མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་འདིའི་འཁྲབ་ཁྲིད་པ་སུ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

དོན་འགྲུབ་བཀྲ་ཤིས།

ངས་འདི་ནས་གློག་བརྙན་རྩོམ་རིག་གི་ཁྱབ་ཁོངས་ཤིག་བཤད་ཀྱི་ཡོད་དུས། དྲ་བའི་རིག་གནས་ནང་རྩོམ་རིག་གི་བརྡ་ཆད་མི་མཛའ་གི་མ་དགོངས་ལ། རྒྱ་གར་བ་ཞིག་གི་ལོ་རྒྱུས་གླེང་གི་ཡོད་སྟབས། བོད་ཡིག་ནང་དབྱིན་ཚིག་མང་དྲགས་འདུག་ཀྱང་མ་གསུངས་རོགས།

 

གློག་བརྙན་ཡག་སྡུག་གང་ཞིག་ཡིན་རུང་དེའི་ནང་གི་འཁྲབ་སྟོན་པ་དག་གི་སྣང་བརྙན་དང་རྣམ་འགྱུར་གྱིས་འཁྲབ་སྟོན་པ་ཁོ་རང་གི་བསམ་བློའི་ཚབ་མཚོན་མི་ཐུབ་ཅིང༌། འཁྲབ་སྟོན་པའི་སྐད་ཆ་བཤད་སྟངས་དང་གྱོན་ཆས་གྱོན་ལུགས། ཐ་ན་ཁོར་ཡུག་མཛེས་སྤྲས་དང་རོལ་མོའི་རམ་འདེགས་ཚུན་དུ་ཡང་འཁྲབ་སྟོན་པ་སྒེར་གྱི་ལྟ་བ་ལངས་ཕྱོགས་དང་འབྲེལ་བ་གང་ཡང་མེད་པར། གློག་བརྙན་འཁྲབ་ཁྲིད་པ་གཙོ་བོའི་བཀོལ་བྱུས་འོག་འགྲོ་དགོས་པ་ཞིག་ཡིན། མཐར་གཏུག་ན་གློག་བརྙན་འཁྲབ་སྟོན་པ་དག་ནི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་གཙོ་བོའི་འོག་གི་ཚོང་པ་ཙམ་ཡིན་ཞིང་། གློག་བརྙན་གང་དེའི་མགོ་མཇུག་བར་གསུམ་གྱི་སྤྲོས་པ་ཐ་དག་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པའི་བསམ་བློའི་འགྱུར་བག་ཧྲིལ་བོ་དེ་ཡིན།

དེ་རིང་གསར་དུ་དབུ་འབྱེད་བྱས་པའི་གླེང་རྙོག་ཅན་གྱི་གློག་བརྙན་ << Rockstar >>ཞེས་པ་འདི་ལ་མཚོན་ན་ཡང༌།  མི་མང་པོ་ཞིག་གིས་གློག་བརྙན་བརྙན་རིས་ངོས་ཀྱི་འཁྲབ་སྟོན་པའི་འགུལ་སྐྱོད་དང་། ཁོར་ཡུག་བཞེངས་སྐྲུན་གྱི་ཡུལ་གཟུགས་དག་ལ་ཅེར་ཏེ། ཧེ་རོ་Heroརཱམ་བྷེར་ཀ་པཱོར་ལགས་སུ་དང་བའི་དད་པ་སྐྱེ་བཞིན་ཡོད་པ་ཞིག་གང་སར་མཐོང་རྒྱུ་འདུག་ཀྱང་། དེ་ནི་ ” རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་རུ་རྒྱུ་བ་མ་མཐོང་ནས། །དྭངས་བའི་མཚོ་ནང་འདི་ན་ཟླ་བ་ཞེས། །གཟུགས་བརྙན་ཟླ་བར་འཛིན་པ་བྱིས་པའི་བློ ” ཞེས་པའི་དཔེ་ཟླའོ།།


ང་ཚོའི་རྩོད་བཞིན་པའི་གློག་བརྙན་འདིའི་འཁྲབ་ཁྲིད་པ་སྐུ་ཞབས་ཨེམ་ཊའེ་རྫ
Imtiaz Ali ལགས་རེད་ལ། འཁྲབ་སྟོན་པ་སྐུ་ཞབས་རཱམ་བྷེར་ཀ་པཱོར་ Ranbir Kapoor ལགས་རེད། འཁྲབ་ཁྲིད་པ་ཨེམ་ཊའེ་རྫ་ལགས་ནི་རྒྱ་གར་ལྷོ་བའི་ལུགས་ཀྱི་ན་གཞོན་སྒྱུ་རྩལ་པ་གྲགས་ཆེན་ཞིག་ཡིན་ལ། ད་སྔ་ཁོའི་བྲིས་པའི་རྩོམ་ཡིག་དང་སྒྲུང་གཏམ། འཁྲབ་གཞུང་སོགས་མི་ཉུང་བ་ཞིག་ཡོད་པ་མ་ཟད། ཁོ་རང་གིས་འཁྲབ་ཁྲིད་བྱས་པ་དང༌། མི་སྣ་ཕལ་བ་འཁྲབ་སྟོན་བྱས་པའི་གློག་བརྙན་ཡང་ཁ་ཤས་ཡོད་པར་བཤད།

༢༠༠༥ ལོར་ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ་ << Socha Na Tha >> ཞེས་པ་ཕབ་སྐྲུན་བྱས་པ་རེད། འཁྲབ་སྟོན་མི་སྣ་གཙོ་བོར་ Abhay Deol དང་ Ayesha Takia གཉིས་བདམས་ཡོད། དེ་ནི་ཁོང་གི་གློག་བརྙན་ཐོག་མ་ཡིན་པའི་ངོས་ཐད་ནས་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ཀྱང༌། དེང་གི་གློག་བརྙན་སྒྱུ་རྩལ་སྤྱིའི་ཚད་ཐིག་སྟེང་དུ་འཁྲབ་ཁྲིད་པའི་ཉམས་མྱོང་ཐོག་ཞན་ཆ་མི་ཉུང་བ་ཞིག་ཤོར་ཡོད་རབ་གླེང༌།  

༢༠༠༧ ལོར་ཁོང་གིས་ཁྲབ་འཁྲིད་བྱས་པའི་གློག་བརྙན་གཉིས་པ་ << When We Met >> ཞེས་པ་ཕབ་སྐྲུན་བྱས་ཡོད། འཁྲབ་སྟོན་མི་སྣ་གཙོ་བོར་ Shahid Kapoor དང་ Kareena Kapoor གཉིས་བདམས་ཡོད། གློག་བརྙན་དེར་ནི་བརྩེ་དུང་གི་བསླུ་བྲིད་ཐེབས་པའི་འཆར་ཡན་གྱི་སྒྲུང་འབྲིང་ཞིག་ཡིན། གློག་བརྙན་དེའི་ནང་དུ་བོད་པའི་རིག་གཞུང་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆ་ལུགས་དང་ལ་དྭགས་ཁུལ་གྱི་འཁྲབ་གཞས་སོགས་ཡོད།

༢༠༠༩ ལོར་ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསུམ་པ་ << Love These Days >> ཞེས་པ་ཕབ་སྐྲུན་བྱས་ཏེ་རྒྱ་གར་ནང་སྐད་གྲགས་ཆེན་པོ་ཕྱིན་ཡོད། འཁྲབ་སྟོན་མི་སྣ་གཙོ་བོར་ Saif Ali Khan དང་ Deepika Padukone གཉིས་བདམས་ཡོད། འདི་ལ་ཞིབ་ཚགས་ཀྱིས་ལྟ་མྱོང་མེད་མོད། ཧ་ཅང་བག་ཡོད་ཀྱི་ཕོ་མོའི་བརྩེ་དུང་གི་སྐོར་ཞིག་ཡིན་རབ་ཐོས།

༢༠༡༡ ལོར་ཐེངས་འདིའི་གློག་བརྙན་ << Rockstar >> ཞེས་པ་འཁྲབ་ཁྲིད་བྱས་ཏེ། འཁྲབ་སྟོན་མི་སྣ་གཙོ་བོར་ Ranbir Kapoor བདམས་ཡོད། ནང་དོན་གཙོ་བོ་གཞས་པ་གྲགས་ཆེན་ཞིག་གི་མི་ཚེའི་ཤུལ་ལམ་ཡིན་ཞིང༌། གློག་བརྙན་ནང་སླར་ཡང་བོད་པའི་རྒྱལ་དར་དང་བོད་དོན་བརྗོད་ཚིག་འཁོད་པའི་འཕྲེད་དར་འཕྱར་ཡོད་ལ། བོད་མི་མང་པོ་འདུ་འཛོམས་ཀྱིས་ཞབས་བྲོ་འཁྲབ་པ་དང་དགའ་འབོད་བྱེད་བཞིན་པའི་བརྙན་རིས་ཀྱང་གང་འཚམ་ཡོད།

ཡང་སྙིང་དེ་རིང་གི་གློག་བརྙན་འདི་ཐོག་མ་ཕབ་སྐྲུན་བྱེད་སྐབས་“བོད་རང་བཙན”ཞེས་པའི་དབྱིན་ཚིག་ཅིག་ཡོད་དམ། ཕྱི་ཚེས་ ༦ ཉིན་རྒྱ་གར་གློག་བརྙན་ཞིབ་བཤེར་ཚན་པའི་ཐག་གཅོད་དེ་འདྲ་ཞིག་སུ་ལ་འབྱོར་ཡོད་དམ། གློག་བརྙན་འདིའི་ནང་གི་བོད་རང་བཙན་བཅད་གཏུབ་བྱས་པ་དངོས་འབྲེལ་ཡིན་ན། ངན་ཁག་ཕར་གཡུག་ཚུར་གཡུག་ཇི་ལྟར་བྱས་ཀྱང་། དཀའ་ངལ་དང་གནོན་ཤུགས་ལྡོག་མེད་ཅིག་གི་ཐག་གཅོད་ཡིན་པ་ལས། འཁྲབ་ཁྲིད་པ་སྐུ་ཞབས་ཨེམ་ཊེ་རྫ་ཨ་ལཱེ་ལགས་ཀྱི་ནག་ཉེས་ཤིག་ལ་ངོས་འཛིན་བྱེད་ས་ཡེ་ནས་མེད།  

སྐུ་ཞབས་ཨེམ་ཊའེ་རྫ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་དག་ལ་རྒྱ་གར་ནང་སྐད་གྲགས་ཆེན་པོ་ཡོད་ལ། ལྷག་པར་དུ་སྐུ་ཞབས་རཱམ་བྷེར་ཀ་པཱོར་ལགས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན་དག་ལ་གཅིག་ལས་གཅིག་ལྷག་གི་སྙན་གྲགས་རྒྱས་བཞིན་ཡོད་སྟབས། ཐེངས་འདིའི་གློག་བརྙན་ནང་མངོན་གསལ་དོད་པོས་བོད་ཀྱི་རྒྱལ་དར་འཕྱར་གྱི་ཡོད་པ་འདི་དག་ལ་དགའ་ཞིང་མགུ་ནས་ཡོད། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། 

འཁྲབ་སྟོན་པ་སྐུ་ཞབས་རཱམ་བྷེར་ཀ་པཱོར་ལགས་ཀྱིས་གློག་བརྙན་འདིའི་ནང་དུ་ཆབ་སྲིད་ཀྱི་གནད་དོད་ཡོད་མེད་ལ་མ་འཛེམ་པར་དང་ལེན་བྱས་པ་འདིར་ཐུགས་རྗེ་ལེགས་འབུལ་ཙམ་ཞུ་རྒྱུ་ལས། བྱེ་བྲག་གིས་ཁོང་བོད་པར་དགའ་མོས་ཡོད་མེད་བཤད་དཀའ་ལ། བོད་པའི་ཆབ་སྲིད་ཐོག་རྒྱབ་སྐྱོར་ཡོད་མེད་དེ་བས་ཀྱང་ལྐོག་གྱུར་ཞིག་ཡིན། འཁྲབ་ཁྲིད་པ་སྐུ་ཞབས་ཨེམ་ཊའེ་རྫ་ལགས་ཀྱི་འདས་པའི་ཤུལ་རྗེས་དང་ད་ལན་གྱི་གློག་བརྙན་འདིའི་ཟུར་ངོས་དག་ལས་མཐོང་ཐུབ་པ་ནི། ཁོང་གིས་གཏིང་ཟབ་ས་ཞིག་དང་རྒྱ་ཆེ་ས་ཞིག་ན་བོད་དོན་ལ་རྒྱབ་སྐྱོར་གྱི་སྟ་གོན་བྱས་མེད་དམ་སྙམ་ལ། མ་མཐར་ཡང་བོད་པར་དོ་སྣང་དང་དགའ་མོས་ཡོད་མཁན་ཞིག་ཡིན་པ་ངས་འདི་ནས་ཁ་ཚོན་བཅད་དེ་སྨྲ་སྤོབས།  །

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༡༣ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༡༤ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 15

  1. ཏ་ལའི་ཕོ་ཉ། says:
    ལོ་ 14 སྔོན།

    གང་ཡིན་ཡིན་ཡང་སངས་ཉིད་ཀློག་བརྙན་དེ་བལྟ་ཡ་ཡིན། དེས་ནས་ངས་ཀྱང་དེའི་སྐོར་རྩམ་ཞིག་བྲིས་ཡ་ཡིན། རྣམ་པ་ཚོ་རྒྱབ་སྐྱོར་གནང་རོགས།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    སྙིང་ཉེ་བའི་གློག་པ་པོ་མང་པོ་ཞིག་འདིར་ཕེབས་ཏེ་སོ་སོའི་གཟིགས་ཕྱོགས་ལྟར་ལེགས་ཉེས་ཀྱི་བསམ་ཚུལ་སྤེལ་བར་ཐུགས་རྗེ་ཆེ། ལྷག་པར་དུ་མྱི་ནག་ཚང་དང་རིག་འཛིན། དབྱིན་མིང་ penpatashi ཅན། གཉའ་ནང་ཁྱམས་པོ་སོགས་ཀྱིས་བསམ་ཚུལ་འདི་འབྲི་བ་བོར་གདེང་འཇོག་གི་ཚུལ་དུ་སྐད་ཆ་འགའ་རེ་བཤད་པར་ཡང་། ཁ་དཔེར། “ ཁ་ཡག་འཕྲོད་ན་དཀོན་མཆོག་གསུམ། བཟང་གི་དུས་དགའ་གི་འདུག ” ཅེས་པ་ལྟར། ངས་སྦུ་རག་ཅིག་གི་ཚུལ་དུ་བཞེས་རྐྱང་བྱས་ཆོག འོན་ཀྱང་། འདི་ནི་ང་ཚོའི་སྤྱི་ཚོགས་འདིའི་གོམ་གཤིས་ཤིག་ཡིན་པ་ལས། རྩོམ་ཐུང་འདི་དང་འདི་སྤེལ་བ་བོའི་རེ་བ་མིན་ལ། སྤྱིར་རིག་པའམ་དཔྱད་མཆན། (comment)ཞེས་པའི་ས་མིག་འདིའི་དམིགས་ཡུལ་ཡང་ཨེ་ཡིན་མི་ཤེས།

    ཕྱི་དྲོ་དེར་དུས་བབ་དྲ་ངོས་སུ་སྤེལ་བའི་གློག་བརྙན་སྐོར་༼ “ བོད་རང་བཙན” ཞེས་པ་ལས“བོད”ནག་གསུབ་བཏང་འདུག༽ཞེས་པའི་གསར་འགྱུར་དེ་ངའི་ལག་ཏུ་འབྱོར་ཏེ་ཞུ་དག་གཏོང་སྐབས་སེམས་ཚོར་གཞན་ཞིག་བསླེབས་སོང་ལ། དགོང་མོ་ཉལ་ཁང་དུ་འབྱོར་རྗེས་གསར་འགྱུར་དེའི་འོག་ལ་སེམས་ཚོར་ཇི་བྱུང་གི་མཆན་ཞིག་བྲིས་པ་ཡིན། ཅུང་ནན་ཏན་དང་ཞིབ་ཚགས་ཀྱི་གཤིས་ཤིག་ལྷན་སྐྱེས་སུ་ཡོད་པས་ཡིན་ནམ། ཇི་ལྟར་བསམ་པ་དེ་ཇི་བཞིན་འབྲི་བའི་རྩོམ་རྩལ་ཞན་པས་ལན། གང་ལྟར། མཆན་བུ་དེ་བྲིས་ཀྱིན་བྲིས་ཀྱིན་རིང་དྲགས་སོང་བས། ཚད་གཞི་ལོང་མིན་ཇི་ལྟར་ཡང་། དུས་བབ་བསམ་ཚུལ་ཚན་པར་མི་འགོད་ཐབས་མེད་ཆགས་སོང་ལ། འདི་ནི་ངས་དུས་བབ་དྲ་བའི་བསམ་ཚུལ་ས་མིག་དེའི་ནང་རྩོམ་ཡིག་སྤེལ་བ་ཐོག་མའང་ཡིན།

    དེང་སྐབས་ནུབ་ཕྱོགས་སུ་དར་སྲོལ་ཆེ་བའི་རྩོམ་སྟངས་ཤིག་སྟེ། རྩོམ་ཡིག་ཅིག་ལ་ཕྲན་བཤད་འབྲི་བ་དང་དབྱེ་ཞིབ་བྱེད་པ། ལྷག་པར་དུ་གློག་བརྙན་རྩོམ་རིག་ཅིག་ལ་དཔྱད་བརྗོད་སྤེལ་སྐབས། གློག་བརྙན་དེའི་འཁྲབ་གཞུང་རྩོམ་པ་པོའི་བསམ་བློའི་རྒྱབ་ལྗོངས་དང་། འཁྲབ་ཁྲིད་པའི་བཀོལ་སྒྲིག་གི་ཐབས་རྩལ། འཁྲབ་སྟོན་པའི་སྣང་བརྙན་བཞེངས་སྐྲུན་སོགས་ལ་དཔྱད་རྒྱུ་དང་། ཡང་ན། གློག་བརྙན་ནང་གི་ཁོར་ཡུག་བསྡུ་ལེན་དང་། གཏམ་བརྒྱུད་ཀྱི་བྱུང་རིམ་བཀོད་སྒྲིག མི་སྣའི་ཡིད་འགྱུར་མཚོན་ཐབས། ཀྱ་ཀྱུ་འཕྲུལ་འཛིང་ལྡན་པའི་སྒྱུ་རྩལ་འགྲོས་རིམ་སོགས་ཀྱི་སྟེང་། བྱེ་བྲག་ཏུ་བབས་ཏེ་དཔྱད་གླེང་བྱས་ན་བློ་སྐྱེད་བསྟེར་ལ། མཆན་བུ་འདེབས་མཁན་ཚོས་ཀྱང་གློག་བརྙན་རང་ངོས་ལ་གླེང་སློང་རེ་བྱ་ཐུབ་ན་དགེ་མཚན་ཆེ་བར་འདོད་དོ།།

    Reply
  3. ཨ་ལ་ལ says:
    ལོ་ 14 སྔོན།

    ང་རང་ཤེས་ཚད་དམའ་དྲགས་པའི་རྐྱེན་གྱིས་རྩོམ་ཡིག་འདིའི་ནང་དུ་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཞེས་ཚིག་དེ་གཉིས་ལ་འགྲེལ་སོ་སོར་བརྒྱབས་འདུག་པ་ལ་གོ་བ་དེ་འདྲ་ཞིག་ཏུ་རྩ་ནས་གོ་ཐུབ་ཀྱི་མི་འདུག་པས་དེའི་སྐོར་ནས་གཅིག་གསུང་རོགས་གནོངས།

    Reply
  4. གཉའ་ནང་ཁྱམས་པོ says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲ་ཤིས་དོན་ལ་ཡོད་འདུག།
    བོད་ཀྱི་དུས་བབ་དུས་སུ་བབས་འདུག།
    རྒྱ་གར་གློག་བརྙན་གློག་སྒྱུའི་གར་རེད།།
    ཨེམ་ཊའེ་རྫ་ལའེ་རྫ་མགོའི་འབྲོང་རེད།།

    གློག་བརྙན་དེ་ཅུང་ཙམ་ལྟ་ཐུབ་སོང་མོད། བོད་ཀྱི་རྒྱལ་དར་མང་པོ་མཐོང་རྒྱུ་འདུག་ལ། བོད་པ་ཡང་མང་པོ་ཞིག་གིས་གློག་བརྙན་ནང་གི་གཞས་པ་དེར་དགའ་བསུ་ཞུ་བཞིན་འདུག སྤྱིར་བཏང་གློག་བརྙན་འདིའི་སྐོར་ལ་སྐད་ཆ་མང་པོ་ཞིག་བཤད་དགོས་བསམ་ཡང་། ད་དུང་གློག་བརྙན་དེར་ཞིབ་ཚགས་ཀྱིས་ལྟ་རྒྱུ་མ་བྱུང་བས་རྗེས་ནས་གློག་བརྙན་ Rockstar ཞེས་པ་འདིའི་སྐོར་ལ་རྩོམ་ཡིག་ཅིག་འབྲི་བསམ་ཡོད།
    དུས་བབ་ཀྱིས་གསར་འགྱུར་དང་མཉམ་དུ་སྐབས་ཐོག་དཔྱད་རྩོམ་སྤེལ་བ་འདི་ལ་རྩོམ་སྒྲིག་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  5. penpatashi says:
    ལོ་ 14 སྔོན།

    རྩོམ་ཡིག་འབྲི་སྟངས་ཡག་པོ་འདུག རྩོམ་ཡིག་འདི་བོད་པའི་རྩོམ་རིག་ཁྲོད་གསར་རྩོམ་གྱི་འབྲི་སྟངས་ཤིག་ཆགས་ཡོད། ནུབ་ཕྱོགས་སུ་སྔོན་མ་ནས་རྩོམ་ཡིག་འདི་རིགས་འབྲི་སྟངས་ཤུགས་ཆེན་པོ་རེད། རྒྱ་ནག་གིས་ཀྱང་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་བ་ནས་རྩོམ་ཡིག་འདི་རིགས་འབྲི་བར་འབད་བརྩོན་ཆེན་པོ་བྱས་ཡོད་ལ། ལོ་རབས་དགུ་བཅུའི་ནང་དར་ཁྱབ་ཆེན་པོ་ཕྱིན་འདུག
    རྩོམ་ཐུང་འདི་ལ་ཁྱད་ཆོས་གསུམ་ཡོད་པ་རེད། གཅིག་ནས་པོ་སྐབས་ཐོག་གི་གནས་ཚུལ་ལ་དཔྱད་གླེང་བྱས་པ་དང་། གཉིས་ནས་གློག་བརྙན་དང་སྒྲུང་གཏམ་སོགས་རྩོམ་རིག་གཞན་ཞིག་གི་ཐོག་དབྱེ་ཞིབ་བྱས་པ། གསུམ་ནས་སྲོལ་རྒྱུན་གྱི་བརྡ་ཆད་འགའ་རེ་དེང་སྐབས་ཀྱི་ཕལ་སྐད་ཚིག་འགྲོས་ས་སྤྱད་དེ་བརྗོད་པ་སྤེལ་ཡོད་པ་སོགས་ཀྱི་དགེ་མཚན་ཡོད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    Director ལ་མཐོ་སློབ་ཀྱི་སྐབས་སུ་ངེས་སྟོན་པ་དང་། གློག་བརྙན་དང་འབྲེལ་དུས་འཁྲབ་འཁྲིད་པ་ཞེས་ཚིག་སོས་སོར་གྱེས་པ་འདི་བོད་པའི་རིགས་རྩལ་རེད་དམ་ཞན་ཆ་རེད།

    Reply
  7. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གློག་བརྙན་གྱི་ནང་དོན་དེ་ཙམ་རེད་འདུག འོན་ཀྱང་བོད་རྒྱལ་དར་འགྲེང་ནས་གཞས་དེ་ལྟ་བུ་གཏོང་བ་ནི་ངོ་མ་དགའ་འོས་པ་དང་སྤོབས་པ་སྐྱེ་ཐུབ་པ་ཞིག་ཏུ་གྱུར་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམིགས་བསལ་དུ་རན་སྦིར་ལ་ཚོར་བ་ཤུགས་ཆེན་པོའི་རྣམ་པའི་ངང་གཞས་གཏོང་བ་ལ་དགའ་བསུ་ཞུ།

    Reply
  8. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཤེལ་དཀར་བློ་བཟང་ལགས་ཀྱི་དགོངས་ཚུལ་དེར་ཡང་རྒྱུ་མཚན་འདུག འོན་ཀྱང་། སྐབས་འདིར་དོན་བཀྲའི་འབྲི་སྟངས་དེ་བདེ་བ་འདྲ་ཞིག་འདུག ༼གློག་བརྙན་དེར་ནི་བརྩེ་དུང་གི་བསླུ་བྲིད་ཐེབས་པའི་འཆར་ཡན་གྱི་སྒྲུང་འབྲིང་ཞིག་ཡིན།༽ བྱེད་སྒྲ་སྦྱོར་དགོས་མི་འདུག་སྙམ།

    Reply
  9. རིག་འཛིན། says:
    ལོ་ 14 སྔོན།

    དཔྱད་གཏམ་ཚད་གཞི་ཅན་ཞིག་བྲིས་འདུག་ལ། འབྲི་སྟངས་དང་ཚིག་སྦྱོར་སོགས་ཀྱང་ཧ་ཅང་ཡིད་དུ་ཐད་ཅིང་སྙན་འཇེབས་ལྡན་པ་ཞིག་རེད། མི་རིགས་དང་སྐད་ཡིག་གཞན་གྱི་སྟེང་གི་གནད་དོན་རིགས་བོད་པའི་སྲོལ་རྒྱུན་རྩོམ་རིག་གི་ཚིག་འགྲོས་སྤྱད་དེ་བྲིས་པ་འདི་ལ་བྲོ་བ་དམིགས་བསལ་ཅན་ཞིག་ཚོར་སོང་། དོན་འགྲུབ་བཀྲ་ཤིས་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་འདི་ལྟ་བའི་དཔྱད་གཏམ་རེ་སྤེལ་རྒྱུར་སྒུག་ཡོད།

    Reply
  10. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཞིབ་ཚགས་པོའི་སྒོ་ནས་གླེང་འདུག་བསམ་གི། རྩོམ་སྒྲིག་པའི་དོ་སྣང་ཡང་རྒྱ་ཆེན་པོ་ཡིན་པ་ཞོར་དུ་གསལ་འདུག ཐུགས་རྗེ་ཆེ།

    Reply
  11. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དྲ་གྲོགས་དོན་འགྲུབ་བཀྲ་ཤིས་ལགས། ཁོ་བོས་བལྟས་ན་གོང་གི་དེ་དང་འདི་གཉིས་རྩ་བ་ནས་འདྲ་ཡི་མི་འདུག ད་དུང་ཞིབ་ཚགས་དཔྱོད་དང་།
    སྐུ་ཉིད་ལྟར་ན་ནད་ཀྱིས་ཐེབས་པ་ལ་ནད་ཀྱི་ཐེབས་པ་ཞེས་འབྲི་དགོས་ཚོད་འདུག དེ་ལྟར་ན་བོད་ཀྱི་བརྡ་སྤྲོད་ལས་ཕྱི་རོལ་དུ་འགྱུར་བ་མ་ཡིན་ནམ།

    Reply
  12. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཤེལ་བློ་ལགས། ཉམས་མྱོང་གི་སྟེང་ནས་བཤད་ཀྱི་ཡོད་ནི་མིན་ན། ཀུ་རེ་ཡིན། རྒན་དཔལ་རྩེ་ལགས་ཀྱིས་བྲིས་པའི་༼ བརྩེ་དུང་གི་མྱ་ངན་འཁོར་བའི་བྱ་ཁྱུ་དཀར་པོ། ༽ ཞེས་པ་འདི་དང་མཚུངས་བསྡུར་བྱས་ན་གང་འདྲ་འདུག

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ངོ་སྤྲོད་ཡག་པོ་གནང་བ་མ་ཟད། རྗོད་བྱེད་ཀྱི་ཚིག་སྦྱོར་སྙན་འཇེབས་ལྡན་ལ་ཡིག་ནོར་ཀྱང་ཕལ་ཆེར་མི་འདུག འོན་ཀྱང་༼གློག་བརྙན་དེར་ནི་བརྩེ་དུང་གི་བསླུ་བྲིད་ཐེབས་པའི་འཆར་ཡན་གྱི་སྒྲུང་འབྲིང་ཞིག་ཡིན།༽ ཞེས་པའི་བརྩེ་དུང་གིས་བསླུ་བྲིད་ཐེབས་ཞེས་པར་འབྲེལ་སྒྲ་ལས་བྱེད་སྒྲ་སྦྱར་ན་ལེགས་པ་མེད་དམ་སྙམ།

    Reply
  14. རོ་ལངས། says:
    ལོ་ 14 སྔོན།

    འཁྲབ་ཁྲིད་པ་ཨེམ་ཊའེ་རྫ་ལགས་སུ་སྙིང་ནས་འཚམས་འདྲི་ཞུ།

    Reply
  15. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འདི་ལྟར་ངོ་སྤྲོད་གནང་བ་བཟང་གི མི་སྣ་འདི་རིགས་ང་ཚོའི་གཞུང་དམངས་གཉིས་ཀྱི་ངོས་ནས་མཐུན་འབྲེལ་གནང་རྒྱུ་གལ་ཆེ། ང་རང་ཚོའི་གློག་བརྙན་བཟོ་མི་ཐུབ་པས། འཁྲབ་ཁྲིད་པ་དང་འཁྲབ་སྟོན་མཁན། འཁྲབ་གཞུང་བཟོ་མཁན་རིགས་ལ་ལག་པ་གཏོང་རྒྱུ་གལ་ཆེན་པོ་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese