མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མི་སྡུག་ཐུག་ན་སེམས་གསོ་མཁོ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

གཉའ་འབྲོང་ཐུ་བུ།

ཉེ་ལམ་ཨ་མདོ་རྔ་བ་དང་། ཁམས་རྟའུ་རུ་བོད་མི་རིགས་ཀྱི་ཆེད་ཚེ་སྲོག་བུད་ཤིང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་དུ་༸གོང་ས་མཆོག་གི་གཙོས་གྲྭ་བཙུན་རྣམས་གྱིས་བསྔོ་བ་སྨོན་ལམ་གསུངས་ཤིང་། དེ་བཞིན་ཕྱི་སྡོད་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་། མར་མེ་ཁྲོམ་སྐོར། ལྡི་ལིའི་ས་གནས་གཞོན་ནུའི་རྒྱུན་ལས་ཟུར་བ་དཔའ་བོ་ཤེས་རབ་ལགས་ཀྱིས་རང་ལུས་མེ་ལ་བསྒྲོན་ཏེ་ངོ་སྒོལ་བྱས་པ་དག་ནི་དགའ་འོས་པ་ཞིག་དང་ལྷག་པར་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་རྟའུ་རུ་མི་མང་ཆིག་ཁྲི་ལྷག་འདུ་འཛོམས་ཀྱིས་མྱ་ངན་ཞུས་ཡོད་པ་དག་ནི་ཁོང་ཚོའི་ནང་མིའི་སེམས་ནང་གི་དྲོད་ཐིག་ལྟ་བུ་ཞིག་ཡིན་རྒྱུ་རེད་མོད། བདག་གི་སེམས་ན་འགྱོད་པ་ཞིག་ཡོད་པ་ནི་ད་ཐེངས་སྐད་གྲགས་ཅན་གྱི་ནུབ་བྱང་ཚང་གི་གཙོས་བོད་ནང་གི་སྙུག་ཐོག་པ་ཚོར་གྲགས་འགུལ་ཅི་ཡང་མེད་པ་དེ་རེད།

 

ངོ་མ་བཤད་ན་སྐྱེ་རྒུའི་ས་ཡོམ་སྐབས་བོད་ས་སྟོད་སྨད་བར་གསུམ་ཀུན་ནས་གདུང་སེམས་མཉམ་སྐྱེད་ཀྱིས་སེམས་གསོ་བྱས་པ་དང་། གྱོན་གོས་དང་། བཟའ་ཆས་བསྐྱལ་བ་སོགས་ཚང་མར་ཡིད་འགུལ་ཐེབས་པ་ཞིག་བྱས་སོང་ལ་ཤེས་ཡོན་པའི་སྡེ་ནའང་གྲགས་འགུལ་ཆེན་པོ་ཡོད། དེ་ཡང་ང་ཚོ་རྡོག་རྩ་ཆིག་སྒྲིལ་དང་སྤུན་ཟླ་ཡིན་པའི་རྟགས་མཚན་ཡིན་རྒྱུ་རེད། སུ་ལ་རོགས་སྐྱོར་བྱེད་ཐུབ་ན་རྗེས་སུ་ཡི་རངས་ལོས་ཡོད་ཀྱང་། བདག་གིས་བསམ་ན་དེ་ལས་ཀྱང་གལ་ཆེ་བའི་གཟི་བརྗིད་དང་འོད་སྟོང་འཕྲོ་བ་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་རང་ལུས་བུད་ཤིང་བྱས་ནའང་འུ་ཅག་གི་སེམས་ན་ནམ་ཡང་གསོན་པོར་གནས་པའི་སྤུན་ཟླ་དེ་དག་རེད། དེས་སྟབས་བདག་གི་སེམས་ལ་དེ་དག་གི་ནང་མི་ལ་ཐུགས་གསོ་དང་ཆོས་བཅའ་བྱེད་ཅིག་སུ་ཞིག་གིས་ཕུལ་ཡོད་ན་བསམ་གི ཁྱེད་ཀྱིས་ཁོང་ཚོར་རང་དབང་ཡོད་པ་མ་རེད། ཅི་ཞིག་བྱེད་དགོས་སམ་ཟེར་རྒྱུ་ཡིན་པ་ངས་ཤེས་མོད། མི་ཤི་ན་ནང་མིའི་རིག་སར་འགྲོ་བ་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་མི་སྒེར་གྱི་གནད་དོན་ཞིག་ཡིན་ལ་ཤི་བོའི་དུར་མཆོད་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མས་གལ་ཆེན་དུ་བརྩི་ཞིང་དེ་བཞིན་རྒྱ་ནག་གིས་ཀྱང་གལ་ཆེན་དུ་བརྩི་བས་མངོན་སུམ་འཛེམས་མེད་ཀྱི་ཤི་བོའི་ནང་མིས་སར་འགྲོ་བ་བཀག་འགོག་ཤུགས་ཆེན་བྱེད་རྒྱུ་མ་རེད་བསམ། གལ་སྲིད་འགོག་པའི་དབང་དུ་བཏང་ནའང་ཤི་བོའི་ནང་མིའི་རིག་སར་སོང་བས་རྒྱ་གཞུང་གིས་བཀག་སོང་ཟེར་བ་ཞིག་གོ་མ་སོང་བས་བདག་ལ་བློ་འགྱོད་སྐྱེ་དགོས་པའང་དེ་ཡིན།

 

ཤེས་ཡོན་པའི་སྡེ་ནས་གནའ་ནས་ད་བར་མི་རིགས་ཀྱི་ཆགས་འཇིག་དང་། རིག་གནས་ཀྱི་ཉམས་རྒུད། སྤྱི་ཚོགས་ཀྱི་བདེ་སྡུག་ཁ་ན་ན་བར་དུ་གླེང་ཡོད། ཁོང་ཚོ་ནི་ཁྱེད་ཚོས་གླེང་བཞིན་པ་དེའི་དོན་དུ་མེ་རུ་འབར་སོང་བ་རེད། ད་ཁྱེད་ཚོས་ཅི་ཞིག་བྱ་འཆར་ཡོད། དྲི་བ་འདི་ལ་ལན་ཨེ་ཡོད། ངས་ནམ་ཡང་ཤེས་ཡོན་པ་ཡིན་ཟེར་མཁན་ཕལ་ཆེ་བ་ཁ་གསོན་པོ་དང་། ལག་ཤི་རོ་རེད་འདོད་ཡོད་ལ་ད་ཐེངས་བལྟས་ན་བདག་གི་ལྟ་ཚུལ་དེ་ཕལ་ཆེར་ནོར་མེད་པའི་བཟོ་ལྟ་ཞིག་འདུག ངས་འདི་ནས་བཤད་འདོད་པ་ནི་བོད་ནང་གི་སྒར་གྲོང་གཉིས་ཀྱི་ཤེས་ཡོན་པའི་སྡེ་དང་། སྤྱི་ཚོགས་མི་སྒེར་སུ་འདྲ་ཞིག་ཡིན་ཀྱང་ཆབ་སྲིད་དང་འབྲེལ་བ་མེད་པའི་ཐོག་ནས་ཤི་སྡུག་མགོ་ལ་འོངས་པའི་རྔ་བ་ཁུལ་དང་། རྟའུ་ཁུལ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ནང་མི་རྣམས་ཀྱི་རིག་སར་འགྲོ་རྒྱུ་དང་། སེམས་གསོ་བྱེད་རྒྱུ་གལ་ཆེན་རེད། འགྲོ་རུ་མི་འཇུག་ནའང་ང་ཚོ་འགྲོ་འདོད་ཀྱང་རྒྱ་ནག་གིས་བཀག་སོང་ཟེར་བ་ཞིག་ཡོད་ན་ད་གཟོད་ཁྱེད་ཅག་གི་ལས་འགན་འགྲུབ་པ་རེད་ལ་དེ་བཞིན་ཕྱི་རྒྱལ་ན་ཡོད་པའི་ནོར་གྱི་རྐྱལ་བ་ཅན་ཚོས་ཀྱང་བསམ་བློ་རེ་གཏོང་དགོས་པ་མ་རེད་དམ་ཅེས་གུས་པས་སེམས་ཚོར་ཆེན་པོས་བརྡ་ཞིག་བརྒྱབ་པ་ཡིན་ལ་དེ་ཡང་སྐྱེ་རྒུའི་ས་ཡོམ་ལ་རོགས་སྐྱོར་བྱས་པ་ལྟར་ཆོས་ལུགས་དང་ཆོལ་ཁ་དབྱེ་བ་མེད་པར་ཚང་མས་སེམས་ཚོར་ཆེན་པོས་གདུང་སེམས་མཉམ་སྐྱེད་དང་ངུ་རོགས་བྱེད་རྒྱུ་གལ་ཆེན་དུ་མཐོང་།

 

མཆན། 5

  1. གཉའ་འབྲོང་ཐུ་བུ། says:
    ལོ་ 11 སྔོན།

    བོད་ཀྱི་རྩོམ་པ་བོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་བདག་གི་སྐད་ཆ་འདིའི་དངོས་ཤུགས་ཡོངས་རྫོགས་ཀྱི་གོ་བ་ལོན་འདུག་པ་དང་། དེ་དང་མཐུན་པའི་དགོངས་ཚུལ་རིན་ཐང་ལྡན་པ་གསུངས་པར་ཐུགས་རྗེ་ཆེ།

    གཞན་རྣམས་ཀྱིས་ཡིག་ནོར་ཕུང་གསོག་དང་། སྨྲ་བརྗོད་རང་དབང་བཀག་འགོག མི་སྒེར་ལ་ཇུས་གཏོགས་ཙམ་ལས་ཅི་ཡང་མཐོང་མ་སོང་།
    སྐབས་འདིར་བདག་ལ་དྲན་རྒྱུ་ཞིག་ཡོད་པ་ནི། མཚོ་སྔོན་རླུང་འཕྲིན་ཁང་གི་རྒྱང་སྒྲོག་པ་རྣམས་ཀྱིས་གསར་འགྱུར་གྱི་སྔོན་བརྡ་བཏང་བ་དང་། ཞོལ་ནས་ནང་དོན་ལ་ཞིབ་ཏུ་ལྟ་རོགས་གནོངས་ཞེས་པ་དེ་རེད། གང་ལྟར་རང་མདོག་བསྟན་པར་ཐུགས་རྗེ་ཆེ།

    Reply
  2. གྲགས་བསོད་ says:
    ལོ་ 11 སྔོན།

    གཉའ་འབྲོང་གི་དབང་པོ་ལྔའི་སྒོ་བདམས་་ནས་སྐད་ཆ་བཤད་ཀྱིད་འདུག་སྟེ་དཔལ་བོ་དེ་དག་གི་ཕུང་པོ་ཡང་ག་ཁྱེར་འདི་བཞག་གི་རང་དབང་ནང་མི་ལ་ཡང་མེད་པ་ཤེས་མི་འདུག།

    Reply
  3. oscargyatso says:
    ལོ་ 11 སྔོན།

    ད་བོད་ནང་གི་ཤེས་ཡོན་པ་དང་བོད་མི་དག་ལ་སྐད་ཆ་འདི་འདྲ་བཤད་རྒྱུ་མཚམས་བཞག་ན་ཡག་གི་རེད།
    དང་པོ་རང་ཉིད་ཀྱི་ག་འདྲ་བྱེད་ཡོད་པ་དང་མའོང་པ་གང་བྱེད་ཐུབ་པ་སོགས་དངོས་འཛིན་གནང་དགོས་པ་དེ་གལ་ཆེ།
    ལས་གང་ཡང་མ་བྱེད་པར་རྩོམ་ཡིག་འདི་ཙམ་ཞིག་བྲིས་ནས་ཁ་ནས་རྒྱག་གཏམ་བཤད་ནས་བསྡད་ན་ཅི་ཕེན། ཨོ་མ་ཎི་པདྨེ་ཧཱུཾ།

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 11 སྔོན།

    གནས་ཚུལ་འདི་འདྲ་ཞིག་ལའང་དབྱེ་བ་མ་ཤེས་རྩོམ་ཡིག་འདི་སྤེལ་བའང་རང་མདོག་རང་གིས་བསྟན་པའམ་ཡང་རྒྱུན་གཏན་གྱིས་དོ་སྣང་ཁྱོན་ནས་བྱེད་ཀྱིན་མེད་པའི་རྟགས་མཚན་ཞིག་རེད། སྐྱེ་རྒུ་མདོའི་ས་ཡོམ་རང་བྱུང་ཁོར་ཡུག་གི་བཀོད་ཆག་རེད། དེ་ལ་མི་སུས་ཀྱང་བརྒྱུད་སྐུལ་བྱས་བ་རེད་ཅེས་ངན་ཁེགས་འགེལ་ས་ཡོད་པ་མ་རེད། ཡིན་ནའང་རྒྱ་གཞུང་གིས་ཅི་ཙམ་བཀག་འགོག་བྱས་སོང་། དེ་ང་ཚོ་ཚང་མས་མཐོང་ཟིན་པ་རེད། རང་ལུས་མེ་རུ་བསྲེགས་པའི་དཔའ་བོ་དཔའ་མོ་དག་ཐད་ཀར་ཆབ་སྲིད་དང་འབྲེལ་བ་ཡོད་སྟབས། ད་ལྟའི་བར་རང་དབང་གི་སྒོ་ནས་གསར་འགོད་པ་གཅིག་ཀྱང་ས་ཁུལ་དེ་གཉིས་ལ་མ་བཏང་བ་རེད། ལྷག་པར་དུ་རྔ་བ་ཁུལ་ནས་རླབས་ཆེན་གྱི་དཔའ་བོ་དཔའ་མོ་རྣམས་ལ་གཤིན་ཆོས་འདོན་པར་ཡང་གྲ་བཙུན་ལྔ་ལས་ལྷག་གཏོང་མི་ཆོག་པའི་བཙན་བཀའ་བཏངས་བ་དང་། ཡང་བསྐྱང་གནས་ཚུལ་འདི་འདྲ་བྱུང་ན་དགོན་པའི་གྲ་བཙུན་གཅིག་ཀྱང་གཏོང་རྒྱུ་མིན་པའི་གནས་ཚུལ་འདས་བའི་ཟླ་ཤས་རིང་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བཞིན་འདུག་པས། རང་ཉིད་སྐྲག་མི་དགོས་ས་རུ་བསྡད་ནས་དཔའ་གཏམ་མ་བཤད་རོགས། དེ་ན་དང་ཐོག་སོ་སོའི་ནང་མི་སྤུན་ཆེད་དང་གྲོགས་པོ་ཚོར་ཁ་པར་བཏངས་ནས་ས་ཁུལ་དེར་བསྐྱོད་ཅིག་དང་། བཙན་བྱོལ་ན་འགན་འཁུར་མེད་པའི་གཏམ་བཤད་མཁན་ཇེ་མང་རེད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    ཁྱེད་ཀྱི་ངུ་སྐད་གོ་སོང། ཧ་ཅང་སྙིང་ཉེ་བའི་ངུ་སྐད་དེ། གང་མང་མང་གིས་གོ་ངེས། ངུ་རོགས་ཀྱང་ལོས་བྱེད། འོན་ཀྱང་བོད་ནང་གི་ཤེས་ཡོན་ཅན་དང་མང་ཚོགས་ཀྱིས་མངོན་སུམ་དོད་པོས་གདུང་སེམས་མཉམ་སྐྱེད་གནང་ཐུབ་ཀྱིན་མེད་པའི་རྒྱུ་མཚན་གཙོ་བོ་དག་ནི།
    ༡༽ མེ་ལྕེ་འདི་དག་མི་རིགས་འཐབ་རྩོད་ཀྱི་ཆབ་སྲིད་དང་ཐད་ཀར་འབྲེལ་ཡོད་པས་བྱེད་སྟངས་ཁག་པོ་ཆགས་ཡོད།
    ༢༽དམག་གིས་བསྐོར་ནས་དམ་བསྒྲགས་བྱས་ཡོད་པས་ས་ཁུལ་དེའི་ནང་ལ་འགྲོ་ཐབས་ཀྱང་མེད།
    ༣༽ གནས་ཚུལ་འདི་རིགས་བཀག་སྡོམ་བྱས་དྲགས་པས་ས་ཁུལ་སོ་སོ་ནས་དུས་ལྟར་གོ་ཐུབ་ཀྱིན་མེད།
    འོན་ཀྱང་ཤེས་ཡོན་ཅན་ཚོས་སྙུག་རྩེ་ན་ཁྲག་དང་མཆི་མའི་ཟིན་ཐོ་འགོད་ཀྱིན་པ་བདག་ལ་ཡིད་ཆེས་ཡོད། ཤར་དུང་རི་ཡང་སླར་ཡང་༢༠༠༨་ལོ་ལྟར་ཚེས་ཐུབ་པའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist