མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ཎ་ཌའི་གྲོས་ཚོཊ་སུ་བོད་དོན་གླེང་སློང་།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp


ཁེ་ཎ་ཌའི་གྲོས་ཚོགས་སུ་ཆབ་སྲིད་ཚོགས་པ་ཁག་བཞིའི་འཐུས་མིས། བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་དང་ཁེ་ཎ་ཌ་གཞུང་གིས་བོད་དོན་ཐོིག་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་འདུག

བོད་ནང་གི་བོད་མི་ཚོས་ཨུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ཐད། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཁེ་ཎ་ཌའི་གྲོས་ཚོགས་སུ་ཆབ་སྲིད་ཚོགས་པ་བཞིའི་གྲོས་ཚོགས་འཐུས་མི་ལྕམ་ཨེ་ལི་ཛེ་བྷེ་ཐི་མེའི་  (Elizabeth May)ལགས་དང་། སྐུ་ཞབས་ཨར་ཝིན་ཀོ་ལིར་ (Irwin Cotler)།  ཝེ་ནེ་མར་སི་ཊོན་ (Wayne Marston)། གྷོར་ཌོན་བྷི་རོན།  (Gordon Brown) བཅས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་དང་། ཁེ་ཎ་ཌ་གཞུང་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་དགོས་པའི་དུས་ལ་བབས་ཡོད་སྐོར་བརྗོད་འདུག  

ཚོགས་འདུའི་སྟེང་ལྕམ་ཨེ་ལི་ཛེ་བྷེ་ཐི་མེའི་ལགས་ཀྱིས་ཁེ་ཎ་ཌར་གནས་སྡོད་བོད་མི་ཚོས་བོད་ནང་རང་ལུས་མེར་བསྲེགས་བཏང་བའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པ་དང་། བྱེད་སྟངས་དེ་ནི་བོད་མི་ཚོ་ཧ་ཅང་ཨུ་ཐུག་པའི་བྱ་སྤྱོད་ཡིན་སྐོར་བརྗོད་དེ། ཁེ་ཎ་ཌ་གཞུང་གིས་ཡུ་རོབ་གྲོས་ཚོགས་ལྟར། བོད་ནང་གི་གནས་སྟངས་ཐོག་རྒྱབ་སྐྱོར་བྱ་དགོས་སྐོར་བརྗོད་ཡོད་ལ།  སྐུ་ཞབས་ཝེ་ནེ་མར་སི་ཊོན་མཆོག་གིས་བོད་མི་ ༡༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བར་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གིས་རྔ་པ་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་དམ་བསྒྲགས་དང་། དགོན་སྡེ་ཁག་ཏུ་གྲྭ་བ་གང་བྱུང་འཛིན་བཟུང་དང་ཁྲིམས་ཐག་གཅོད་པའི་རིགས་ལ། ཁེ་ཎ་ཌ་གཞུང་གིས་རྣམ་འགྱུར་སྟོན་རྒྱུའི་དུས་ལ་བབས་ཡོད་པ་མ་ཟད། གཞུང་ངོས་ནས་རྒྱལ་ཚོགས་བརྒྱུད་རྒྱ་གཞུང་ལ་བོད་ནང་རྟོག་ཞིབ་ཚོགས་པ་ཞིག་གཏོང་རྒྱུར་འབད་བརྩོན་གནང་དགོས་སྐོར་བཅས་བརྗོད་འདུག  

སྐུ་ཞབས་ཨིར་ཝིན་ཀོ་ཊི་ལིར་ལགས་ཀྱིས། བོད་མི་ ༡༠ ཙམ་རང་ལུས་མེར་བསྲེགས་བཏང་བའི་ལོ་རྒྱུས་ད་བར་བྱུང་མྱོང་མེད་པ་དང་། ང་ཚོའི་ངོས་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་ཚོ་འཕྲལ་དུ་ཀློད་གྲོལ་དང་། བོད་མིར་ཆོས་དད་དང་སྨྲ་བརྗོད་རང་དབང་སྤྲོད་དགོས་རྒྱུ། ཁེ་ཎ་ཌ་གཞུང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཉིན་མོར་རྒྱ་གཞུང་ལ་སྐྱོན་བརྗོད་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རྒྱ་གཞུང་གིས་བོད་མིའི་དབུ་ཁྲིད་དང་གྲོས་མོལ་མགོ་འཛུགས་རྒྱུར་སྐུལ་མ་གནང་དགོས་སྐོར་བརྗོད་ཡོད།  དེ་བཞིན་སྐུ་ཞབས་གོར་ཌོན་བྷ་རོན་ལགས་ཀྱིས་ཁེ་ཎ་ཌ་གཞུང་གིས་བོད་ནང་བོད་མིའི་ཆོས་དད་རང་དབང་དང་། སྨྲ་བརྗོད་དང་འདུ་འཛོམས་རང་དབང་ཐོག་དམ་དྲག་དང་། འཛིན་བཟུང་བཀག་ཉར། ཁྲིམས་ཐག་གཅོད་པ་སོགས་ཀྱི་ཐོག་སེམས་འཚབ་ཆེན་པོ་ཡོད་སྐོར་དང་། ཁེ་ཎ་ཌ་གཞུང་གིས་རྒྱ་གཞུང་གིས་བོད་ནང་རྡོག་རོལ་གཏོང་བཞིན་པའི་ཆོས་དད་རང་དབང་ཐོག་དོ་སྣང་བྱ་དགོས་སྐོར་སོགས་བརྗོད་ཡོད་འདུག   

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. དོན་འགྲུབ། says:
    ལོ་ 15 སྔོན།

    ད་རེས་ང་ཚོས་གོ་སྐབས་འདི་དང་བསྟུན་ཏེ་ཕྱོགས་གང་ས་ནས་ཤུགས་རྒྱབ་ན་བོད་དོན་ལ་འགྱུར་བ་འགྲོ་རྒྱུའི་རེ་བ་འདུག སྤུན་ཟླ་ཚོ།

    Reply
  2. ནད་པ says:
    ལོ་ 15 སྔོན།

    རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་དང་། ཚོགས་པ་ཁག མི་སྣ་ཁག་བཅས་ཀྱིས་ཤུགས་ཆེའི་བརྒྱབ་བསྐྱོར་གནང་བའི་སྐབས་དེར་ང་ཚོ་ཕྱི་ནང་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཆིག་བསྒྲིལ་བྱས་ཏེ་རང་གི་རྩ་དོན་རང་གིས་བསྒྲུབ་དགོས།

    བོད་དོན་ལ་བརྒྱབ་བསྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཞུ་དགོས་ལ་དུས་ནས་དུས་སུ་མཉམ་འབྲེལ་གྱིས་ཕྱོགས་གང་ས་ནས་ནུས་ཤུགས་རྒྱ་བསྐྱེད་གཏོང་ཐུབ་པ་བྱེད་དགོས།

    ༸ གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་འདི་ནས་བརྩིས་པའི་མི་ ༢༠ ནང་ཚུད་དུ་འགྱུར་བ་ཞིག་འགྲོ་རྒྱུར་ཚང་མས་བསམ་བློ་གཏོང་དགོས། ལས་འགུལ་སྤེལ་དགོས། རྩ་དོན་རྩོད་དགོས། ཆིག་བསྒྲིལ་བྱེད་དགོས། ཐབས་ཇུས་བཏོན་དགོས། མཉམ་རུབ་བྱེད་དགོས། ངོ་རྒོལ་བྱེད་དགོས། ཐོབ་ཐང་རྩོད་དགོས།

    བོད་མི་རིགས་འདི་ལོ་ངོ་སྟོང་ཕྲག་གི་ཆོས་དང་། རིག་གཞུང་། སྐད་ཡིག གཤིས་སྤྱོད། དྲང་བདེན། ཡ་རབས་བཟང་པོའི་གོམས་གཟིས་ལྡན་པའི་མི་རིགས་ཤིག་ཡིན་སྟབས་བོད་མི་རིགས་སྐྱ་དར་གྱི་མདུན་ལམ་ཆེད་ཚང་མས་འགན་འཁྲི་ཕྲག་ཏུ་བླངས་དགོས།

    བོད་ཀྱི་བླ་ན་མེད་དབུ་འཁྲིད་༸ རྒྱལ་བ་ཡིད་བ།ིན་ནོར་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རླབས་ཆེན་བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཁྱེད་ཅག་གིས་བདེན་པའི་རྒྱབ་ལངས་གནང་བར་བཀའ་དྲིན་ཆེ་ཞུ། འདི་ལྟར་བདེན་པའི་རྒྱབ་ལངས་ཀྱི་རྟེན་འབྲེལ་གྱིས་བདེན་དོན་ལ་རྒྱལ་ཁ་འཐོབ་རྒྱུར་ཐག་མི་རིང། བདེན་པའི་འོད་སྣང་ཀུན་ཏུ་མཆེད་གྱུར་ནས་རྫུན་པའི་མུན་པ་མ་ལུས་སེལ་བར་བརྩོན།

    Reply
  4. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    ཆབ་སྲིད་ཚོགས་པ་བཞིའི་གྲོས་ཚོགས་འཐུས་མི་ལྕམ་ཨེ་ལི་ཛེ་བྷེ་ཐི་མེའི་ (Elizabeth May)ལགས་དང་། སྐུ་ཞབས་ཨར་ཝིན་ཀོ་ལིར་ (Irwin Cotler)། ཝེ་ནེ་མར་སི་ཊོན་ (Wayne Marston)། གྷོར་ཌོན་བྷི་རོན། (Gordon Brown) བཅས་ལ་དྲ་ལམ་འདི་བརྒྱུད་ནས་ཁྱེད་ཅག་གིས་བོད་དོན་ཐོག་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སེམས་གཏིང་ནས་གུས་འདུད་དང་ཐུགས་རྗེ་བླ་ལྷག་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese