མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་མི་རྣམས་ལྕགས་རི་རིང་པོའི་ལྷོ་རྒྱབ་ཏུ་ཕྱིར་ལོག་བྱོས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༦ ནས་བདུན་གཅིག་རིང་འཛམ་གླིང་ཡུལ་གྲུ་ཁག་ནང་ཡོད་པའི་སོག་རིགས་རྣམས་ཀྱིས་རྒྱ་གཞུང་གི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས།  རྒྱ་མི་རྣམས་རྒྱའི་ལྕགས་རི་རིང་པོའི་ལྷོ་རྒྱབ་ཏུ་ཕྱིར་ལོག་བྱ་དགོས་པའི་འབོད་ཚིག་སྒྲོག་རྒྱུ་ཡིན་འདུག 

ཟླ་འདིའི་ཕྱི་ཚེས་ ༦ ནས་ ༡༢ བར་བདུན་ཕྲག་གཅིག་རིང་། འཛམ་གླིང་རྒྱལ་ཁབ་ཁག་ནང་ཡོད་པའི་སོག་རིགས་རྣམས་ཀྱིས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་འདུ་འཛོམས་ཏེ། “ ང་ཚོའི་རྩྭ་ཐང་དང་ང་ཚོའི་རང་དབང་ཕྱིར་སྤྲོད། སོག་རིགས་དམར་གསོད་གཏོང་རྒྱུ་མཚམས་འཇོག་བྱོས། རྒྱ་མི་སོག་ཡུལ་ནས་ཕྱིར་འཐེན་བྱོས།  རྒྱ་མི་རྣམས་རྒྱའི་ལྕགས་རི་རིང་པོའི་ལྷོ་རྒྱབ་ཏུ་ཕྱིར་ལོག་བྱོས།” སོགས་ཀྱི་གཅིག་གྱུར་འབོད་ཚིག་བསྒྲགས་ཏེ།  འདས་པའི་ལོ་ ༦༠ ནང་རྒྱ་གཞུང་གིས་སོག་པོ་མི་རིགས་ཀྱི་ཐོག་དྲག་སྤྱོད་དབང་བསྒྱུར་སྲིད་ཇུས་སྤེལ་ཏེ། སོག་པོའི་རང་བྱུང་ཁོར་ཡུག་གཏོར་སྐྱོན་དང་དཔལ་འབྱོར་ཐོན་ཁུངས་ཧམ་འཕྲོག  སོག་པོའི་སྐད་ཡིག་རིག་གནས་རྩ་གཏོར་བཅས་བྱས་ཏེ། སོག་པོའི་ཡུལ་ལུང་བཙན་འཕྲོག་དང་ཡུལ་མི་དམར་གསོད་གཏོང་བཞིན་པར་ངོ་རྒོལ་མགོ་འཛུགས་ཀྱི་འཆར་གཞི་སྒྲིག་ཡོད་འདུག  

ཕྱི་ཚེས་ ༢ ཉིན་ལྷོ་སོག་པོའི་སྐབས་དོན་དཔྱད་གླེང་དྲ་བའི་སྟེང་ཡོང་ཁྱབས་གསལ་བསྒྲགས་སྤེལ་ཏེ།   སོག་ཡུལ་རྩྭ་ཐང་དང་སོག་པོ་མི་རིགས་སྲུང་སྐྱོབ་བྱ་དགོས་པ་དེ་ནི།  ཇིང་གུར་རྒྱལ་བོའི་བུ་རབས་ཚ་རྒྱུད་ཀྱི་ཕྲག་ལ་བབ་པའི་འོས་འགན་དང་།  མི་རབས་གསར་བའི་སོག་པོ་བ་རྣམས་ཀྱིས་གཡོལ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་སྟབས།   ཕྱི་ཚེས་ ༦ ནས་ ༡༢ བར་འཛམ་གླིང་ཡུལ་ཕྱོགས་གང་སར་གནས་པའི་སོག་རིགས་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས།  གནས་ཡུལ་རྒྱལ་ཁབ་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་འདུ་འཛོམས་ཐོག་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་དགོས་པ་དང་།  གནས་བབ་དང་གོ་སྐབས་མ་ཤོར་བའི་ཐོག་ནས།  རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་རྩ་གཏོར་གྱི་དྲག་སྤྱོད་སྲིད་ཇུས་སྤེལ་བཞིན་པ་མཐའ་དག  ཡིག་ངག་གཉིས་ཐོག་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། གནས་ཡུལ་རྒྱལ་ཁབ་སོ་སོའི་གྲོས་ཚོགས་དང་གནད་ཡོད་མི་སྣ་བཅས་ལ་ཕུལ་ཏེ།  རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་འབོད་སྐུལ་ཞུ་དགོས་པ་བཀོད་འདུག    

གསལ་བསྒྲགས་དེའི་ནང་། རྒྱ་མི་རིགས་ཀྱིས་གཅིག་སྡུད་དབང་འཛིན་བྱས་པའི་རྒྱ་ནག་དམར་པོའི་གཞུང་གིས། འདས་པའི་ལོ་ངོ་ ༦༠ ནང་སོག་ས་ཁུལ་དུ་སྐད་ཡིག་རིག་གནས་རྒྱ་སྒྱུར་གྱི་སྲིད་ཇུས་སྤེལ་བ་དང་། རང་བྱུང་ཐོན་ཁོངས་ཧམ་འཕྲོག་བྱས་ཏེ་སོག་པོ་མི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་བཟོས་པར་མ་ཟད།  སོག་པོ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་བཅས་ལ་རྡོག་རོལ་བཏང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་། རྒྱ་གཞུང་གིས་ “ཁོར་ཡུག་སྲུང་སྐྱོབ ” ལ་ཁ་གཡར་ཏེ། སོག་རིགས་མི་མང་གི་ལག་ནས་རང་ཡུལ་རྩྭ་ཐང་བཙན་འཕྲོག་བྱས་ཏེ། ད་ལྟའི་ཆར་ས་སྐྱེས་རྡོ་སྐྱེས་ཀྱི་སོག་པོ་རྣམས་རྒྱ་གཞུང་གི་སྤྱི་ཚོགས་རང་ལུགས་ཀྱི་སྲིད་ཇུས་ཟེར་བའི་འོག་སྡོད་ས་ཆགས་ས་མེད་པའི་ཡུལ་མི་གཉིས་པ་ཞིག་དང་། འཚོ་བའི་གཞི་རྟེན་མེད་པའི་གཞིས་གྲོང་གསར་བ་ཞིག་ཏུ་སྒྱུར་ཏེ།  སོག་པོ་མི་རིགས་ཀྱི་ཡུལ་སྲོལ་རིག་དང་རང་བྱུང་རྩྭ་ཐང་གནས་བབ་དང་མཐུན་པའི་སྔར་གྱི་འཚོ་བའི་རྨང་གཞི་ཡོད་ཚད་རྩ་གཏོར་བཏང་སྟེ།  མི་རིགས་འདི་མུ་མཐུད་རྒྱུན་གནས་འཚོ་ཐབས་བྲལ་བའི་ཨུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་ཡོད་པ་གསལ་སྟོན་བྱས་འདུག 

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་རྒྱ་རིགས་རླངས་འཁོར་ཁ་ལོ་བ་ཞིག་གིས་བསམ་བཞིན་དུ། ནང་སོག་ཞིས་ལིན་ཧོ་ཐི་ས་ཁུལ་གྱི་འབྲོག་པ་མུའུ་རི་ཀན་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་བ་དང་། ཕྱི་ཟླ་ ༧ ཚེས་ ༡༨ ཉིན་ཅ་དངོས་སྐྱེལ་འདྲེན་རླངས་འཁོར་བཅུ་གྲངས་ཤིག་དང་རྒྱ་མི་ ༢༠༠ ལྷག་ཡོང་སྟེ། ནང་སོག་ཧ་རི་གྷན་ཐུའུ་ཀ་ཁྲ་སྡེ་བའི་ལུག་བརྒྱ་གྲངས་ཤིག་རླངས་འཁོར་འོག་བརྫིས་ཏེ་སྡེབ་གསོད་བཏང་བ་དང་། པ་པཱ་ཐར་གཙོས་པའི་སོག་པོ་འབྲོག་པ་མི་ ༢༠ གཅར་རྡུང་བྱས་པར་མ་ཟད།  སོག་པོའི་འབྲོག་པ་རྣམས་ལ་ “དེ་རིང་རླངས་འཁོར་འོག་ཁྱོད་ཀྱི་ནོར་བརྫིས་པ་རེད། སང་ཉིན་ཁྱོད་རང་ཡང་བརྫི་སྲིད”  ཅེས་སོགས་བརྙས་བཅོས་དམའ་འབེབས་བྱས་པར་བརྟེན།  སོག་རིགས་མི་མང་ ༡༠༠༠ ལྷག་འདུ་འཛོམས་ཐོག་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་པོ་བྱས་པར།  རྒྱ་གཞུང་གིས་སོག་པོ་མི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་རེད། ཡིན་ནའང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཡང་བསྐྱར་སོག་པོའི་འབྲོག་པ་ཀྲའོ་རི་ཀུ་ཐའོ་ལགས་རླངས་འཁོར་འོག་བརྫིས་ཏེ་དམར་གསོད་བཏང་བར་བརྟེན།   ཐེངས་འདིར་འཛམ་གླིང་སོག་རིགས་མི་མང་མཉམ་རུབ་ཐོག་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་གོ་སྒྲིག་ཚོགས་པའི་ངོས་ནས།  རྒྱ་གཞུང་གི་ཁས་ལེན་དྲིལ་བསྒྲགས་དེ་དག་ནི་མི་མང་ལ་མགོ་སྐོར་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསླུ་བྲིད་གཏོང་ཐབས་ཀྱི་སྲིད་ཇུས་ཁོ་ན་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།   

ད་དུང་། གསལ་བསྒྲགས་དེའི་ནང་དུ།  རྒྱ་གཞུང་གིས་སོག་པོ་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་སྐུ་ཞབས་ཧཱ་ཏ་ལགས་ལོ་ ༡༥ བཙོན་འཇུག་ཀྱི་དུས་བཅད་ལོངས་རྗེས་ཀློད་གྲོལ་མ་བཏང་པར་མ་ཟད།  ཁོང་གི་ནང་མི་ཚང་མ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། སོག་པོའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མཁན་རྩོམ་པ་པོ་ལྕམ་ཧུའུ་ལིན་ཧྥུ་ལགས་ལོ་གཅིག་ཡར་སྔོན་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་པ། རྒྱལ་སྤྱིའི་སྐྱབས་བཅོལ་བར་སྙན་ཞུ་འབུལ་མཁན་སྐུ་ཞབས་པཱ་ཐུ་ཀྲང་ཞཱ་ལགས་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་བཅས་ཀྱིས་མཚོན་པའི།  སོག་རིག་གཞོན་སྐྱེས་ཤེས་ལྡན་པ་དང་། རྩོམ་པ་པོ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་མི་མང་པོ་ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་བཀག་ཉར་བཙོན་འཇུག་དང་།  སོག་ཡུལ་རྩྭ་ཐང་སྲུང་སྐྱོབ་གནང་མཁན་འབྲོག་པ་ཚོར་གཅར་རྡུང་འཛིན་བཟུང་།  དེ་བཞིན་སོག་རིགས་མང་ཚོགས་ཀྱི་སྒེར་གཉེར་རིག་གནས་དྲ་རྒྱ་མང་པོ་སྒོ་རྒྱག་ཏུ་བཅུག་སྟེ། སོག་པོ་མི་རིགས་ཀྱི་སྨྲ་བརྗོད་རང་དབང་དང་དཔར་སྐྲུན་རང་དབང་བཙན་འཕྲོག་བྱས་བཞིན་པར་བརྟེན། ང་ཚོ་སོག་པོ་མི་རིགས་ཀྱིས་རྒྱ་གཞུང་གི་ཁྲིམས་འགལ་དྲག་ཤུགས་ཀྱི་མི་རིགས་དབང་སྒྱུར་སྲིད་ཇུས་དེར།  མགོ་སྒུར་གཉའ་ཞུམ་གྱིས་མུ་མཐུད་འདུག་ཐབས་བྲལ་བའི་སྐོར་བརྗོད་འདུག 

གཞན་ཡང་། ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༡ ནས་ ༢༢ བར་འཇར་མན་གྲོང་ཁྱེར་ཆེ་ཤོས་ཨང་བཞི་པ་ཁའོ་ལའོ་ནའེ་ (Cologne) ཉེ་འདབས་སུ་ཡོད་པའི་གྲོང་ཁྱེར་ལའེ་བིར་ཀོ་སིན་(Leverkusen) དུ། རྒྱ་སོག་མི་རིགས་དང་དམངས་གཙོའི་གནད་དོན་བགྲོ་གླེང་ཚོགས་འདུ་ཞེས་པ་ཞིག་ཀྱང་འཚོགས་འཆར་ཡོད་འདུག  ཚོགས་འདུའི་འགན་འཛིན་མི་སྣ་ནང་སོག་སྤྱི་དམངས་ཚོགས་པའི་ཚོགས་གཙོ་དང་། ཡུ་རོབ་གླིང་བོད་སོག་ཡུ་གུར་རྒྱ་རིགས་བཞིའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིས་ཧའེ་མེན་ལགས་ཀྱིས། བོད་ཀྱི་གནད་དོན་ལ་རྒྱལ་སྤྱི་དང་རྒྱ་ནག་དམངས་གཙོ་དོན་གཉེར་བའི་ཚོགས་སྡེ་ཁག་གིས་ད་ལྟའི་བར་དོ་སྣང་ཤུགས་ཆེན་པོ་གནང་བཞིན་ཡོད་ལ།  ཡུ་གུར་གྱི་གནད་དོན་ཀྱང་ད་ལོ་ནས་བཟུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་པར་ལྷག་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད།  ཡིན་ནའང་། ལྷོ་སོག་པའི་གནད་དོན་ཐད་ད་ལྟའི་བར་འཛམ་གླིང་མི་མང་གིས་དོ་སྣང་ཆེན་པོ་བྱུང་མེད། ད་ལོའི་ཕྱི་ཟླ་ ༥ པའི་ནང་ལྷོ་སོག་པོའི་ནང་གཞི་རྒྱ་ཆེ་བའི་མི་མང་གི་ཡར་ལངས་ངོ་རྒོལ་བྱུང་བའི་རྗེས།  འཛམ་གླིང་གི་རྒྱལ་ཁག་དང་ཚོགས་སྡེ་ཁག་གི་ནང་ལྷོ་སོག་པོའི་གནད་དོན་ཐད་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན། ང་ཚོས་རྒྱལ་སྤྱིའི་སྒང་ལྷོ་སོག་པའི་གནད་དོན་སྐོར་གྱི་ཚོགས་འདུ་མང་པོ་བསྡུ་སྐོང་བྱས་ཏེ།  རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་དག་གིས་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་དཀའ་ངལ་དང་མི་རིགས་ཀྱི་གནད་དོན་སྔར་ལས་ཤེས་རྟོགས་དང་།  ལྷོ་སོག་པོའི་དམངས་གཙོ་དང་མི་རིགས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་གནང་གི་ཡོད་སྐོར་བརྗོད་པ་རེད། 

རྒྱ་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་སུ་འབོད་པའི་ལྷོ་སོག་པོའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ ༡༡༨་༣  ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོའི་རྒྱ་གཞུང་གི་མི་གྲངས་ཞིབ་བཤེར་གྱི་རྩིས་ཐོ་ལྟར་ན།  ལྷོ་སོག་པའི་ནང་ཁྱོན་བསྡོམས་མི་གྲངས་ ༢༤༧༠༦༣༢༡ ཡོད་པའི་ནང་སོག་པ་མི་གྲངས་ཁྲི་ ༤༢༡ ལྷག་ཡོད་པ་དང་། སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་ ༡༨ མ་གཏོགས་ཟིན་མེད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

 

མཆན། 12

  1. དམག་ལོག་ says:
    ལོ་ 11 སྔོན།

    སོག་པོ་རྣམས་ད་དུང་གཉིད་ནས་སད་མེད། བོད་ཕྱི་ནང་གཉིས་ནས་དོན་རྐྱེན་མང་པོ་བཟོས་ཕྱིར་། ཕྱི་ཤོར་སོག་པོ་འགར་ངོ་ཚའི་མ་བཟོད་པར་ཁྲོམས་ལ་སླེབས་རེད། སོག་པོ་གཉིད་སད་རྒྱུ་ད་དུང་དུས་ཡུན་རིང་པོར་འགོར་རྒྱུ་རེད། སྐུ་ངོ་ལྷ་ལགས།

    Reply
  2. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 11 སྔོན།

    མི་རིགས་སྣ་མང་འཛོམ་པའིཚོགས་པ་དེ་འཛུག་ཐུབ་ན་དགེ་མཚན་ཆེན་པོ་ཡོད་འོན་ཀྱང་ཚོགས་པ་དེ་འདྲ་སུས་འཛུགས་ཐུབ་ན་གཙུགས་རོགས་གནང་།ངེས་པར་དུ་ བཀའ་སྤྱི་གཉིས་ཀྱིས་འཛུགས་དགོས་པའི་ངེས་པ་མི་འདུག་སྙམ་བསམ་ཚུལ་ཙམ་ཡིན་

    Reply
  3. འཇའ་ཐང་འབྲོག་བུ། says:
    ལོ་ 11 སྔོན།

    ཟ་འདྲེ་དེ་ཚོས་བོད་པ་དང་སོག་པོ་ལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཚུལ་མིན་གྱིས་བྱ་སྤྱོད་སྤེལ་བ་བགྲང་ཚོད་གང་ན་ཡོད།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/

    འདི་ན་གཞས་ཚིག་ཅིག་ཡོད། གཞས་པ་གཞས་མ་ཐུན་མོང་ལ་ཕུལ་བའི་ཞལ་འདེབས་ཡིན། གང་མྱུར་གཏོང་ཐུབ་པའི་རེ་བ་ཡོད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    ད་མ་མཐར་ཡང་བཀའ་སྤྱི་གཉིས་ཀྱི་ངོས་ནས་སྐྱིད་སྡུག་གཅིག་པའི་མི་རིགས་སྤུན་ཟླར་གདུང་སེམས་མཉམ་སྐྱེད་ཀྱི་གཏམ་བཤད་དམ་གསུང་འཕྲིན་རེ་ངེས་པར་གནང་འོས་སོ།
    གལ་ཏེ་མི་རིགས་གཞན་ལ་འགན་འཁུར་འདོད་མེད་ན་ཡང། ང་ཚོས་རང་གི་གོ་རེ་ཚོས་ཕྱིར་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཐབས་ཀྱི་གཞི་རྒྱ་ཅུང་ཆེ་རུ་བསྐྱེད་ན་ཅིས་མི་ལེགས།
    གལ་ཏེ་ང་ཚོའི་ཚོགས་པ་ཁག་གིས་ཀྱང་སྐབས་འདིར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ན་རྗེས་མ་ཚུར་ལ་ཡང་མཉམ་ཞུགས་གནང་གི་རེད། གདུང་སེམས་མཉམ་སྐྱེད་ཀྱི་མཉམ་ལས་ངོ་མ་ཞིག་ཆགས་ཐུབ། ང་ཚོ་བོད་མིའི་སྒྲིག་འཛུགས་འདི་ད་ལྟ་ཀྲུང་གོའི་བཙན་འོག་གི་མི་རིགས་ཁག་གི་ཕུ་བོ་ལྟ་བུ་ཡིན་པས་གཙོ་འགན་འཁུར་འོས།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    སོག་པོ་ཚོ་གཉིད་ལས་སད་པར་དགའ་བསུ་ཞུ་ལ་རྒྱབ་སྐྱོར་ཡོད།

    Reply
  7. ནད་པ says:
    ལོ་ 11 སྔོན།

    གཅན་གཟོད་རྒྱམ་ལགས་ཞུ་རྒྱུར་ང་ཚོས་བྱ་བ་ཅི་ཞིག་བྱེད་ནའང་འགོ་འཁྲིད་མཁན་ཡག་པོ་དགོས། དཔེར་ན་ཁྱིམ་ཚང་གཅིག་ལ་མཚོན་ནའང་རེད། དེ་བཞིན་ཚོགས་པ་ཁག གཞུང་སོགས་ཚང་མར་སྣེ་འཁྲིད་བྱེད་མཁན་ཡག་པོ་ངེས་པར་དུའང་དགོས།

    དེ་འདྲ་སོང་ཙང་ང་ཚོས་ཀྱང་མི་རིགས་སྣ་འབྲེལ་སྐྱིད་སྡུག་ཚོགས་པ་ཞིག་བཙུགས་ནས་དེ་སྣེ་འཁྲིད་དེ་འཛམ་གླིང་གང་སར་ཡོད་པའི་རྒྱ་ནག་དམངས་གཙོ་དོན་གཉེར་བ་ཅན་ཚོ་དང་། དེ་བཞིན་སོག་པོ། ཡུ་གུར། བོད་རིགས་སོགས་ཚང་མས་དུས་ནས་དུས་སུ་མུ་མཐུད་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་ཐ་གཅིག་ཏུ་བྱེད་དགོས།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 11 སྔོན།

    ད་ཚོགས་པ་འཛུགས་དགོས་ཀྱི་མི་འདུག ཚོགས་པ་ཞིག་བཙུགས་རྗེས་མི་དམངས་ཀྱིས་ཀྱང་ཚོགས་པ་དེར་བལྟས་བསྡད་ཀྱིན་འདུག ཚོགས་པ་དེ་ཚོས་ཀྱང་ལས་དོན་གནད་ལ་འཁེལ་བ་ཞིག་བྱེད་མི་ནུས་ལ། ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གི་སྣེ་ཁྲིད་ཀྱང་བྱེད་མུ་ཐུབ་ཀི དེ་བས་ཚོགས་པ་མི་དགོས་བར་མི་མདངས་ཚོས་རང་རང་གི་ཤེས་རྟོག་གཙོར་བཟུང་གིས་ལས་འགུལ་རེ་སྤེལ་ན་དེ་ནི་ནུས་པ་ཆེ་ཞིང་གཞི་རྒྱ་ཆེ་བ། ད་དུང་ནུས་པ་ཐོན་པ་ཞིག་ཀྱང་ཡོང་གི་འདུག་སྙམ། ད་ནི་སོག་པོ་ཕྱི་ནང་ཚང་མ་མཉམ་རུབ་ཀྱིས་གནའ་བོའི་སོག་པོ་སྟོབས་ཆེན་རྒྱལ་ཁབ་དེའི་མཛད་རྗེས་དྲན་བཞིན་རྒྱལ་ཁབ་བསྐྱར་གསོའམ་སོག་པོ་ཕྱི་ནང་གཉིས་ཀ་གཅིག་གྱུར་ཡོང་བར་འབད་པའི་དུས་ལ་བབས་སོ།།

    Reply
  9. oscargyatso says:
    ལོ་ 11 སྔོན།

    དུས་ལ་བབས་ཡོད་པ་བཀའ་སྤྱི་གཉིས་ནས་མ་མཁྱེན་པ་ག་ལ་ཡིན།
    ཡིན་ཡང་རང་གཞུང་རང་ལ་ལྐོག་ཏུ་མ་གྱུར་པ་ཤེས་གསལ་རེད། བཀའ་ཤག་ལ་ནུས་པ་འདི་ལས་ལྷག་མེད་ན་གང་བྱེད། དཔེར་ན་༢༠༠༨ ལོར་བོད་མདོ་སྨད་ཁུལ་ནས་མི་གྲངས་ག་ཚོད་ཀྱི་རང་སྲོག་ཤོར་ཡོད་དམ། བཀའ་སྤྱི་གཉིས་ནས་འདི་དག་ཚང་མའི་ནུས་པ་དེ་བོར་གླག་མ་པར་དོན་དངོས་ཐོག་གཞུང་དམངས་མཉམ་འབྲེལ་ཐོག་ལས་འགུལ་མྱུར་མོ་གནང་རྒྱུ་གལ་ཆེ།

    Reply
  10. ནད་པ says:
    ལོ་ 11 སྔོན།

    ཆབ་བྲག་ལགས་ཀྱིས་གསུངས་པ་ལྟར་རེད། ད་ལྟའི་ཆར་ང་ཚོས་བོད་དང་། སོག་པོ། ཡུ་གུར། རྒྱ་ནག་དམངས་གཙོ་དོན་གཉེར་བ་བཅས་ཀྱིས་ཐུན་མོང་ཐོག་མི་རིགས་སྣ་འབྲེལ་སྐྱིད་སྡུག་ལྷན་ཚོགས་ཞིག་འཛུགས་དགོས་པ་དེ་དུས་རབས་ཀྱི་དགོས་མཁོ་རེད།

    མི་རིགས་སྣ་འབྲེལ་གྱི་ཚོགས་ཆེན་ཞིག་འདུ་བསྐོང་བྱས་ཏེ་ཚང་མས་དུས་གཅིག་ཏུ་རྒྱ་ནག་གི་དྲག་པོའི་བཙན་འཛུལ་བྱས་དང་བྱེད་བཞིན་པ་དེར་ཐ་གཅིག་ཏུ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས།

    རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་རྒྱུ་དང་གཅིག བོད་ལ་རང་དབང་ཐོབ་རྒྱུ་གཉིས། ནང་སོག་ལ་རང་དབང་ཐོབ་རྒྱུ་གསུམ། ཡུ་གུར་ཏུ་རང་དབང་ཐོབ་རྒྱུ་བཞི་བཅས་ཀྱི་གནད་དོན་དེ་དག་འཛམ་གླིང་རྒྱལ་སྤྱི་ཅན་དུ་བསྒྱུར་ཐུབ་པ་བྱེད་དགོས།

    ས་པཎ་གྱིས་གསུངས་པ་ལྟར་རེད། མང་པོ་གཅིག་ཏུ་ཁྱུ་འདུས་ན། །ཉམ་ཆུང་ཡིན་ཡང་དོན་ཆེན་འགྲུབ། །སྲོག་ཆགས་གྲོག་མ་ཉམ་ཆུང་ཡང་། །སེང་གེའི་ཕྲུ་གུ་གསོད་པར་འགྱུར། །ཞེས་པའི་ཚིག་ལ་རིན་ཐང་ཆེན་པོ་ལྡན་ཡོད།

    ད་ང་ཚོས་ལུས་སེམས་གཉིས་ཀྱི་གཡོ་འགུལ་བྱས་ཏེ་དུས་ལ་དཔག་པའི་སྒོ་ནས་རྔ་ལ་དཔག་པའི་ཆམ་ཞིག་འཛམ་གླིང་གི་གར་སྟེང་དུ་འཁྲབ་ཐུབ་པ་བྱེད་དགོས་པའི་དུས་ཚོད་གཅིག་ཏན་ཏན་རེད།

    དེ་ལྟར་བྱ་རྒྱུའི་རེ་བ་ཞིག་མངོན་ཚེ་ངས་ཀྱང་རང་ནུས་ལ་གཞིགས་ཏེ་དེའི་ཐོག་འཆར་གཞི་དང་། བསམ་ཚུལ། མཉམ་བཞུགས་སོགས་ཐ་གཅིག་ཏུ་བྱེད་འདོད་ཡོད།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    ད་ནི་མི་རིགས་སྐྱིད་སྡུག་གི་མནའ་འབྲེལ་ཚོགས་པ་ཞིག་འཛུགས་རྒྱུ་དུས་ཀྱི་དགོས་མཁོར་མཐོང། བོད་དང་སོག་པོ། ཡུ་གུར། རྒྱ་ནག་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ཐུན་མོང་གི་ཁེ་ཕན་ཆེད་དུ་སྟོབས་ཤུགས་ཆིག་སྒྲིལ་གྱིས་འཆར་གཞི་ཇུས་འགོད་ཀྱིས་ཞི་བའི་ངོ་རྒོལ་གྱི་རླབས་ཕྲེང་མི་འཇགས་པར་བརྩོན་དགོས། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་ལགས་ང་ཚོའི་ཆིག་སྒྲིལ་གྱི་གཞི་རྒྱ་ཆེར་བསྐྱེད་ཀྱིས་ཀྲུང་གོའི་བཙན་དབང་འོག་གི་མི་རིགས་ཚང་མར་ཆིག་སྒྲིལ་གྱི་དར་བོ་ཆེ་འཕྱར་རོགས། ད་ནི་དུས་ལ་བབས་འདུག

    Reply
  12. དོན་འགྲུབ། says:
    ལོ་ 11 སྔོན།

    དངོས་གནས་རྒྱ་དམར་སྲིད་གཞུང་གིས་བོད་དང་སོག་པོ་སོགས་ལ་འཛིན་པའི་་སྲིད་ཇུས་ལ་འགྱུར་བ་གཏོང་བའི་དུས་ལ་བབས་འདུག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist