མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་ཡུལ་ལ་བྱུས་གཏོགས་བྱེད་མི་དགོས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སོག་ཡུལ་རྒྱལ་སར་མང་ཚོགས་ ༡༠༠༠༠ བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་གཙོ་རྣམ་གསུམ་བཀའ་ཁྲིད་གནང་བཞིན་ཡོད་འདུག

སོག་ཡུལ་དགའ་ལྡན་དགོན་པས་གདན་ཞུ་གནང་བ་ལྟར། ཉིན་འདི་འགར་༧གོང་ས་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་སོག་ཡུལ་དགའ་ལྡན་དགོན་པའི་འཛིན་སྐྱོང་འོག་ཡོད་པའི་ནང་པའི་མཐོ་སློབ་ཅིག་ཏུ་སློབ་གྲྭ་དེའི་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་འདུག་ལ། ཉིན་རྒྱབ་རྒྱལ་ས་ཨཱ་ལན་བྷ་ཐིའི་(Ulan Bator) རྩེད་ཐང་ཆེན་མོར། ས་གནས་སོག་རིགས་མང་ཚོགས་དང་། ཁྱིམ་མཚེས་ཐུའོ་བཱ་དང་བྷི་རི་ཡ་ཐི། ཁལ་མིག་བཅས་ནས་བཅར་བའི་ནང་པའི་དད་ལྡན་པ་ཆིག་ཁྲི་(༡༠༠༠༠)ལྷག་ལ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼རྟེན་འབྲེལ་བསྟོད་པ༽དང་༼ལམ་གཙོ་རྣམ་གསུམ༽གཉིས་བཀའ་ཁྲིད་གནང་མགོ་བཙུགས་ཡོད་ཅིང་། སང་ཉིན་ཕྱི་ཚེས་ ༡༠ ཉིན་མང་ཚོགས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་ཡིན་འདུག

ཐེངས་འདིར་སོག་པོ་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཕུལ་ཡོད་པ་དེར། རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ་མ་ཟད། ༸གོང་ས་ཆོག་གི་ཆིབས་བསྒྱུར་འདིའི་ཐོག་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་ཐོག་ཤུགས་རྐྱེན་ཐེབས་སྲིད་པའི་ཉེན་བརྡ་སོགས་བཏང་ཡོད་ཀྱང་། དེའི་ཐད་སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་ཆོས་ཀྱི་རྒྱ་མཚོ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། “ སོག་ཡུལ་ནི་ང་ཚོའི་ས་ཆ་ཆགས་ཡོད་སྟབས། ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཕེབས་པ་དེར་མི་གཞན་གྱིས་བྱུས་གཏོགས་གང་ཡང་བྱེད་དགོས་དོན་མེད ” ཅེས་བརྗོད་ཡོད་འདུག 

 སོག་པོའི་རྒྱལ་ས་ཨཱ་ལན་བྷ་ཐིའི་རུ་ཡོད་པའི་སོག་པོ་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ལས་དོན་ཉམས་ཞིབ་པ་གྷན་ནཱ་ལགས་ཀྱིས་གསར་ལམ་ཁག་ཏུ། ༸གོང་ས་མཆོག་སོག་པོའི་ནང་ཕེབས་པར་སོག་པོ་མི་མང་གི་ངོས་ནས་དགའ་བསུ་ཡོད་པའི་སྐོར་བརྗོད་དོན། “ངའི་བསམ་ཚུལ་ལྟར་ན། ཏཱ་ལའི་བླ་མ་མཆོག་སོག་ཡུལ་དུ་ཕེབས་པར་ང་ཚོ་སོག་པོ་བ་ཚང་མས་དགའ་བསུ་ཡོད་པ་རེད། སོག་པོ་མི་མང་ཁྲོད་ནང་ཆོས་ལ་དད་མཁན་ཕོན་ཆེན་པོ་ཡོད་པ་རེད། མ་འོངས་པར་ཡང་ཏཱ་ལའི་བླ་མ་མཆོག་སོག་པོ་རྒྱལ་ཁབ་ནང་ཡང་བསྐྱར་ཆིབས་བསྒྱུར་བསྐྱངས་ཏེ་གསུང་ཆོས་གནང་རྒྱུར་དགའ་བསུ་ཡོད། ” ཅེས་བརྗོད་ཡོད་པ་རེད།  

ད་ཆར་རྒྱ་ནག་ནི་སོག་ཡུལ་གྱི་ཚོང་གྲོགས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གི་སྲིད་བློན་ཝུན་ཇ་པའོ་སོག་པོ་རྒྱལ་ཁབ་ནང་ཡོང་སྟེ་རྒྱལ་ཁབ་གཉིས་བར་ཚོང་ལས་མཉམ་འབྲེལ་གྲོས་ཆོད་བཞག་ཡོད་འདུག  

གསར་འགོད་པ། དཔལ་ལྡན།
 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 4

  1. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 14 སྔོན།

    སོག་པོ་མི་རིགས་འདི་༧གོང་ས་༧སྐྱབས་མགོན་ཆེན་པོས་ཐུགས་ཀྱིས་རྗེས་སུ་བཟུང་ཡང་། ༢༠༠༨ལོར་སོག་པོ་མི་རིགས་ཀྱིས་བོད་ལ་རྒྱབ་སྐྱོར་གྱི་གནམ་འགྱུར་དེ་འདྲ་མ་བསྟན་པར་བློ་ཕམས་བྱུང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་སློབ་སྦྱོང་གི་གོ་སྐབས་འཚོལ་བཞིན་པའི་གཞོན་སྐྱེས་དགེ་འདུན་པ་དང་། སློབ་མ་ཡང་གང་མང་ཞིག་ཡོད་པ་དེ་ཚོས་བོད་དོན་ཆེད་ལག་པ་ཞིག་ཡར་བཀྱག་མ་སོང་དེ་ཐབས་སྐྱོ་བོ་རེད། ཁེ་བཟང་རག་ན་འཚང་ཁ་ཤུགས་ཤུགས། ཁེ་བཟང་མེད་དུས་གོ་མེད་ཚོར་མེད། སོག་པོ་མགོ་ལེབ་འདི་ཚོ་མི་རྒྱུད་དག་ཡོད་པ་ཞིག་མཐོང་མ་བྱུང་། གོ་སྐབས་འདི་བརྒྱུད་ནས་སོག་པོ་མི་རིགས་ལ་ཞུ་རྒྱུ་ཞིག་ལ། རང་ཉིད་ཀྱི་སེམས་ནང་བོད་པའི་ཆོས་དང་རིག་གཞུང་གི་རྨང་གཞི་ཡག་པོ་ཞིག་འཇོག་དགོས་ན། བོད་པའི་རྩ་དོན་ལ་འགན་འཁྲི་ཡོད་པ་ཤེས་དགོས།

    Reply
  2. ནད་པ says:
    ལོ་ 14 སྔོན།

    སོག་པོའི་མཁན་པོས་ལན་ཚ་ཐག་ཆོད་བརྒྱབ་པ་དེར་དངོས་འབྲེལ་དགའ་པོ་བྱུང་། དེ་ག་རང་རེད། སོག་པོའི་ནང་སྲིད་ལ་རྒྱ་ནག་གིས་ཐེ་ཇུས་བྱེད་རྒྱུ་དེ་རྦད་དེ་ནོར་བ་རེད།

    སོག་རིགས་དད་ལྡན་མི་དམངས་ཚོ་དངོས་འབྲེལ་བསྐལ་བ་བཟང་པོ་རེད། གང་ཡིན་ཟེར་ན་སངས་རྒྱས་སྐུ་མི་ཡུལ་བྱོན་པའི་དུས་སྐབས་དེར་གཟབ་རྒྱས་གསུང་གི་བདུད་རྩིར་ལོངས་སྤྱད་ཐུབ་པ་མ་ཟད་སངས་རྒྱས་ཀྱི་ཞལ་མཇལ་བསྐལ་བ་ཧ་ཆང་བཟང་།

    མ་འོངས་པར་པར་མུ་མཐུད་སོག་པོས་གོ་སྐབས་དེ་འདྲར་དམ་འཛིན་ངེས་པར་གནང་ཐུབ་པ་གལ་ཆེ་རེད།

    སོག་བོད་མི་རིགས་ཀྱི་མཐུན་བསྒྲིལ་ཁྲི་ལོར་བརྟན་པར་ཤོག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་ནག་དམར་གཞུང་གིས།
    བྱུས་གཏོགས་བྱས་ནས་རྒྱ་རིགས་ཚང་མའི་མདུན་ལམ་བརླགས། །
    བྱུས་གཏོགས་བྱས་ནས་བོད་སོག་ཡུ་གུར་བདེ་སྐྱིད་གཏོར། །
    བྱུས་གཏོགས་བྱས་ནས་ག་ཐ་ཕི་ཁོ་རྐྱེན་ལམ་བཏང་། །
    བྱུས་གཏོགས་བྱས་ནས་སོག་རྒྱལ་ཡུལ་མིས་ཁ་བརྡུང་རག །

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སོག་པོས་རྒྱ་ནག་གི་སྟངས་འཛིན་ཡ་མེད་གནང་ནས་ཡིད་བཞིན་ནོར་བུ་ཕེབས་བསུ་གནང་ཚུལ་དེ་དགའ་འོས་པ་ཞིག་རེད།
    སོག་པོའི་གསར་འགོད་པ་ཚོས་ཡིད་བཞིན་ནོར་བུ་ལ་བཅར་འདྲའི་གོ་སྐབས་ཤིག་ལེན་འོས། གོ་སྒབས་དེ་དང་བསྟུན་ནས་ཆབ་སྲིད་སྐོར་ནས་ཀྱང་བཀའ་མོལ་གནང་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese