མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཕུང་ཞུགས་འབུལ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྟའུ་བཙུན་དགོན་བྲག་དཀར་དགའ་ལྡན་ཆོས་གླིང་གཙོས་ཉེ་འཁོར་གྱི་གྲྭ་བཙུན་དང་མི་མང་ཉིས་སྟོང་བརྒལ་བ་འདུ་འཛོམས་ཐོག་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཁམས་རྟའུ་བཙུན་དགོན་བྲག་དཀར་དགའ་ལྡན་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་ཁམས་རྟའུ་རྫོང་གི་པཱེན་ཧོ་གཞུང་ལམ་སྟེང་། “བོད་ལ་རང་དབང་དགོས། ༸གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག  ༸གོང་ས་མཆོག་བོད་ལ་གདན་ཞུ་དགོས” ཞེས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ དང་ཕྱེད་ཀ་ཡས་མས་སུ་བྲག་དཀར་དགའ་ལྡན་ཆོས་གླིང་དགོན་གཙོས་པའི་ཉེ་འཁོར་གྱི་གྲྭ་བཙུན་དང་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས། ཉེ་ཆར་རང་ལུས་མེར་བསྲེག་གིས་འདས་གྲོངས་སུ་ཕྱིན་པའི་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་བྱེད་སའི་ས་གནས་རང་དུ་སྐུ་ཕུང་ལ་ཁ་བཏགས་སྒྲོན་པ་དང་མཆོད་འབུལ་སྨོན་ལམ་སོགས་བྱས་ཏེ་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པ་ཆབ་སྲིད་བཙོན་ཟུར་བློ་བཟང་སྦྱིན་པ་ལགས་ཀྱིས་བརྗོད་པ་ལྟར་ན། ཉེ་ཆར་ཨ་ནེ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་ཏེ་འདས་གྲོངས་སུ་གྱུར་རྗེས། རྒྱ་ནག་གཞུང་ཕྱོགས་ནས་སྐུ་ཕུང་རྩིས་སྤྲོད་བྱ་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་སེར་སྐྱ་མི་མང་གིས་རྩིས་སྤྲོད་བྱས་མེད་སྟབས། སྐུ་ཕུང་ཞུགས་འབུལ་གྱི་ཉིན་དེར་རྒྱ་ནག་གཞུང་ཕྱོགས་ནས་མི་མང་པོ་འདུ་འཛོམས་མི་ཡོང་ཆེད་ཞོགས་པ་སྔ་བོ་ནས་ཞུགས་འབུལ་བྱ་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། དགོན་པ་དང་ས་གནས་མི་མང་གིས་ཁོ་མོའི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་དྲན་རྟེན་ཞིག་བཞེངས་འཆར་བྱས་ཡོད་ཀྱང་འབྲེལ་ཡོད་ཚན་པས་བཀག་འགོག་བྱས་ཡོད་འདུག

གནས་ཚུལ་འདི་བརྒྱུད་ཡུལ་དེའི་ས་གནས་བོད་མི་རྣམས་ཀྱིས།  “ ཕྱི་སྡོད་བོད་མི་ཚོས་བོད་ནང་གི་གནས་སྟངས་རྒྱལ་སྤྱིར་ཁྱབ་བསྒྲགས་བྱས་པར་ཐུགས་རྗེ་ཆེ་ཞེས་དང་། མ་འོངས་པར་ཡང་ཕྱི་སྡོད་བོད་མི་ཚོས་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ལ་འབོད་སྐུལ་གྱིས་བོད་ནང་གི་དཀའ་ངལ་སེལ་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། ཁོང་ཚོའི་ངོས་ནས་༸གོང་ས་མཆོག་བོད་ནང་ཕེབས་ཐུབ་པའི་བར་དུ་རང་ལུས་མེར་བསྲེག་ལས་ལྷག་པའི་ལས་འགུལ་རིམ་པར་སྤེལ་འཆར་ཡོད།” ཅེས་ཕྱི་སྡོད་བོད་མི་ཚོར་སྐད་བསྐུར་ཡོད་འདུག

ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་རྗེས།  ཁོང་མོའི་དབུ་ཞྭའི་སྟེང་༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱི་སྐུ་པར་ཞིག་ཀྱང་ཉར་ཡོད་པ་མཐོང་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྟའུ་ཉ་མཚོ་དགོན་གཙོས་ས་གནས་ཡོངས་ལ་དམག་མི་འགྲེམས་འཇོག་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག

 (པར་མཁོ་གཏོང་པ་ཀུན་བཟང་བསྟན་འཛིན།)

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 8

  1. གངས་མྱུག says:
    ལོ་ 14 སྔོན།

    རྒྱལ་ཁབ་དང་མི་རིགས་བསྟན་དོན་གྱི་ཆེད་དུ་གཅེས་པའི་རང་སྲོག་ཀྱང་མེ་ལ་སྒྲོན་ནུས་པའི་སེམས་མ་མཆོག་ལ་སྙིང་ཐག་པ་ནས་མྱ་ངན་དང་གུས་འདུད་ཞུས།

    Reply
  2. སྤང་མདའ་སྟོབས་རྒྱས། says:
    ལོ་ 14 སྔོན།

    གངས་ཅན་ཞིང་དུ་ལྟེ་ཁྲག་འཐོར་ཏེ་ཨ་མའི་མངའ་ནས་ཐེམ་པ་རྒལ། །
    ལས་དབང་བཟང་པོས་སྐལ་ལྡན་དམ་པའི་ཆོས་སྒོར་བཞུགས། །
    དམ་ཆོས་སྙིང་པོ་རང་སེམས་ཆོས་ཀྱི་ཕྱོགས་སུ་བསྒྱུར། །
    གཞན་ཕན་རྒྱལ་སྲས་མཛད་སྤྱོད་འདི་ལ་ངོ་འཚར་ཆེ། །

    Reply
  3. ཟུངས་ཁྲག says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་མོའི་སྐུ་ཞུགས་འབུལ་སྐབས་ཆོལ་གསུམ་བོད་མི་ཚང་མ་ཡོད་ན་ཅི་མ་རུང་།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ལུས་སྲོག་གཞན་དོན་ཆེད་དུ་བསྔོས་པ་ཡི། བདེན་པའི་མཐུ་ཡིས་བདེ་འགྲོར་སྐྱེ་བར་སྨོན། ཚེ་རབས་ཀུན་ཏུ་ཚེ་དཔག་མེད་པ་ཡིས། ཚེ་ཡི་བར་ཆད་ཐམས་ཅད་སེལ་བར་སྨོན།

    Reply
  5. ནད་པ says:
    ལོ་ 14 སྔོན།

    སྐུ་ཕུང་ཞུགས་འབུལ་ཞེས་གསར་འགོད་པས་ནོར་བ་འདྲ། སྐུ་ཕུང་ཞུགས་འབུལ་ཟེར་ན་སྐུ་བཞུགས་འབུལ་བའི་དོན་ཡིན། ཞེ་སའི་མིང་ཚིག་སྐབས་སུ་སྐུ་ཕུང་ཞུན་འབུལ་ཞེས་མེ་རུ་བསྒྲོན་སྤོར་བའི་ཚིག་ལ་ཞུན་འབུལ་ཞེས་བརྗོད་ཀྱིན་ཡོད་པ་འདྲ།

    རྒྱལ་གཅེས་དཔའ་མོ་མཆོག་ལ་མྱ་ངན་དང་གུས་འདུད་གྲངས་ཞུ།

    Reply
  6. དོན་འགྲུབ། says:
    ལོ་ 14 སྔོན།

    རང་སྲོག་ལ་རྒྱའི་ཆེད་དུ་གཏོང་ཐུབ་པའི་དཔལ་བོ་དཔལ་མོ་རྣམས་ལ་སྙིང་ཐག་པ་ནས་ཡིད་རང་ཞུ

    Reply
  7. ཟིལ་ཁྲོམ། says:
    ལོ་ 14 སྔོན།

    ང་ཚོས་བོད་རང་དབང་རང་བཙན་གྱི་ཆེད་དུ། <<ང་ཚོ་བོད་པའི་དཀའ་ངལ་སེལ་བ་ལ་ཁྱེད་ཚོས་རྒྱབ་སྐྱོར་གནང་རོགས། ང་ཚོས་ཁྱེད་ཀྱི་འཁོར་ཡུག་ལ་བཙང་སྦྲ་བྱེད་ཡོངས།>>ལྟ་བུའི་སྐད་ངག་གཅིག་དང་འབོད་སྦྲ་གཅིག་གིས་འཁོར་ཡུག་གཙང་སྦྲའི་ལས་འགུལ་ཞིག་བོད་རིགས་དང་བོད་དོན་རྒྱབ་བསྐྱོར་བ་ཚང་མས། འཛམ་གླིང་ཡུལ་གྲུ་གང་ས་ནས་ཉིན་གཅིག་དུས་གཅིག་ལ་སྤེལ་ཐུབ་ན། འཛམ་གླིང་ཡུལ་མི་རྣམས་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་སྤྲོད་ཐུབ་ཀྱི་རེད་སྙམ། དེང་སང་འཛམ་གླིང་ཡུལ་གྲུ་མང་པོ་ནས་ལས་འགུལ་དང་ངོ་རྒོལ་རིགས་སྤེལ་དུས་འཁོར་ཡུག་དང་དཔལ་འབྱོར་ལ་གཏོར་སྐྱོན་གྱོང་གུད་ཚབ་ཆེན་བཏང་བཞིན་ཡོད་པ་མ་ཚད། ཡུལ་མིའི་སེམས་ཁམས་ལ་འཇིགས་སྐྲག་དང་ཕོག་ཐུག་ཚབ་ཆེན་བཏང་བཞིན་ཡོད་པས། འཁོར་ཡུག་བཙང་སྦྲ་ནི་དེ་ལས་བཟློག་ཏེ་ཡུལ་མི་རྣམས་ཀྱི་ལུས་སེམས་ཀྱི་འཕྲོད་བརྟེན་ཡིན་པར་མ་ཟད། དཔལ་འབྱོར་ལ་གྱོང་གུད་མེད་པ། ཡུལ་མི་རྣམས་ལ་འཇིགས་སྐྲག་དང་ཕོག་ཐུག་མི་འགྲོ་བ། ཡུལ་མི་སོ་སོར་ལ་འཁོར་ཡུག་བཙང་སྦྲ་བྱེད་རྒྱུའི་ཡར་བསྐུལ་བྱེད་ཐུབ་པ། བོད་རིགས་དང་ཡུལ་མི་རྣམས་ཀྱི་མཐུན་འབྲེལ་གོང་འཕེལ་ཡོངས་བ་ལ་ཕན་པ། ལས་འགུལ་ནང་ཞུགས་མཁན་ཡུལ་མི་མང་དུ་འགྲོ་སྲིད་པ། འཁོར་ཡུག་བཙང་སྦྲ་ནི་ནང་ཆོས་དང་ཡོངས་སུ་མཐུན་པ། མི་རིགས་སུས་མཐོང་ཐོས་སུ་གྱུར་ན་སེམས་ལ་མི་བདེ་བ་མེད་པ། བོད་དོན་རྒྱབ་བསྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པ། བོད་རིགས་ཀྱི་བསམ་སྤྱོད་བཟང་པོས་རླབས་ཆེན་གྱི་བྱས་རྒྱས་འཇོག་ཐུབ་སོགས་དགེ་མཚན་མང་པོ་ལྡན། མི་རིགས་དང་ཆོས་ལུགས་གི་དབྱེ་བ་མེད་པར་ཚང་མས་འཁོར་ཡུག་གཙང་སྦྲ་ནི་རྩ་ཆེན་ཞིག་ལ་བརྩི་བཞིན་ཡོད་པས་ང་ཚོ་ལ་རྒྱབ་བསྐྱོར་བྱེད་མཁན་ཡང་མང་ནས་མང་དུ་འགྲོ་བ་ཐེ་ཚོམ་མེད་པ་རེད། གཅིག་བྱས་ན་འཛམ་གླིང་གི་ལས་འགུལ་དང་ངོ་རྒོལ་རིགས་སྤེལ་མཁན་རྣམས་ཀྱིས་འཁོར་ཡུག་དང་དཔལ་འབྱོར་ལ་གཏོར་སྐྱོན་དང་གྱོང་གུད་མི་ཕོག་པ། ཡུལ་མིའི་སེམས་ཁམས་ལ་འཇིགས་སྐྲག་དང་ཕོག་ཐུག་མི་འགྲོ་བའི་ལས་འགུལ་རིགས་སྤེལ་རྒྱུའི་ཀུན་སློང་བཟང་པོ་སྐྱེ་བ་དང་ང་ཚོའི་ལས་འགུལ་དེ་སྔོན་འགྲོ་རུ་འགྱུར་སྲིད་པ་ཞིག་ཀྱང་རེད།

    Reply
  8. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    རྒྱལ་ཞེན་དང་སྙིང་སྟོབས་ཀྱི་བདག་མོ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་བྱས་རྗེས་ལ་བསྔགས་བརྗོད་དང་། ནང་མི་ལྷན་རྒྱས་དང་ཤུལ་ལུས་མི་མང་ལ་ལྷག་བསམ་དག་པའི་མྱ་ངན་དང་གུས་འདུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese