མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནོར་གླིང་དུ་མར་མེ་ཁྲོམ་སྐོར།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་རང་ལུས་མེར་བསྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ནོར་གླིང་ཉེ་འཁྲིས་སུ་ཡོད་པའི་བོད་མི་ཚོས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།  

ཁ་སང་ཕྱི་ཚེས་ ༤ ཉིན་དགོང་དྲོའི་ཆུ་ཚོད་ ༦ པའི་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུས་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བོད་ནང་རང་ལུས་མེར་བསྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ནོར་གླིང་མཐོ་སློབ་ནས་འཆི་མེད་དགའ་ཚལ་གླིང་བར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་། མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ནང་ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་ཤེས་རབ་དགའ་ཚལ་སློབ་གླིང་གཉིས་ཀྱི་དགེ་སློབ་དང་། འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་བཅས་སེར་སྐྱ་མི་མང་  ༥༠༠ མ་ཟིན་ཙམ་ཞིག་འདུ་འཛོམས་བྱུང་འདུག

མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཐོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་དཀར་མཛེས་བ་ཕུན་ཚོགས་ཚེ་རིང་དང་མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་བསྟན་འཛིན་སྒྲོལ་མ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ས་གནས་ཚོགས་གཙོ་རྡོ་རྗེ་ཚེ་བརྟན། ཤེས་རབ་དགའ་ཚལ་སློབ་གླིང་གི་སྤྱི་ཁྱབ་རྒན་བདག་ལས་ཚབ་བཀྲ་ཤིས་རབ་བརྟན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་འཇིགས་མེད་བཅས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཆེད་དངོས་ཤུགས་བརྒྱུད་གསུམ་ནས་བོད་ནང་གི་བོད་མི་ཚོར་དྲག་གནོན་བྱས་ཡོད་པ་དང་། གནས་ཚུལ་དེ་དག་ལ་བརྟེན་ནས། འདི་ལོ་ཕྱི་ཟླ་ ༣ པ་ནས་ད་ལྟའི་བར་བོད་ནང་བོད་མི་སྐྱ་སེར་ ༡༡ གིས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་སྟབས། ང་ཚོ་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་ལ་དོ་སྣང་དང་རྒྱུས་ལོན་བྱས་ཏེ། གནས་ཚུལ་རྣམས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣའི་རྣ་ལམ་དུ་བསྐྱལ་ཏེ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱ་རྒྱུ་དང་། དེ་བཞིན་བཙན་བྱོལ་བོད་མི་ཚོས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་ལས་འགུལ་རིམ་པ་སྤེལ་དགོས་པའི་འབོད་སྐུལ་སོགས་གནང་སོང་།

 

གསར་འགོད་པ། དོན་གོ

 
 
 
 

མཆན། 2

  1. མི་ཉག་དུང་བརྡ། says:
    ལོ་ 11 སྔོན།

    སྟོང་བཙན་ལགས
    ང་ཚོའི་མི་ཚེ་ནང་རང་ལ་མེད་ནི་མི་སྡུག མི་ལ་ཡོད་ནི་སྡུག་ཅེས་པའི་ན་ཟུག་འདི་ཁྱབ་ཤུགས་ཆེན་པོ་ཡིན། ཁྱེད་ལའང་འདི་འགོས་ཚར་འདུག གང་མགྱོགས་བཤགས་བཅོས་བགྱི་དང་། ཁྱེད་ཀྱང་དཔེ་ཁུག་རྒྱབ་ཏུ་འཁུར་ཏེ་རྣམ་དབྱེ་བདུན་པ་དང་རྣམ་དབྱེ་གསུམ་པའི་སློབ་གླིང་གི་སྐྱེད་ཚལ་ལ་འགྲིམ་ཆོག

    Reply
  2. སྟོང་བཙན་མགར་བུ། says:
    ལོ་ 11 སྔོན།

    ཞུ་འདོད་པ་ཞིག་ལ། གདུངས་སེམས་མཉམ་བསྐྱེད་ནི་བོད་ཆོལ་གསུམ་མཚོན་པའི་བོད་མི་ཡོད་དོ་ཅོག་གི་ལས་འགུལ་ཞིག་ཡིན་པས། དམིགས་སུ་བཀར་དགོས་བ་མེད་མོད། འོན་ཀྱང། སློབ་གྲྭ་ཁ་ཤས་དང་མི་ཁ་ཤས་བེད་སྤྱོད་བྱས་ཏེ་ཚོགས་པའི་མིང་འཁྱེར་བཞིན་ཡོད་པ་འདི་ནི་དངོས་གནས་དྲང་བདེན་ཞིག་ཏུ་མ་མཐོང།
    གང་ཡིན་ཟེར། གོང་གི་ལས་འགུལ་འདི་མཚོན་པའི་ལས་འགུལ་མང་ཆེ་བ་ཞིག་ཤེས་རབ་དགའ་ཚལ་གླིང་གི་སློབ་མ་དག་གཙོ་བོར་གྱུར་ཡོད་པ་མ་གཏོགས། ནོར་གླིང་རང་ངོས་ཀྱི་མི་ཕལ་ཆེར་བརྒྱ་ཆ་བཅུ་ལས་ཡོད་པ་མ་རེད། གོང་གི་པར་ངོས་མི་འདི་དག་ཚང་མ་སོག་སློབ་རྐྱང་རྐྱང་ཡིན་པས། ནོར་གླིང་མ་ཡིན། ལས་འགུལ་འོག་འཛུགས་གི་ཉིན་ཁ་ཤས་རིང་ཤེས་རབ་དགའ་ཚལ་གླིང་གི་སློབ་མ་དག་སློབ་གྲྭ་ནས་བརྒྱུད་སྟོད་པར་མར་མེ་ཁྲོམ་ལ་འགྲོ་བཞིན་ཡོད་པ་མ་གཏོགས་ནོར་གླིང་མཐའ་བསྐོར་ཀྱི་མི་མང་ཆེ་བ་རང་གནས་འཛུལ་ནས་བསྡད་ཡོད་པ་གསལ་བོ་ཡིན་པས། གཞུང་སྒེར་ཚོགས་པ་གང་ཡིན་ཡང། སློབ་ཕྲུག་དག་བེད་སྤྱོད་བྱས་ཏེ་མིང་ཙམ་མི་ལེན་པའི་རེ་བ་ཞུ་ཞུ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist