མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷི་རེ་སི་དང་རྒྱལ་ཁབ་ཉི་ཤུའི་ལྷན་ཚོཊ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཧྥ་རན་སིའི་རྒྱལ་སའི་སྟོབས་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྟེང་། གྷི་རེ་སིའི་བུ་ལོན་གྱི་རྙོག་གླེང་ཞིག་གིས་ལྷན་ཚོགས་ཀྱི་དམིཊ་ཡུལ་འགྲུབ་མེད།

ཟླ་འདིའི་ཕྱི་ཚེས་ ༣ ནས་ཚེས་ ༤ པར་ཉིན་གཉིས་རིང་། ཧྥ་རན་སིའི་ཁན་ནེ་སི (Cannes) ས་གནས་སུ་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐེངས་དྲུག་པ་ཚོགས་སྐབས། གྷི་རེ་སིའི་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་རྙོག་ལ་བརྟེན། འབྱོར་ལྡན་རྒྱལ་ཁབ་ ༢༠ ལྷན་ཚོགས་ཐོག་མའི་འཆར་གཞི་ལྟར་འགྲོ་ཐུབ་མེད།  

ཉིན་གཉིས་རིང་གི་འབྱོར་ལྡན་རྒྱལ་ཁབ་༢༠ ལྷན་ཚོགས་(G-20 Summit) དེར་ཨ་རི་དང་ཧྥ་རན་སི། དབྱིན་ཇི། རྒྱ་ནག རྒྱ་གར་སོགས་འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་ ༢༠ སྲིད་འཛིན་དང་སྲིད་བློན། དེ་བཞིན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ཅིག་དང་རྒྱལ་སྤྱིའི་ཚོགས་སྡེ་ཆེ་ཁག་བཅས་ཀྱི་མགོ་ཁྲིད་མགྲོན་འབོད་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་ལས་ཁྲོམ་ར། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་བགྲོ་གླེང་གྲོས་བསྡུར་བྱ་འཆར་ཡོད་ཀྱང་། དངོས་གཞིའི་ཚོགས་ཆེན་སྐབས་རྒྱལ་ཁབ་སོ་སོའི་གྲོས་འཆར་མང་དྲགས་པ་དང་། ལྷག་པར་དུ་གྷི་རེ་སུ་(Greece) དང་ཨེ་ཊ་ལེ་སོགས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གི་ཆབ་སྲིད་དང་དཔལ་འབྱོར་དཀའ་རྙོག་ལ་བརྟེན། ལྷན་ཚོགས་དེའི་དམིགས་ཡུལ་འགྲུབ་མེད།  

གྷི་རེ་སི་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་(Eurozone)ཁོངས་ཀྱི་བུ་ལོན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་ཅིང་། ༢༠༡༠ ཟླ་ ༥ ནང་རྒྱལ་སྤྱིའི་དངུལ་ཁང་བརྒྱུད་ཡུ་སྒོར་ཐེར་འབུམ་ ༡༡༠ བུ་ལོན་རོགས་སྐྱོར་དུ་བླངས་ཡོད་ཀྱང་། གྷི་རེ་སི་ཡིས་རྒྱལ་སྤྱིའི་ཚོང་ལས་ཁྲོམ་རའི་ནང་ནུས་པ་འདོན་མ་ཐུབ་པ་དང་། བུ་ལོན་གྱི་སྐྱེད་ཀ་འཕར་པ། ཐོན་སྐྱེད་ཀྱི་ནུས་པ་ཞན་པ་བཅས་ལ་བརྟེན་བསྐྱར་དུ་རྒྱལ་སྤྱིའི་བུ་ལོན་རོགས་དངུལ་ལེན་དགོས་པའི་གནས་སུ་གྱུར་སྟབས། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་བསྐྱར་དུ་ཡུ་སྒོར་ཐེར་འབུམ་ ༡༣༠ བུ་ལོན་རོགས་སྐྱོར་ལེན་དགོས་བྱུང་ཡོད་ལ། སྐབས་དེར། གྷི་རེ་སི་དཔལ་འབྱོར་གྱི་ཉམ་ཉེས་ལས་སྐྱོབ་རྒྱུ་དང་མུ་མཐུད་བུ་ལོན་ལེན་མི་དགོས་པ་བཟོ་ཕྱིར།  རྒྱལ་སྤྱིའི་དངུལ་ཁང་ནས་དེ་སྔའི་བུ་ལོན་གྱི་བརྒྱ་ཆ་ ༥༠ མེད་པ་བཟོས་ཡོད་འདུག  

ད་སྔའི་གྷི་རེ་སིའི་བུ་ལོན་མང་ཤོས་ཧྥ་རན་སི་དང་ཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་ ༨ ཙམ་ནས་ཁྱོན་བུ་ལོན་ཨ་སྒོར་ཐེར་འབུམ་ ༤༨༩ ཙམ་བླངས་ཡོད་འདུག ཧྥ་རན་སར་ཚོགས་པའི་རྒྱལ་སྤྱིའི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དང་བསྟུན་ཏེ། གྷི་རེ་སིའི་སྲིད་བློན་པཱ་པན་ཌིརེའོ་(George Papandreou)ཡིས་གྲོས་ཚོགས་ནང་། གྷི་རེ་སི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐོན་རྒྱུའི་མང་མོས་བསམ་ཚུལ་བསྡུ་རྒྱུའུ་གྲོས་གཞི་བཏོན་པར། གྲོས་ཚོགས་ནང་ངོ་རྒོལ་ཤུགས་ཆེན་བྱུང་ཡོད་པ་མ་ཟད། ཁོང་ལ་སྲིད་སྐྱོང་པའི་གདེང་ཚོད་མེད་པའི་འོས་ཤོག་བླུགས་ཡོད་པ་རེད། གལ་སྲིད་ཁོང་ལ་སྲིད་སྐྱོང་གི་གདེང་ཚོད་མེད་པར་སྐྱོན་བརྗོད་བྱེད་མཁན་ཚོར་མང་མོས་ཐོབ་ཚེ། སྲིད་བློན་གོ་གནས་རང་བཞིན་གྱིས་ཤོར་འགྲོ་བཞིན་ཡོད་འདུག གྲོས་ཚོགས་འཐུས་མི་བརྒྱ་ཆ་ ༥༠ ལྷག་གིས་ཁོང་ལ་རྒྱབ་སྐྱོར་ཐོབ་ཡོད་འདུག དེ་ནི་འཐུས་མི་མང་པོ་ཞིག་གིས་གནས་བབ་འདི་འདྲ་ཞིག་གི་འོག་བསྐྱར་དུ་གཞུང་འཛིན་བརྗེ་བོ་རྒྱག་རྒྱུ་ནི་ཕྱོགས་ཡོངས་ནས་དཀའ་ངལ་ཅན་དུ་འགྱུར་རྒྱུ་ཡིན་སྟབས། དེ་ལས་གཡོལ་ཐབས་སུ་སྲིད་བློན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་འདུག

དེ་བཞིན་གྷི་རེ་སིའི་གྲོས་ཚོགས་ནང་སྲིད་བློན་གྱིས་ཡུ་རོབ་མཐུན་ཚོགས་ནས་འབུད་རྒྱུ་དང་ཡུ་སྒོར་ངོས་ལེན་བྱ་རྒྱུ་མིན་པར་མང་མོས་བསམ་ཤོག་བསྡུ་རྒྱུའི་གྲོས་གཞི་བཏོན་པ་དེས། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་མགོ་ཁྲོད་ཚོར་ཁོང་ཁྲོ་བསླངས་ཡོད་པ་མ་ཟད། འབྱོར་ལྡན་རྒྱལ་ཁབ་ ༢༠ ཚོགས་ཞུགས་མགོ་ཁྲིད་ཚོའི་ཁྲོད་གླེང་གཞི་ཆེན་པོ་ཞིག་ཆགས་ཡོད་འདུག དེ་ནི་གྷི་རེ་སི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་པ་དང་སྔར་གྱི་བུ་ལོན་རྣམས་མ་མཇལ་པའི་གནས་ཚུལ་བྱུང་ཚེ། ཡུ་རོབ་གླིང་དང་རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་རའི་འཁོར་རྒྱུག་ལ་གནོད་འཚབ་དང་གྱོང་གུད་ཆེན་པོ་ཐེབས་ངེས་ཡིན་པ་དང་། ལྷག་པར་དུ་སྲིད་བློན་ལ་སྲིད་སྐྱོང་གི་གདེང་ཚོད་མེད་པའི་འོས་ཤོག་འཕེན་རྒྱུ་བྱུང་པ་དེས་ད་ལྟའི་གཞུང་དང་དཔལ་འབྱོར་གྱི་འབྲེལ་ལམ་ཡོད་པའི་རྒྱལ་ཁབ་དག་གི་མགོ་ཁྲིད་ཚོར་བློ་འཚབ་ཆེན་པོ་བཟོས་ཡོད་པ་རེད། གལ་སྲིད་གྷི་རེ་སིའི་གཞུང་འཛིན་ལ་འགྱུར་པ་ཕྱིན་ཚེ་སྔར་ཡོད་བུ་ལོན་ཐད་གཞུང་འཛིན་གསར་པས་སྲིད་ཇུས་གང་འདྲ་འཛིན་མིན་དེ་ཆགས་ཡོད།

ཕྱི་ཚེས་ ༥ ཉིན་གྷི་རེ་སིའི་སྲིད་བློན་པཱ་པན་ཌིརེའོ་ལ་སྲིད་སྐྱོང་གི་གདེང་ཚོད་མེད་པའི་སྐྱོན་བརྗོད་ཐོག་གྲོས་ཚོགས་ནང་འོས་འཕེན་བྱུང་པར་རྒྱལ་ཁ་ཐོབ་ཡོད་རྗེས། སྲིད་བློན་པཱ་པན་ཌིརེའོ་ཡིས་ཕྱོགས་གཏོགས་ཆབ་སྲིད་ཚོགས་པ་དག་དང་མཉམ་རུབ་ཐོག་(Coalition government)གཞུང་སྐྱོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག གྷི་རེ་སིའི་ཁ་གཏད་ཚོགས་པ་ཁག་གིས། གྷི་རེ་སིའི་དཀའ་རྙོག་སེལ་རྒྱུའི་ལམ་ཁ་ལེགས་ཤོས་ནི་འོས་བསྡུའི་ལམ་ནས་བསྐྱར་དུ་གཞུང་འཛིན་མི་སྣ་འདེམས་རྒྱུ་དེ་ཡིན་པར་བརྗོད་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧

མཆན། 1

  1. འཇའ་ཐང་འབྲོག་བུ། says:
    ལོ་ 15 སྔོན།

    ཡ་ཡ་ད་དེ་འདྲའི་བུ་ལོན་མང་པོ་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese