མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་རིག་འཛིན་དང་བསྟན་པ་གཉིས་མཉམ་དུ་འདུག་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp


ཉེ་སྔོན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བསྟན་འཛིན་སྒང་དུ་མི་སྣ་ཆེད་གཏོང་བྱས་ཏེ།  ཉིན་གཉིས་རིང་བུད་མེད་རིག་འཛིན་དང་འབྲེལ་བའི་དོན་རྐྱེན་ཐད་འབྲེལ་ཡོད་མི་སྣ་ཁག་དང་གོ་བསྡུར་གྱིས།  བུད་མེད་རིག་འཛིན་དང་བསྟན་པ་གཉིས་མཉམ་དུ་འདུག་རྒྱུའི་ཐག་གཅོད་བྱུང་འདུག  

    ཉེ་སྔོན་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་བུད་མེད་དམར་ཧྲང་དུ་ཁྲོམ་སྐོར་བྱས་པའི་དོན་རྐྱེན་དེ་བྱུང་རྗེས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གནད་དོན་དེ་དྲང་བདེན་ཐག་གཅོད་བྱུང་ཡོད་མེད་དང་། མ་འོངས་པར་ཞི་འགྲིག་དང་ལམ་ཁ་ཡག་པོ་ཞིག་ཏུ་བསྐྱོད་ཕྱིར་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་དང་ལས་བྱེད་གཞན་གཅིག་བཅས་བསྟན་འཛིན་སྒང་ལ་ཆེད་གཏོང་གནང་སྟེ།  ས་གནས་བདེ་དོན་གི་བཀའ་འཁྲོལ་འོག་ཕྱི་ཟླ་ ༩ ཚེས་ ༣ ནས་ ༥ བར་གྱི་ཉིན་གཉིས་རིང་དོན་རྐྱེན་དེའི་འབྱུང་རྩར་གྱུར་པའི་བུ་མོ་རིག་འཛིན་དང་པ་སངས། བསྟན་པ་གསུམ་གཙོས་པའི་འབྲེལ་ཡོད་ཚང་མར་སྐད་ཆ་དྲིས་ཏེ་གནས་ཚུལ་ལ་རྟོག་ཞིབ་གནང་ཡོད་པ་དང་། སངས་དང་བསྟན་པ་གཉིས་ཀྱིས་སོ་སོའི་བྱིས་པ་ཚོར་བསམ་བློ་བཏང་སྟེ། བཟའ་ཚང་བསྐྱར་འགྲིག་ཡོང་རྒྱུར་ཐེངས་འབད་བརྩོན་བྱས་ཀྱང་གྲུབ་འབྲས་སོན་མི་འདུག

    པ་སངས་དང་བསྟན་པ་གཉིས་ཀྱིས་དེ་སྔོན་ནས་བཟའ་ཚང་ཁ་ཁ་བྱ་རྒྱུར་བློ་ཐག་གཙང་བཅད་བྱས་ཡོད་པ་མ་ཟད། བྱིས་པ་གཉིས་ནས་ཀྱང་ཕ་མ་གཉིས་ཀྱིས་དུས་རྒྱུན་འཁོན་འཛིང་བྱས་ཏེ་མི་ཚེ་བསྐྱལ་རྒྱུ་ལས་ཁ་ཁ་བྱས་ན་ལེགས་པའི་བསམ་ཚུལ་བཏོན་ཡོད་སྟབས། བསྟན་པས་ཟླ་རེར་བྱིས་པ་གཉིས་ལ་སློབ་ཡོན་ཧིན་སྒོར་ ༥༠༠༠ རེ་དང་། པ་སངས་ལ་སྡོད་ཁང་གསར་རྒྱག་དང་ཟླ་རེར་འཚོ་སྣོན་ཧིན་སྒོར་ ༥༠༠༠ རེ་བཅས་སྤྲོད་རྒྱུའི་གན་རྒྱ་བཞག་ཡོད་འདུག

 

བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་གཉིས་ངོས་ནས་པ་སངས་དང་བསྟན་པ་གཉིས་མཉམ་དུ་མི་ཚེ་བསྐྱལ་རྒྱུར་རེ་བ་མེད་པ་མཐོང་རྗེས། བུ་མོ་པ་སངས་དང་བུ་མོ་རིག་འཛིན་གཉིས་ཀའི་ཚེ་འཕྲོ་བརླག་ཏུ་འགྲོ་བ་ལས།  རིག་འཛིན་དང་བསྟན་པ་གཉིས་ལྷན་དུ་སྡོད་ཐབས་སུ་རེ་རེ་སྐུལ་ཞུས་པར། དེ་ལ་བསྟན་པ་དང་རིག་འཛིན་གཉིས་ཀྱང་མོས་མཐུན་བྱུང་ཞིང་། པ་སངས་ཀྱི་གཅུང་པོ་ཆོས་གྲུབ་ཀྱིས་ཀྱང་ཁོང་ཅག་གི་ཕྱོགས་ནས་དགག་བྱ་མེད་པའི་ཁས་ལེན་བྱས་ཏེ། མཐར་རིག་འཛིན་དང་བསྟན་པ་གཉིས་མཉམ་དུ་སྡོད་རྒྱུའི་ཐག་གཅོད་བྱས་ཤིང་། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རིག་འཛིན་ལ་ཉེས་རྡུང་སྐབས་རྨས་སྐྱོན་ཕོག་པར་སྨན་བཅོས་ཆེད་ཧིན་སྒོར་ ༣༠༠༠༠ སྤྲད་ཡོད་འདུག

    ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་གསར་འགོད་པ་དབུས་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་སུ་བཅར་ཏེ། བུད་མེད་ལྷན་ཚོགས་ཀྱི་བསྟན་འཛིན་སྒང་གི་རྙོག་གླེང་དེ་ཐག་གཅོད་གནང་ཕྱོགས་སྐོར་ལ་བཅར་འདྲི་ཞུས་པར། ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་པར། དང་ཐོག་བུ་མོ་རིག་འཛིན་གྱི་ཁྱིམ་དུ་བཅར་ཏེ་དོན་རྐྱེན་གྱི་བྱུང་རིམ་དང་མ་འོངས་མི་ཚེ་སྐྱེལ་སྟངས་ལ་འཆར་གཞི་གང་ཡོད་དྲིས་པ་ཡིན། དོན་རྐྱེན་འདིའི་ཁྲོད་ཁོ་མོའི་ལུས་སེམས་གཉིས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད་སྟབས་གཉའ་ཞུམ་སྟེ་སྐད་ཆའང་བཤད་ཐུབ་ཀྱི་མི་འདུག ང་ཚོས་ངོས་ནས་གང་ཐུབ་ཀྱིས་ཁོ་མོར་སེམས་གསོ་བྱས་མཐར་ཕན་ཚུན་གླེང་མོལ་བྱ་ཐུབ་པ་བྱུང་སྟེ། བུ་མོ་རིག་འཛིན་མོ་རང་གིས་སོ་སོར་ནོར་འཁྲུལ་ཡོད་པ་ངོས་ལེན་གནང་གི་འདུག འོན་ཀྱང་དམར་ཧྲང་ལ་ཁྲོམ་དུ་ཁྲིད་པ་དེས་སེམས་ཧ་ཅང་ཕམ་པོ་བྱུང་སྟེ། སྤྱི་ཚོགས་ཁྲོད་མགོ་བོ་བཏེགས་ཏེ་མི་ཚེ་བསྐྱལ་རྒྱུའི་བློ་སྟོབས་མེད་པ་ཆགས་ཡོད་ཀྱང་། ཁོ་མོའི་མ་ཡར་གྱིས་ཕར་ཕྱོགས་ནས་མིང་སྲིང་སྤུན་མཆེད་མདུན་ནས་བུད་མེད་ཅིག་དམར་ཧྲང་ལ་འཁྲིད་རྒྱུར་ངོ་ཚ་མེད་ན། ཁྱོད་རང་ངོ་གནོང་དགོས་དོན་ཡོད་པ་མ་རེད་ཅེས་སེམས་གསོ་གནང་སྟེ་མོ་རང་གིས་གདོང་པ་ཕྱི་ལ་སྟོན་རྒྱུའི་སྤོབས་པ་ཕྲན་བུ་བསླེབས་འདུག མ་འོངས་པའི་མི་ཚེ་སྐྱེལ་སྟངས་ཐད། མོ་དང་མཉམ་དུ་མི་ཚེ་སྐྱེལ་མཁན་ཞིག་རག་གི་མ་རེད་ལ། གལ་སྲིད་རག་ཀྱང་རྗེས་མ་རང་ཉིད་དང་བྱིས་པ་གཉིས་ལ་མཐོང་ཆུང་བྱས་ཏེ་མི་ཚེ་མཐར་འཁྱོལ་གྱི་མ་རེད་དྲན་ཏེ་མོ་ཧྲང་དུ་འདུག་རྒྱུ་ཡིན་ཟེར། ཞེས་བརྗོད་བྱུང་།  

 

    བསམ་གཏན་ཆོས་སྒྲོན་ལགས་ཀྱིས་མུ་མཐུད་དུ་བརྗོད་ན། བུ་མོ་རིག་འཛིན་གྱིས་གནས་ཚུལ་འདི་ས་གནས་བདེ་དོན་དང་བུད་མེད་བཅས་ལ་སྙན་སེང་མ་ཞུས་པ་གང་ཡིན་དང་། ཁྲིམས་ལ་གཏུགས་རྒྱུར་དཀའ་ངལ་ཡོད་ན་བུད་མེད་ལྷན་ཚོགས་ཀྱིས་རོགས་རམ་གནང་ཆོག་སྐོར་བརྗོད་སྐབས། ཁོ་མོས་ས་གནས་བདེ་དོན་དང་བུད་མེད་ལ་གནས་ཚུལ་དེ་སྙན་སེང་ཞུ་དགོས་པ་ཤེས་མི་འདུག་ལ།  གནད་དོན་དེ་ཁྲིམས་ཐོག་ལ་བསྐྱལ་རྒྱུར་འདོད་པ་མི་འདུག དེ་བཞིན། ཁོ་མོ་ཕྱི་རྒྱལ་དུ་འགྲོ་འདོད་ཡོད་ཀྱང་བུད་མེད་ལྷན་ཚོགས་ཀྱིས་ཐབས་ཤེས་གནང་ཆོག་སྐོར་བརྗོད་ཀྱང་། ཁོ་མོས་རང་གི་མ་ཡར་གཅིག་པུ་ཤུལ་ཏུ་བཞག་ནས་ཕྱི་རྒྱལ་དུ་འགྲོ་རྒྱུར་མོས་མཐུན་གནང་གི་མི་འདུག་ཟེར། 

    གཞན་ཡང་། ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་པ་སངས་མཉམ་དུ་གླེང་མོལ་བྱུང་བའི་སྐོར་བརྗོད་དོན། པ་སངས་ཀྱིས་དོན་རྐྱེན་དེའི་ཐད་སོ་སོའི་ངོས་ནས་ཐལ་ཆ་ཤོར་ཏེ་ནོར་འཁྲུལ་ཆེན་པོ་བཟོས་པར་གནོང་འགྱོད་དང་།  ལོ་ལྔའི་སྔོན་ནས་བཟུང་བསྟན་པ་དང་བཟའ་ཚང་ནང་ཁུལ་མ་འཆམ་པར་དུས་རྒྱུན་རྩོད་རྙོག་བྱུང་སྟེ། ཨི་ཌ་ན་གྷར་དུ་གཅུང་པོ་ཆོས་གྲུབ་ཀྱི་སྐྱེས་དམན་དང་མཉམ་དུ་ཟ་ཁང་གི་ལས་ཀ་བྱས་པ་དང་། ཉིན་ཞིག་བསྟན་པའི་ལག་ཁྱེར་ཁ་པར་ལས་བསྟན་པ་དང་རིག་འཛིན་གཉིས་གབ་མཐུན་བྱས་པའི་པར་འགའ་མཐོང་བས། སེམས་པ་ཧ་ཅང་སྐྱོ་ནས་ཐེངས་གཉིས་ལ་རང་ཤི་རྒྱག་རྩིས་བྱས་ཀྱང་། ཆོས་གྲུབ་ཀྱི་སྐྱེས་དམན་གྱིས་མཐོང་སྟེ་རང་ཤི་རྒྱག་མ་བཅུག་པ་དང་། མཐར་ཁོང་ཁྲོའི་ཐོག་ནས་དོན་རྐྱེན་དེ་བསླངས་དང་། འདས་པའི་ལོ་ལྔའི་ནང་བསྟན་པར་བཟོད་སྒོམ་བྱས་ཀྱང་ཕན་འབྲས་མ་བྱུང་པས། ད་ལྟ་བསྟན་པ་དང་མཉམ་དུ་འདུག་འདུན་རྩ་བ་ནས་མེད་ཟེར། དེའི་རྗེས་ཡང་བསྐྱར་ཁོ་མོར་ཁ་ཏ་སློབ་གསོ་བཏང་སྟེ། བྱིས་པ་གཉིས་ལ་བསམ་བློ་བཏང་སྟེ་བཟའ་ཚང་བསྐྱར་དུ་འགྲིག་ཐབས་ཡོང་རྒྱུར་རེ་སྐུལ་ཞུས་ཀྱང་། ཁོ་མོས་བྱིས་པ་གཉིས་ཀྱིས་ཀྱང་ངེད་གཉིས་རྒྱུན་པར་མ་འཆམ་པར་འདུག་པ་ལས་ཁ་ཁར་བསྡད་ན་ལེགས་ཚུལ་བརྗོད་པར་མ་ཟད། བསྟན་པ་དང་ཁོ་མོའི་བར་གཉེན་འཐོར་བྱ་རྒྱུའི་ཐད་གན་རྒྱའི་ཡི་གེ་བཞག་ཏེ་སེམས་ཐག་གཙང་བཅད་ཡིན་ཚུལ་ཡང་བརྗོད་བྱུང་ཟེར།  

དེའི་རྗེས་བསྟན་པ་དང་མཉམ་དུ་གླེང་མོལ་བྱས་ཡོད་པ་དང་། སྐབས་དེར་བསྟན་པས་ཁོ་དང་པ་སངས་གཉིས་བཟའ་ཚང་འཆམ་པོ་མ་བྱུང་བའི་ཐོག་མའི་རྒྱུ་རྐྱེན་ནི་རིག་འཛིན་མ་ཡིན་པར། ནམ་རྒྱུན་གྱི་སོ་སོ་བཟའ་ཚང་ཕན་ཚུན་བྱ་སྤྱོད་འཁྱེར་སྟངས་དང་བསམ་ཚུལ་མཐུན་པོ་མ་བྱུང་བའི་རྐྱེན་ཡིན་པ་དང་།  པ་སངས་དང་ཁོ་གཉིས་མ་འཆམ་པར་དུས་རྒྱུན་འཁོན་འཛིང་བྱུང་པར་བརྟེན།  བྱིས་པ་གཉིས་ཀྱང་མ་སྐྱིད་པ་བཟོས་ཏེ་ངེད་གཉིས་ཁ་ཁར་བསྡད་ན་ལེགས་པའི་བསམ་ཚུལ་བརྗོད་ཀྱི་འདུག  ད་ནི་ཕན་ཚུན་ཁ་ཁར་འགྲོ་རྒྱུ་སེམས་ཐག་བཅད་ཡོད་སྐོར་བརྗོད་བྱུང་ཟེར།   

   

པ་སངས་དང་བསྟན་པ་གཉིས་འགྲིག་མཐུན་ཡོང་རྒྱུར་རེ་བ་མེད་སྟབས། བུད་མེད་ལྷན་ཚོགས་ཀྱིས་བསྐྱར་དུ་བསམ་བློ་བཏང་སྟེ། བསྟན་པ་དང་རིག་འཛིན་གཉིས་མི་ཚེ་མཉམ་དུ་བསྐྱལ་རྒྱུ་བྱུང་ན། མ་འོངས་པར་རིག་འཛིན་གྱི་འཚོ་བར་དཀའ་ངལ་མི་འཕྲད་པའི་ཕན་ཐོགས་ཡོད་པར་གཟིགས་ཏེ། དོ་བདག་ཕྱོགས་གཉིས་ལ་ཁ་ཏ་སློབ་གསོ་ཡང་ཡང་གནང་མཐར། བསྟན་པས་བུ་མོ་རིག་འཛིན་གནས་སྟངས་འདིར་ལྷུང་བ་ཚང་མ་ཁོ་དང་འབྲེལ་བ་ཆགས་ཡོད་སྟབས། རིག་འཛིན་ཁོ་དང་མཉམ་དུ་འདུག་འདུན་ཡོད་ན་ཁོ་རང་ཐད་པ་ཡིན་ཚུལ་བརྗོད་པ་དང་། རིག་འཛིན་གྱིས་ཀྱང་རང་གིས་བྱིས་པའི་ཕ་བསྟན་པ་ཡིན་པས་གཞན་གྱིས་དགག་བྱ་དང་། བསྟན་པར་འདོད་མོས་ཡོད་ན་མོ་རང་ཡང་དེ་ལ་ཐད་པ་ཡིན་པའི་རྣམ་འགྱུར་བསྟན་ཡོད་སྟབས། ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་པ་སངས་ཀྱི་གཅུང་པོ་ཆོས་གྲུབ་ཀྱི་སར་བསྐྱོད་དེ་གནས་ཚུལ་དེའི་སྐོར་གསལ་བཤད་བྱས་པར།  ཆོས་གྲུབ་ཀྱིས་ཀྱང་རིག་འཛིན་དང་བསྟན་པ་གཉིས་མཉམ་དུ་སྡོད་རྒྱུར་དགག་བྱ་མེད་པ་ངོས་ལེན་བྱུང་སྟེ། བསྟན་པ་དང་རིག་འཛིན་གཉིས་མཉམ་དུ་སྡོད་རྒྱུ་ཐག་གཅོད་བྱུང་པའི་གནས་ཚུལ་དེ་ས་གནས་བདེ་དོན་དྲུང་ཆེ་ལའང་སྙན་གསེང་ཞུས་ཐོག བསྟན་འཛིན་སྒང་དུ་བྱུང་བའི་དོན་རྐྱེན་དེ་ཕན་ཚུན་ནང་འགྲིག་གི་ཐོག་ནས་གཙང་སེལ་བྱུང་ཡོད་པ་རེད།

མཇུག་མཐར་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་སུ་བུ་མོ་རིག་འཛིན་དང་འབྲེལ་བའི་བསྟན་འཛིན་སྒང་གི་དོན་རྐྱེན་དེ་ཐག་གཅོད་བྱས་པའི་བརྒྱུད་རིམ་ཁྲོད་སེམས་ཚོར་ག་རེ་བྱུང་མིན་དྲིས་པར། ཁོ་མོས་སྤྱིར་བསྟན་འཛིན་སྒང་གི་གནས་ཚུལ་དེ་ཧ་ཅང་ཐབས་སྡུག་གི་གནས་ཚུལ་ཞིག་རེད། གནད་དོན་དེའི་འབྱུང་རྐྱེན་གྱི་ཆ་ནས་བསྟན་པ་དང་པ་སངས། རིག་འཛིན་ཚང་མར་ནོར་འཁྲུལ་འདུག  ཡིན་ནའང་།  པ་སངས་ཀྱིས་དོན་རྐྱེན་ཆེན་པོ་ཞིག་བསླངས་པར་བརྟེན་ཉེས་པ་ལྕི་ཤོས་དེ་པ་སངས་ལ་ཡོད་པ་རེད།  གང་ལྟར་ཐེངས་འདིར་བསྟན་འཛིན་སྒང་ལ་སོང་སྟེ་གནད་དོན་ཐག་གཅོད་གང་འཚམ་ཡག་པོ་བྱུང་སོང་། ཞེས་བརྗོད་བྱུང་།  བུད་མེད་ལྷན་ཚོགས་ཀྱི་ཐག་གཅོད་དེའི་ཐད་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཀའ་འདྲི་གནང་བར། གཞུང་ངོས་ཀྱི་ཐག་གཅོད་བཅད་ཁྲ་རྣམས་སྔོན་ནས་བཀྲམས་ཟིན་པ་ལྟར། བུད་མེད་ལྷན་ཚོགས་ཀྱི་ཐག་གཅོད་དེའི་ཐད་ང་ཚོས་ངོས་ནས་བསམ་ཚུལ་གང་ཡང་བཤད་རྒྱུ་མེད་ཟེར། 

གསར་འགོད་པ། ཚེ་རིང་རྒྱལ།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༣ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 12

  1. གངས་འོད། says:
    ལོ་ 14 སྔོན།

    བུད་མེད་ཚོགས་པས་དཀའ་ལས་བརྒྱབ་འདུག་ཀྱང་། ཐག་གཅོད་གང་ཡང་བྱུང་མི་འདུག རྒྱུ་མཚན། བསྟན་པས་ཟླ་རེར་བྱིས་པ་གཉིས་ལ་སློབ་ཡོན་ཧིན་སྒོར་ ༥༠༠༠ རེ་དང་། པ་སངས་ལ་སྡོད་ཁང་གསར་རྒྱག་དང་ཟླ་རེར་འཚོ་སྣོན་ཧིན་སྒོར་ ༥༠༠༠ རེ་བཅས་སྤྲོད་རྒྱུའི་གན་རྒྱ་བཞག་ཡོད་པ་དེར། དུས་བཅད་མེད་པ་ཡིན་ན་སླར་ཡང་དོན་དག་སློང་རྐྱེན་ཀྱི་རྩ་བ་རེད། རྗེས་མ་སླར་ཡང་བུད་མེད་ཚོགས་པ་ཕེབས་མ་དགོས་ཀྱང་བདེ་དོན་ལ་དཀའ་ལས་ཅུང་ཡོད་རྒྱུ་རེད།

    གསར་འགོད་པ་ཚེ་རིང་རྒྱལ་གྱིས་བུ་མོ་རིག་འཛིན་གྱི་ལས་དབང་ལ་ཐུགས་ཁུར་དང་ནུས་པ་རླབས་ཆེན་བཏོན་ཡོད་པས་ཐུགས་རྗེ་ཆེ་ཞེས་ཀྱང་ཞུ་འདོད་བྱུང་། དེ་མ་གཏོགས་གནས་ཚུལ་འདི་ས་འོག་ནས་ཡལ་བར་ཉེན་ཁ་ཡོད།

    Reply
  2. ཨ་ལ་ལ says:
    ལོ་ 14 སྔོན།

    རིག་འཛིན་གྱི་ཡོད་ཚད་ཕྱིར་བསྟན་པ་དེ་རྐྱེན་ངན་གྲོགས་ཤར་ཆགས་འདུག ད་བསྟན་པ་དང་ཁྱེད་གཉིས་ཀྱིས་ལྐོག་ལྐོག་སུད་སུད་བྱེད་མི་དགོས་པར་ཕོ་མོའི་ཆགས་སྲེད་ཀྱི་བདེ་བ་ལ་དབྱིན་ངི་ལྟར་ས་བསྟན་འཛིན་སྒང་གྲོང་མི་ཡོངས་འདུག་མི་བཟོད་པའི་རྣམ་པའི་ཐོག་ཤུགས་རྒྱོབ་ཅིག

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ངས་་ཚོད་དཔག་བྱས་པའི་་སྒྲུང་གཏམ་གྱི་མཐའ་འབྲས་མངོན་འགྱུར་བྱུང་འདུག དེ་བས་བཀྲ་ཤིས་བདེ་ལེགས་ཞུའོ།

    Reply
  4. གཅེན་པོ། says:
    ལོ་ 14 སྔོན།

    ཕུ་ནུ་ནང་ཁུལ་དུ་འདུམ་འགྲིག་བྱུང་བ་དེ་ཧ་ཅང་དགའ་འོས་པའི་གནད་དོན་ཞིག་རེད་ལ། ད་རེས་བུད་མེད་ལྷན་ཚོགས་ནས་ཕྱག་ལས་ལེགས་པོ་གནང་བར་ཐུགས་རྗེ་ཆེ།

    Reply
  5. རིག་འཛིན། says:
    ལོ་ 14 སྔོན།

    ཧ་ཅང་དགའ་འོས་པའི་སྤྱི་ཚོགས་ཀྱི་ཞབས་ཞུ་་འདི་འདྲ་ལ་གནང་ཡོང་དུས་སེམས་གཏིང་ནས་རྒྱབ་སྐྱོར་ལོས་ཡོད།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    སྤྱི་ཚོགས་ལ་འགན་འཁུར་བའི་གསར་འགྱུར་རེད། ནམ་རྒྱུན་ཆབ་སྲིད་རྐྱང་རྐྱང་གླེང་ནས་བསྡད་ན་ཉོབ་ཀི། མཚམས་ལན་རེར་འདི་ལྟ་བུ་རེ་འགོད་རྒྱུ་རེ་བ་ཆེ།

    Reply
  7. ཏ་ལའི་ཕོ་ཉ། says:
    ལོ་ 14 སྔོན།

    གསར་འགོད་མཆོག་ལ་ཞུ་རྒྱུ་་་་་ཐུགས་རྗེ་གཟིགས་རྗེས་མ་ནས་དོན་མེད་གནས་ཚུལ་འདིར་མ་འགོད་རོགས་་་་་འདི་གསར་འགྱུར་མ་རེད།་

    Reply
  8. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བུ་མོ་རིག་འཛིན་གྱི་བདེ་སྡུག་ཆེད་བུད་མེད་ལྷན་ཚོགས་ཀྱིས་ཐབས་ཤེས་གང་དྲག་གིས་མོ་རང་གི་འཚོ་བའི་ཐད་ལ་ཐུགས་བསམ་བཞེས་པ་དེ་ཞེ་དྲག་ཡག་པོ་རེད། སྤྱིར་འགྲོ་བ་མི་ཞིག་གི་ངོས་ནས་ནོར་འཕྲུལ་ཡོང་སྲིད་ཀྱི་རེད་ལ། ནོར་འཕྲུལ་དེ་ལ་ཡོ་བསྲང་བྱེད་ནས་ཞི་འགྲིག་ཀྱང་ཡོང་རྒྱུ་ཡོད་པ་ཞིག་རེད། བྱས་ཙང་ད་རེས་འགྲིག་འཇག་ཡོང་བ་དེ་ཞེ་དྲག་ཡག་པོ་རེད། ཕན་ཚུན་གཉིས་ཕན་རེད། ད་ནི་བཀྲིས་ལོ་ལེགས་ཡོང་བའི་སྨོན་འདུན་ཡོད།

    Reply
  9. གངས་ལྗོངས། says:
    ལོ་ 14 སྔོན།

    སྔར་གྱི་གཏམ་དཔེར། ཁྱི་མོ་མཇུག་མ་མ་གཡུག་ན། ཁྱི་ཕོ་འཁོར་གྱི་མ་རེད་ཅེས་པ་དེ། རིག་འཛིན་གྱིས་ངོས་འཛིན་ཐུབ་ནས་མ་འོངས་པར་བསྟན་པ་དང་བཟའ་ཚང་བྱས་ན་ལས་དེ་མིན་མུ་མཐུད་ནས་ཁྱི་མོའི་མཇུག་མ་གཡུག་ན། ཡང་བསྐྱར་ཁྱི་ཕོ་འཁོར་འདོད་པ་ཞིག་རེད།

    Reply
  10. sangkye says:
    ལོ་ 14 སྔོན།

    བུ་མོ་རིགས་འཛིན་སྒྲོལ་མའི་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། ཁྱེད་གྱིས་ཚེ་ལ་བར་ཆད་མེད་̒པའི་སྨོན་འདུན་ཞུ།

    Reply
  11. ནམས་ཟླ། says:
    ལོ་ 14 སྔོན།

    ཇི་སྐད་དུ། “ཁྱི་ཡིས་མི་ལ་སོ་བརྒྱབ་ན་གསར་འགྱུར་མ་རེད། གལ་ཏེ་མིས་ཁྱི་ལ་སོ་བརྒྱབ་ན་གསར་འགྱུར་རེད་” ཟེར་བའི་དཔེ་ལྟར། གསར་འགྱུར་མི་འདྲ་བ་ཞིག་མིན་འདུག ??????

    Reply
  12. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    ཨ་ལ་ལ། ད་གསར་འགྱུར་སྟོབས་ཆེན་བྲིས་འདུག་རེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese