མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་ཡུལ་དུ་ནང་བསྟན་སླར་གསོ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་༧གོང་ས་མཆོག་གིས་སོག་ཡུལ་དུ་མི་མང་ ༡༠༠༠༠ ལྷག་ལ་བཀའ་སློབ་བསྩལ་ཏེ། དོལ་རྒྱལ་མཚམས་འཇོག་གནང་དགོས་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་༧གོང་ས་མཆོག་གིས་སོག་ཡུལ་རྒྱལ་ས་ཨ་ལན་བྷ་ཐིའི་རྩེད་ཐང་ཆེན་མོ་ (Buyant Ukhaa) ཞེས་པར། སོག་པོའི་བླ་ཆེན་ཁལ་ཁ་རྗེ་བཙུན་དམ་པ་མཆོག་དང་། ཁལ་མུག་ནང་བསྟན་འགན་འཛིན་ཏེ་ལོ་རིན་པོ་ཆེ་གཙོས་པའི་ཧོར་སོག་གི་གྲོས་ཚོགས་འཐུས་མི་དང་། སེར་སྐྱ་མང་ཚོགས་ཆིག་ཁྲི་ ༡༠༠༠༠ བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་བཀའ་ཁྲིད་གནང་ཡོད་ཅིང་། ཐོག་མར་༧གོང་ས་མཆོག་གིས་དཔལ་ནཱ་ལེནྡའི་ཆོས་བརྒྱུད་འཛིན་པའི་བོད་ཀྱི་ནང་ཆོས་འདི་ཧ་ཅང་སྤུས་དག་ཅིག་ཡིན་ཚུལ་དང་། ད་ལྟ་ཚན་རིག་པ་ཚོས་བོད་ཀྱི་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་གྱི་ཡོད་སྐོར་གསུངས་ཏེ། མ་འོངས་པར་སོག་རིགས་ཚོས་ནང་ཆོས་ལ་ཤེས་ནས་དད་པ་འཐོབ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་གིས་རྩེད་ཐང་དེར་བོད་སོག་གི་ལོ་རྒྱུུས་ནས་མགོ་བཙུགས་ཏེ། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་ཡུལ་དུ་ཕེབས་པ་དང་། ༧རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་དུ་འཁྲུངས་པ་བཅས་ཀྱིས་སོག་ཡུལ་དུ་བོད་ཀྱི་ནང་ཆོས་དར་ཡོད་སྐོར་དང་། དེ་སྔོན་སེ་འབྲས་དགེ་གསུམ་དུ་སོག་པོའི་གྲྭ་རྒྱུན་ཡོད་པ་དེ་དག་རིག་གནས་གསར་བརྗེའི་སྐབས་ཆད་ཡོད་ཀྱང་། དེང་སྐབས་སོག་ཡུལ་དུ་རང་དབང་ཡོད་སྟབས་ནང་བསྟན་སླར་གཙོ་བྱ་རྒྱུའི་དུས་ལ་བབས་ཡོད་སྐོར་གསུངས་འདུག  

སྐབས་དེར་༧གོང་ས་མཆོག་གིས་མང་ཚོགས་ལ་དོལ་རྒྱལ་གྱི་བྱེད་ལས་དང་ངོ་བོ་དང་། དོལ་རྒྱལ་དང་༧གོང་ས་མཆོག་བར་གྱི་འགལ་འབྲེལ་སྐོར་ངོ་སྤྲོད་གནང་དོན། “ ༧གོང་ས་ལྔ་པའི་ཡང་སྲིད་སྐུ་མདུན་སྐུ་གོང་མར་ཆ་བཞག་ན། རྒྱལ་པོ་ཤུགས་ལྡན་ལ་དམ་དྲག་ཆེན་པོ་གནང་ཡོད། སྐུ་མདུན་སྐུ་གོང་མ་སོག་ཡུལ་དུ་ཕེབས་མཁན་ལ་ཁྱེད་ཚོ་དམ་ཚིག་ཉམས་པ་རེད། ངོས་ཀྱི་མདུན་ནས་དབང་ཞུས་ན་དམ་ཚིག་ཉམས་འགྲོ་ཡི་ཡོད་སྟབས། རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཚོིས་ངོས་ཀྱི་མདུན་ནས་ཆོས་ཞུས་ན་འགྲིག་གི་མ་རེད། སང་ཉིན་བླ་སློབ་ཀྱི་འབྲེལ་བ་འཇོག་དགོས་དུས། དོལ་རྒྱལ་བསྟེན་མཁན་སྐྱ་སེར་སུ་ཡིན་རུང་མ་ཡོང་རོགས་ཟེར་རྒྱུ་ཡིན། མ་གཞི་རྒྱལ་པོ་ཤུགས་ལྡན་བསྟེན་དང་མི་བསྟེན་སོ་སོའི་རང་དབང་རེད། གལ་ཏེ་ཚོང་དང་ལམ་འགྲོ་ཡོང་གི་རེད་ཟེར་ནས་མགོ་སྐོར་འོག་ཚུད་ཀྱི་ཡོད་ན། དེ་རིང་ནས་མཚམས་འཇོག་བྱ་ཆོག་གི་རེད། ཞེད་སྣང་རྩ་བ་ནས་དགོས་ཀྱི་མ་རེད། ཁ་མཆུ་རྒྱག་དགོས་ན་ངོས་ཀྱིས་རྒྱག་གི་རེད། དེའི་སྐྱོན་ཤེས་བཞིན་དུ་ཁྱད་གསོད་བྱས་ན་སོ་སོའི་རང་དབང་རེད། མགོ་རྟིང་སློག་སྟེ་ཕྱིན་ཀྱང་ངོས་ལ་ཁྱད་པར་མེད་ ” ཅེས་གསུངས་འདུག  

འདི་ནི་༧གོང་ས་མཆོག་སོག་ཡུལ་ཆིབས་སྒྱུར་བསྐྱངས་པ་ཐེངས་ ༩ པ་དེ་ཆགས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 5

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    ཆབ་བྲག་འདིས་དེང་སང་གང་ས་གང་དུ་སྐད་རྒྱགས་སྟངས་ལ་ལྟ་ན་མི་འདི་དུས་ཚོད་མ་འཁྱོལ་བའི་ལས་མེད་གཅིག་ཆགས་མིན་པ་མིན་འགྲོ་་་་་་་་་

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཕྱི་སོག་གིས་ནང་སོག་ལ་འགན་ཁུར་གྱིན་མེད་པ་འདྲ། གསར་འགོད་པ་དེ་ཚོས་བོད་དང་སོག་པའི་འབྲེལ་བ་དང་ད་ལྟའི་གནས་བབ་སྐོར་ལ་བཅར་འདྲའི་དང་སློབ་སྟོན་རེ་ཞུས་ན་ཅིས་མི་ཆོག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་རིགས་སོག་རིགས་མཚེ་མ་གཉིས། །
    ཟས་གོས་གཉིས་མཚུངས་དམ་ཚིག་གཅིག །
    བོད་ཆོས་དར་སའི་མི་རིགས་གཉིས། །
    སྐད་རིགས་མི་མཚུངས་དད་ས་གཅིག །

    Reply
  4. ནད་པ says:
    ལོ་ 15 སྔོན།

    སོག་ཡུལ་དུ་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་སྔར་ལས་དར་ཞིང་རྒྱས་པའི་རྟེན་འབྲེལ་གྱི་རྩ་བ་བཟང་པོ་འགྲིག་འདུག ཉེ་ཆར་འཕགས་མཆོག་ཕྱག་ན་པདྨོ་༸ རྒྱལ་བ་བསྟན་འཛིན་རྒྱ་མཚོ་གདན་འདྲེན་ཞུ་ཐུབ་པ་བྱུང་བ་དེ་ནི་ཆེས་རླབས་ཆེན་གྱི་བྱ་གཞག་བཟང་པོ་ཞིག་རེད།

    ད་དུང་སོག་པོའི་ནང་འགོང་པོ་དོལ་རྒྱལ་དམ་སྲི་འབྱུང་པོ་དེ་བསྟེན་ན་མི་འགྲིག་པའི་གནས་ལུགས་ཐད་བཀའ་སློབ་བླང་དོར་གསལ་ཞིང་རྒྱས་པ་ཞིག་གནང་བ་དེ་ནི་ལྕགས་ཚ་ཐོག་ལ་བརྡུང་བའི་དཔེ་ལྟར་ཡོངས་སུ་ཡང་དག་པ་ཞིག་རེད།

    སོག་མི་རིགས་གཉིས་ཀྱི་ཆོས་དང་། རིག་གཞུང་། སྤྱི་ཚོགས་བཅས་ཀྱི་འབཻལ་ལམ་སྔར་ལས་ལྷག་པ་ཡོང་རྒྱུའི་དགེ་མཚན྄ཆེར་མངོན། མ་འོངས་པར་མུ་མཐུད་མགོན་པོ་གང་ཉིད་ཆིབས་བསྒྱུར་བསྐྱང་ཐུབ་པའི་འབད་བརྩོན་སྤྱི་དང་སྒོས་ཧོར་སོག་ལུང་པའི་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་གྲ་སྒྲིག་གནང་ཐུབ་ན་བསྟན་དང་འགྲོ་སྤྱི་ལ་སྨིན་པའི་དོན་ཆེན་ཞིག་འགྲུབ་པ་རེད།

    ཧོར་སོག་ཡུལ་གྲུའི་དད་ལྡན་མི་ཚོགས་ཁྲི་སྟོང་མང་པོར་གཟབ་རྒྱས་གསུང་གི་བདུད་རྩིའི་གྲུ་ཆར་ཕབ་ནས་བསླབ་གསུམ་ངུར་སྨྲིག་གི་མཚན་དཔེའི་གཟི་བྱིན་དཔལ་འབར་གྱི་ལོ་འབྲས་གཡུར་དུ་ཟ་བའི་བཀྲིས་ཀྱི་དགེ་མཚན་འོད་སྟོང་འཕྲོ་བཞིན་པར་སྤྲོ་བ་ཤིན་ཏུ་བརྟས།

    སངས་རྒྱས་སྐུ་ཚེ་ཡུན་རིང་བརྟན་ཅིང་ཐུགས་འདུན་གེགས་མེད་ལྷུན་གྱི་འགྲུབ་པའི་སྨོན་ལམ་འདེབས།
    ཧོར་སོག་མི་རིགས་ཀྱི་མཐུན་བསྒྲིལ་ཁྲི་ལོར་བརྟན་པར་ཤོག།

    Reply
  5. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    སོག་ཡུལ་དུ་འཁྲུངས་པ་དེ་རྒྱལ་བ་བསོད་ནམས་རྒྱ་མཚོ་མ་ཡིན་པར། རྒྱལ་བ་བཞི་པ་ཡོན་ཏན་རྒྱ་མཚོ་ཡིན་པས། འབྲི་ནོར་ཐེབས་པ་ཞིག་ཡིན་པ་འདྲ། མཆན་འདི་རྩོམ་སྒྲིག་པར་ཕུལ་བ་ཙམ་ལས། ཀློག་པ་པོའི་མདུན་དུ་བསྟར་དགོས་དོན་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese