མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཅོས་བསྒྱུར་གྱི་དུས་ལ་བབས་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་གསར་འགོད་པར་བཀའ་ལན་བསྩལ་ཏེ། རྒྱ་གཞུང་གིས་བོད་ནང་མེར་བསྲེགས་དོན་རྐྱེན་གྱི་རྒྱུ་རྐྱེན་འཚོལ་ཞིབ་དང་། འདས་པའི་ལོ་ ༦༠ རིང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབས་ཡོད་སྐོར་གསུངས་འདུག  

ཉིན་འདི་འགར་༧གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་༤ཉིན་༧གོང་ས་མཆོག་ཡུལ་དེའི་སཱན་ཌའི་(SENDAI)གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཏེ། ད་ལོར་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་ཚོར་བསྔོ་བ་སྨོན་ལམ་གསུངས་རྗེས། ཁུལ་དེའི་གསར་འགོད་ལྷན་ཚོགས་གི་སྟེང་ཕེབས་ཏེ། ཉེ་ཆར་བོད་ནང་རང་ལུས་མེར་བསྲེགས་བཏང་པའི་གནས་སྟངས་ཐོག་གསར་འགོད་པའི་དྲི་བར་བཀའ་ལན་བསྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་ “ བོད་མི་ཚོས་རང་ལུས་མེར་བསྲེགས་བྱེད་པ་དེ་ཨུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ཤིག་ཆགས་ཡོད་སྟབས། རྒྱ་ནག་དཔོན་རིགས་ཚོས་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་ལ་འཚོལ་ཞིབ་བྱ་དགོས་པ་རེད། ༢༠༠༩ ལོར་རྒྱ་ནག་ཀོང་ཏུང་ (Guangdong)ཞིང་ཆེན་དམར་ཤོག་མགོ་ཁྲིད་ཅིག་གིས། ཏང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་ཀྱི་འདུག་ཅེས་བཤད་ཡོད་ལ། སྲིད་བློན་ཝུན་ཅཱ་པའོ་ཡིས་ཀྱང་རྒྱ་ནག་ཆབ་སྲིད་ལ་བཅོས་བསྒྱུར་གཏོང་དགོས་སྐོར་བརྗོད་ཡོད་སྟབས། རྒྱ་ནག་མགོ་ཁྲིད་ཚོས་གནད་དོན་དེའི་ཐོིག་ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད། འདས་པའི་མི་ལོ་ ༦༠ རིང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབས་ཡོད་ཅེས ” གསུངས་འདུག

ཉིན་དེའི་ཕྱི་དྲོར་༧གོང་ས་མཆོག་གིས་ཀོ་ཡཱ་སིན་(KOYASAN) གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ། ཉི་ཧོང་གྲགས་ཅན་དངོས་ཁམས་རིག་པ་ཧཱ་རོ་སཱ་ལགས་གཙོས་པའི་ཀླད་ཁམས་ཚན་རིག་པ་དང་། གློག་ཀླད་འཕྲུལ་ཆས་ཉམས་ཞིབ་པ། དེ་བཞིན་ཉི་ཧོང་གསང་སྔགས་ཉམས་ལེན་པ་ཁག་ཅིག་དང་ལྷན་དུ། ནང་ཆོས་ལས་གསུངས་པའི་ཡེ་ཤེས་ཆོས་སྐུའི་རྣམ་གཞག་དང་རིགས་རྒྱུན་གྱི་རྫས་ཕྲ་མོའི་བར་བཀའ་བསྡུར་གནང་ཡོད་འདུག་ལ། དེའི་རྗེས་མཐོ་སློབ་དེའི་དགེ་ལས་སློབ་ཕྲུག་ཚོར་ཉི་ཧོང་པས་བོད་ཀྱི་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་བཞིན་པར་བསྔགས་བརྗོད་དང་འབྲེལ། མ་འོངས་པར་ཉི་ཧོང་དང་བོད་ཀྱི་ནང་ཆོས་ཟུང་འབྲེལ་ཐོག་སློབ་སྦྱོང་གནང་ཐུབ་ན་དགེ་མཚན་ཆེ་སྐོར་དང་། ལས་གཞི་དེར་རྒྱ་གར་ནས་བོད་ཀྱི་མཁས་དབང་ཁག་གདན་ཞུས་ཀྱིས་བགྲོ་གླེང་གནང་དགོས་པའི་ལམ་སྟོན་བཅས་གནང་ཡོད་འདུག  

གསར་འགོད་པ། དཔལ་ལྡན།
 
 
 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

ཆུ་ཚོད་ ༡༧ སྔོན་ལ།
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

༢༠༢༦/༠༩/༡༧
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༦/༠༩/༡༧

མཆན། 6

  1. བཀྲ་ཤིས། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་བཀའ་དྲིན་བསམ་མི་ཁྱབ། སྐུ་ཚེ་ཡུན་རིང་བརྟན་པའི་སྐྱབས་འཇུག་ཞུ།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཀརྨ་རྡོ་རྗེ་ལགས་ཀྱིས་ལོ་དུས་ལ་གཅིག་གཟིགས་དང་ཧཧཧཧཧཧཧཧཧ

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༥༢ དེ་ལོ་ ༦༢ དྲག་ཅུ་རེ་གཉིས་ལ་བཅོས།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༡༩༤༩ ནས་ ༡༩༡༡ བར་གྱི་ལོ་ངོ་ ༥༢ ཡུན་གྱི་ཀླ་ཀློ་གདུག་རྩུབ་ཅན་འགོ་མའོ་ཙེ་ཏུང་ནས་ད་ལྟའི་ཧྰུ་ཅིན་ཐའོའི་བར་གྱིས་གྲངས་ཉུང་མི་རིགས་ལ་གཉའ་གནོན་བཤུ་ཤོག་བཏང་མ་ཚར་བསྡདཔ་ནི། རྒྱ་ནག་དམར་གཞུང་ངོ་ཚ་བའི་གནས་སུ་མི་མཐོང་ངམ། རྒྱ་ཆེ་རིགས་ཚོ།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཡིད་བཞིན་ནོར་བུ་ནི་ང་ཚོའི་བདེན་པའི་སྲོག་ཤིང་ཡིན། རྒྱལ་ཁའི་ལམ་སྟོན་ཡིན།
    ཡིད་བཞིན་ནོར་བུ་གང་ལ་ཕེབས་ན་དེ་ན་བོད་དང་བོད་དོན་ཡོད། དེ་ན་ཆོས་དང་འཇིག་རྟེན་ཡོད། དེ་ན་དྲང་བདེན་དང་རྒྱབ་སྐྱོར་ཡོད།
    ང་ཚོ་བློ་གཅིག་དང་ལས་གཅིག་གིས་ཁོང་གི་ལམ་སྟོན་ལྟར་སྐྱོད་ཐུབ་ན་བདེན་པ་ཉིད་གང་མྱུར་རྒྱལ་བར་འགྱུར།
    རྒྱ་ནག་དམངས་གཙོ་ཅན་དུ་སྒྱུར་དགོས། མི་རིགས་གནད་དོན་གཙང་མ་བཟོ་དགོས།

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    [url=http://tibetonline.tv/play.php?vid=847][img]http://tibetonline.tv/uploads/player_thumbs/K2yk0iDQWIHAIyqHVpHv.jpg[/img]
    དྲ་ཐག་འདི་ནས་༸གོང་ས་མཆོག་གིས་སྐབས་དེར་གང་གསུངས་པ་ཚང་མ་མཇལ་ཐུབ་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese