྣམ་པར་རྒྱལ་བའི་དུས་ཤིག་ཡོད་ན། དེ་དུས་ཧུའུ་ཅིན་ཐོ་འཁོར་དང་བཅས་པ་ཕམས་སོང་བ་ཡིན་ལ། འུ་ཚང་གི་ད་ལྟའི་ངོ་རྒོལ་ལ་དོན་སྙིང་ལྡན་སོང་བ་ཡིནས་པས། ང་ཚོ་ནམ་ཡང་སྤོབས་པའི་ཁེངས་ཆོག བོད་རྒྱལ་ལོ། བོད་རྒྱལ་ལོ། དྲང་བདེན་དང་གནས་ལུགས་འདི་གཉིས་ཁོ་ན་རྒྱལ་བར་གྱུར་ཅིག

    Reply
  4. རྩེ། ཆུ་མིག says:
    ལོ་ 15 སྔོན།

    ཕྱི་སྡོད་བོད་མི་ཚོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། བོད་པ་ཟེར་བ་འདི་ཚོ་འདྲ་འདྲ་ནང་གི་མི་འདྲ་བ་རེད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ། རྒྱ་སྐད་ཐོག “བོད་ལ་རང་དབང་དང་རང་བཙན། ཧུའུ་ཅིན་ཐོ་ཕམ་པར་རྒྱོབ། གུང་ཁྲན་ཏང་བོད་ནས་ཁ་འབྲལ་དགོས། གུང་ཁྲན་ཏང་ཕམ་པར་རྒྱོབ།” ཅེས་པའི་འབོད་ཚིག་ཀྱང་བསྒྲགས་སོང།
    ཉིན་འདིར་པེན་བོད་ཀྱི་སྙུག་ཚོགས་ཀྱིས་ཀྱང་ཧུའུ་ཅིན་ཐོའི་མཚན་ཐོག་ལ་སྙན་ཞུ་ཞིག་ཕུལ་ཡོད།
    http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/

    Reply
  6. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    སློབ་ཕྲུག་ཕྱིར་ལོག་མི་བྱེད་མཁན་དང་སྤྱི་དངུལ་མི་སྤྲོད་མཁན་ཚོ་ངོ་རྒོལ་དེར་བཞུགས་ཡོད་ནམ་

    Reply
  7. ཤག་སྒང་པ། says:
    ལོ་ 15 སྔོན།

    ཤིན་ཏུ་ལེགས། འདི་ལྟར་ཡུལ་མིའི་སེམས་ཁམས་དང་ཁོར་ཡུག་ལ་མི་གནོད་ཅིང་། རང་གི་རྒྱལ་ཁབ་ཀྱི་རང་དབང་ཆེད་ལས་འགུལ་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
    བཙན་བྱོལ་བོད་མིའི་ཆབ་འབངས་རྣམ་རིག་དང་སྤྱང་གྲུང་ལྡན་པ་ཐམས་ཅད་ཕྱི་རྒྱལ་དུ་ཡོད་པས་འདི་ལྟར་མུ་མཐུད་དང་དགའ་བ་གཏིང་ནས་འཕེན་གྱིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese