མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་ཕུན་ཚོགས་ལགས་ཀྱི་ནང་མིའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱི་སྤུན་ཆུང་བ་བློ་བཟང་སྐལ་བཟང་བཙོན་འཇུག་བཀག་ཉར་བྱས་ཡོད་པ་མ་ཟད། ཁོང་གི་ཕ་རྒན་དང་སྤུན་ཆེ་བ་གཉིས་ཀྱང་གར་ཡོད་ཅི་བྱུང་མ་ཤེས་པར་ལྷག་ཡོད་འདུག 

ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་ད་ལྟ་བཞུགས་སྒར་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་ཡོད་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རབ་བརྟན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོ་ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་རྗེས། རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པའི་གྲྭ་བ་མང་པོ་འཛིན་བཟུང་བཀག་ཉར་དང་ཁྲིམས་ཆད་བཙོན་འཇུག་བྱས་པར་མ་ཟད།  ས་གནས་མང་ཚོགས་ལའང་དགོན་ནང་མཆོད་མཇལ་འགྲོ་བ་སོགས་ཀྱི་ཐད་དཀའ་ངལ་རབ་དང་རིམ་པ་བཟོས་ཡོད་འདུག ཉེ་ཆར་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་དང་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱིས་སྤུན་ཆུང་བ་བློ་བཟང་སྐལ་བཟང་ལགས་གཉིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་འཛིན་བཟུང་བཀག་ཉར་བྱས་རྗེས། གྲྭ་ཕུན་ཚོགས་ལགས་ཀྱི་ཕ་གྱར་ཚེ་ལགས་ཀྱིས་ས་གནས་འབྲེལ་ལས་ཁུངས་ལ་ཡར་ཞུ་བརྒྱུད་ཐུག་འཕྲད་དུ་ཕྱིན་ཡོད་ཀྱང་། འབྲེལ་ཡོད་ཚན་པས་ཁོང་ལ་ཐུག་གྱི་གོ་སྐབས་སྤྲད་མེད་པའི་ཁར། ད་ལྟའི་ཆར་ཁོང་གར་ཡོད་ཀྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་བྱུང་པར་ལྷག་ཡོད་པ་དང་།  ད་དུང་གྲྭ་ཕུན་ཚོགས་ལགས་ཀྱི་སྤུན་ཆེ་བ་བཀྲ་ཤིས་ཀྱང་རང་ཁྱིམ་དུ་བཟང་བཙོན་གྱི་ཚུལ་དུ་བསྡད་ཡོད་འདུག  

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། གྲྭ་ཕུན་ཚོགས་ལགས་ཀྱི་ཁྱིམ་དུ་རང་ལོ་ ༦༠ ཡིན་པའི་ཕ་གྱར་ཚེ་དང་རང་ལོ་ ༥༠ ཡིན་པའི་མ་རྫོགས་ཀར་གཉིས་དང་། རང་ལོ་ ༨༧ ཡིན་པའི་རྨོ་མོ་དཀར་མོ། རང་ལོ་ ༢༢ ཡིན་པའི་བློ་བཟང་དར་རྒྱས། ལོ་གསུམ་ཡར་སྔོན་ནས་དབང་བོ་སྐྱོན་ཅན་དུ་གྱུར་ཏེ་ད་ལྟ་དབྱུགས་རྟེན་ལ་བརྟེན་ནས་འགྲོ་བཞིན་པའི་གྲྭ་བྱང་ཆུབ། ཉེ་ཆར་རང་ལུས་མེར་བསྲེག་བཏང་བའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་བཅས་བསྡོམས་སྤུན་མཆེད་ ༧ ཡོད་ཀྱང་། འདི་ལོ་གྲྭ་ཕུན་ཚོགས་ལགས་དང་བློ་བཟང་སྐལ་བཟང་རྣམ་གཉིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྗེས། ཁོང་གི་ནང་མིར་རྒྱ་གཞུང་གིས་སྔ་ཕྱི་བར་གསུམ་དུ་འཇིགས་སྐུལ་དང་དྲག་གནོན་བྱས་ཡོད་པ་དང་། ཉེ་ཆར་ཕ་རྒན་གར་ཡོད་མི་ཤེས་པའི་གནས་སུ་གྱར་བ་དང་སྤུན་ཆེ་བ་བཀྲ་ཤིས་ཀྱང་བཟང་བཙོན་གྱི་ཚུད་དུ་བཀག་ཉར་བྱས་ཡོད་པར་བརྟེན།  ནང་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག  

ད་ལྟའི་ཆར་རྒྱ་ནག་གཞུང་གིས། རྨེའུ་རུ་མ་སྡེ་བའི་ཁྱིམ་ཚང་ཡོངས་ལ་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དགག་རྒྱག་དང་། རྒྱ་ནག་གི་རྒྱ་དར་བསྒྲེངས་དགོས་པའི་བཙན་བཀའ་གཏོང་བཞིན་པར་མ་ཟད། རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ལའང་སྡེ་ཚན་མི་འདྲ་བ་ ༢༦ ལ་བགོས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་ཡོད་འདུག 

རང་ལོ་ ༡༧ ཡིན་པའི་གྲྭ་བློ་བཟང་རབ་བརྟན་ལགས་ནི། རྔ་པ་རྫོང་རྨེའུ་རུ་མ་ནས་ཡིན་ཞིང་། གྲྭ་བློ་བཟང་ཕུན་ཚོགས་དང་སྡེ་བ་གཅིག་པ་ཡིན་པར་མ་ཟད། ཀིརྟི་དགོན་པའི་ནང་ཁོང་གཉིས་དགེ་རྒན་གཅིག་དགེ་ཕྲུག་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

ཆུ་ཚོད་ ༢༣ སྔོན་ལ།
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥
Mobile App

ཟམ་གདོང་རིན་པོ་ཆེ་མཆོག་ནི་ངེས་པ་དོན་གྱི་དཔའ་བོ་རེད།

༢༠༢༦/༡༡/༠༥
ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༡༡།༥
Mobile App

ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་དགེ་རྒན་ཉིན་མོ་སྲུང་གཙི་གནང་།

༢༠༢༦/༡༡/༠༥
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། དྲིན་ལན་འཇལ་སྟངས་ཁོང་ནས་སྦྱོངས་ཨང་།

༢༠༢༦/༡༡/༠༥

མཆན། 2

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཡི་གེ་བ་ཚོས་དུས་བབ་སོགས་ཀྱི་རིག་པ་འདོན་སར་ཆོད་མེད་འབྲི་འདུག་པ་ལས. རྒྱལ་སྤྱིར་འཁོར་བའི་twitter སོགས་དྲ་རྒྱའི་ནང་དུ་གནས་ཚུལ་སྤེལ་ན་ཧ་ཅང་ལེགས. བདེན་གནས་ཕྲ་མོ་ཙམ་ལས་མེད་ཀྱང་. མི་སེམས་བསྒུལ་ཅིང་མིག་ཆུ་འབྱིན་པའི་སྒྱུ་རྩལ་གྱིས་ལས་ཏེ.

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    སེམས་གཏིང་ནས་སྐྱོ་སོང་། ད་ཅི་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese