མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེ་སྲེག གདམ་ཀ་མེད་པའི་གདམ་ཀ

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཐེ་བོ་ཤེས་རབ་རྒྱ་མཚོ།

 

ཉེ་ཆར་ནས་བོད་ནང་ལོགས་ཀྱི་རང་ལུས་མེ་སྲེག་གི་ལས་འགུལ་རབས་དང་རིམ་པ་བྱུང་དང་འབྱུང་བཞིན་པ་འདིས། ཉིས་སྟོང་བརྒྱད་ཀྱི་རྗེས་བོད་ལ་ཡང་བསྐྱར་འཛམ་གླིང་གི་དོ་སྣང་གསར་པ་ཞིག་ བསྐྱར་འདྲེན་བྱས་ཡོད་པ་དང་། དེའི་རྐྱེན་ཀྱིས་རྒྱལ་སྤྱིའི་སྟེང་ནས་ཆབ་སྲིད་མི་སྣ་མང་པོས་རང་ལུས་མེ་སྲེག་གི་ལས་འགུལ་འདི་མཚམས་འཇོག་བྱ་རྒྱུར་འབོད་སྐུལ་བྱས་ཡོད་པ་དང་།  ྋ དཔལ་རྒྱལ་བ་ཀརྨ་པ་མཆོག་གི་གཙོས་བཙན་བྱོལ་ནང་གི་བོད་མི་རེ་ཟུང་གིས་ཀྱང་དེ་ ལྟར་ལས་འགུལ་འདི་མཚམས་འཇོག་བྱ་རྒྱུར་འབོད་སྐུལ་བྱས་ཡོད། ཁོང་ཚོས་དེ་ལྟར་འབོད་སྐུལ་བྱེད་པའི་རྒྱ་མཚན་ནི། ཚང་མས་ཁ་གཅིག་གྲག་གིས་ལས་འགུལ་འདི། དེ་འདྲའི་ཐབས་ལམ་ཡག་ཤོས་ཤིག་མིན་པའི་ངོས་འཛིན་བྱས་པས་ཡིན།

ཨ་ཅང་ཅང་། ངས་ཀྱང་རང་ལུས་མེ་སྲེག་གི་ལས་འགུལ་འདི་ཐབས་ལམ་ཡག་ཤོས་ཤིག་ཏུ་མཐོང་གི་མེད། འོན་ཀྱང་། སྐབས་འདིར་ང་ཚོ་ཚང་མས་ངེས་པར་དུ་ག་རེ་གསལ་པོ་ཤེས་དགོས་ཀྱི་འདུག་ཟེར་ན། རང་ལུས་མེ་སྲེག་གི་ལས་འགུལ་འདི་ནི་བོད་ནང་ལོགས་ཀྱི་བོད་མི་སུ་ལའང་གདམ་ཀ་ མེད་པའི་གདམ་ཀ་ཞིག་ཡིན་པ་དེ་གསལ་པོ་བྱས་ནས་ཤེས་དགོས་ཀྱི་འདུག

ངས་ དེ་རིང་འདིར་འདས་པའི་མི་ལོ་བཅུ་ལྷག་རིང་གི་བོད་མིའི་ཐོག་ལ་གནས་ཚུལ་སྡུག་པོ་ ག་རེ་བྱུང་ཡོད་མེད་སྐོར་ལ་མ་གཏོགས། མི་ལོ་ལྔ་བཅུ་ལྷག་གི་རིང་ལ་བོད་མི་ཚོས་རྒྱ་གཞུང་གི་གདུག་རྩུབ་འོག་སྡུག་སྲན་ བྱས་པ་དེའི་སྟེང་ཕྱིར་ཤིག་བརྒྱབ་ནས་སྐད་ཆ་བཤད་རྒྱུ་དེ་གནས་སྐབས་རིང་ལོགས་ སུ་བཞག་ནས་བཤད་རྩིས་མིན།

བློ་ བཟང་སེངྒེའི་བཀའ་ཤག་གི་ཡར་སྔོན་ཏེ། ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་བོད་རྒྱའི་བར་གྱི་གནད་དོན་ཐག་གཅོད་སླད་གུ་ བཤང་ཆེན་པོ་བྱས་པ་དེར་བོད་ཕྱི་ནང་གི་བོད་མི་རྩོམ་པ་པོ་དང་དགེ་རྒན་བཅས་སྤྱི་ ཚོགས་ཁྲོད་ཀྱི་ལས་རིགས་སྣ་ཚོགས་སྟེང་ཡོད་པའི་གནད་ཡོད་མི་སྣ་མང་པོས་ བརྒྱུད་ལམ་ཁག་ནས་བཀའ་ཤག་གིས་རྒྱ་ནག་གཞུང་ལ་གུ་བཤང་བྱས་དྲགས་པའི་རྣམ་འགྱུར་ བསྟན་ནས་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་བཤད་ན། ཁོང་ཚོས་མཚོན་པའི་བོད་མི་མང་པོས་སེམས་ཀྱི་ཟུར་ན་རེ་བ་ཆུང་ཆུང་ཞིག་ཀྱང་བཟུང་ ཡོད་པ་རེད།

ཡིན་ ཡང་བློ་ཕམ་པའི་གནས་ཚུལ་ཞིག་ནི་རྒྱ་ནག་གཞུང་ཕྱོགས་ནས་བོད་རྒྱའི་བར་གྱི་གནད་ དོན་ངོ་མ་གང་ཡིན་གྱི་སྐོར་ལ་དངོས་ཐོག་བདེན་འཚོལ་གྱིས་ཐག་གཅོད་བྱེད་རྒྱུ་ལས་ ལྡོག་སྟེ། ཨོ་ལིམ་ཕིག་རྩེད་འགྲན་མཇུག་རྫོགས་རྗེས་རྒྱལ་སྤྱིའི་སྟེང་ལ་  “རང་དོན་འགྲུབ་ན་ཆ་ལུགས་བཙོག་ཀྱང་བཙོག་”  པའི་རྣམ་འགྱུར་བསྟན་ནས་རེ་བ་ཆུང་ཆུང་ཙམ་ལས་མེད་པའི་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་དུ་བཅུག་ཡོད།

ང་ ཚོ་ཧ་ཅང་ཐག་རིང་དུ་འགྲོ་མི་དགོས་པར་འགྲམ་པ་ལག་པས་སྐྱོར་ཏེ་ལོ་བཅུའི་ཡར་ སྔོན་གྱི་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་སུ་རྒྱ་ནག་གཞུང་ལ་གུ་བཤང་བྱས་ པའི་གནས་ཚུལ་དེའི་ཐོག་ལ་བསྐྱར་དུ་བསམ་གཞིག་གིས་ཕྱིར་དྲན་ཞིག་བྱོས་དང་། ད་ང་ཚོ་ལ་ད་དུང་བྱ་རྒྱུ་ཅི་ཞིག་ལྷག་འདུག་གམ། དྲི་བ་འདི་ནི་རང་བཞིན་གྱིས་འཁོར་ཡོང་བ་ཞིག་སྟེ། འདི་ལ་ངས་གཅིག་གཅིག་གཉིས་གཉིས་ཀྱིས་ལན་གདབ་མི་དགོས་པར་ཁྱེད་ཀྱིས་མིག་གཉིས་ བཙུམས་ནས་བལྟས་ཀྱང་ལན་དེ་ཧ་ཅང་གསལ་གསལ་ཐིང་ཐིང་མཐོང་ཐུབ་པ་ཞིག་ཡིན་ལ། དེ་ནི་ད་ལྟ་བོད་ཕྱི་ནང་གཉིས་སུ་བྱུང་དང་འབྱུང་མུས་ཀྱི་རང་ལུས་མེ་སྲེག་གི་ ལས་འགུལ་གསར་པ་འདི་ཡིན་པ་སྨོས་ཅི་དགོས།

དེར་ བརྟེན་ངས་ཀྱང་དེ་རིང་འདི་ནས་རང་ལུས་མེ་སྲེག་གི་ལས་འགུལ་འདི་མཚམས་འཇོག་བྱ་ རྒྱུའི་འབོད་སྐུལ་གནང་མཁན་དག་ལའང་ལྡོག་འབོད་གཅིག་རང་གཅིག་བྱེད་འདོད་བྱུང་ སོང་། ཐུགས་རྗེ་གཟིགས། ཁྱེད་རྣམ་པར་རང་ལུས་མེ་སྲེག་གི་འབྱུང་རྐྱེན་ངོ་མ་དེ་བཀག་སྡོམ་བྱ་རྒྱུའི་ ནུས་སྟོབས་མེད་ཚེ། རང་ལུས་མེ་སྲེག་གི་ལས་འགུལ་འདི་མཚམས་འཇོག་བྱ་རྒྱུའི་འབོད་སྐུལ་མ་གནང་རོགས། ལས་འགུལ་འདིའི་འབྱུང་རྐྱེན་དང་འགན་ཆ་ཚང་རྒྱ་ནག་གཞུང་ལ་ཁོ་ན་ཡོད་པ་མ་གཏོགས། ང་ཚོའི་ཕྱོགས་སུ་གཏན་ནས་མེད། ཡང་གཅིག་བཤད་ན། མི་སུ་ལའང་སོ་སོའི་སེམས་ཁོང་གི་མངོན་འདོད་ངོ་མ་དེ་གཞན་གྱི་ཚེ་སྲོག་དང་འཚོ་ བ་ལ་གནོད་འཚེ་མེད་པའི་ཐོག་ནས་གསལ་བཏོན་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་རྒྱལ་ སྤྱིའི་ཁྲིམས་སུ་བཅས་ཡོད་པ་ཞིག་ཡིན།

མ་གཞི་རྒྱུ་འབྲས་ཀྱི་ཐོག་ནས་བཤད་ན་འདི་རྒྱུ་མ་ཡིན་པར་འབྲས་བུ་ཡིན་པས། རྒྱུ་འགོག་ཐབས་མ་བྱས་ཚེ་འབྲས་བུ་བཀག་ཅིང་མི་ཁོག་པ་ནི་ཆོས་ཉིད་ཡིན་པ་དང་། འདི་ཙམ་ནི་རྒྱུན་ཤེས་ཕྲན་བུ་ཞིག་ཡིན་པས་སུ་ལའང་གསལ་བཤད་ཞུ་ག་ལ་དགོས།

ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གིས་ལོ་བཅུའི་ཡར་སྔོན་གངས་ཅན་སྐྱིད་གཤོང་ནས་མ་ འོངས་པ་ན་དེ་རིང་གི་འདི་ལྟ་བུའི་གནས་སྟངས་སྐྱི་གཡའ་འཇིགས་རུང་ཞིག་ཆགས་སྲིད་ པ་དང་། སྐབས་དེར་ཐོན་ན་དེའི་འགན་ཚང་མ་རྒྱ་ནག་གཞུང་ལ་ཡོད་པའི་ཉེན་བརྡ་ཧ་ཅང་གསལ་པོ་ བྱས་ནས་བརྒྱབ་ཡོད་པ་རེད།

ཡིན་ ཡང་། རྒྱ་ནག་གཞུང་ངོས་ནས་ད་དུང་མུ་མཐུད་དངོས་ཐོག་བདེན་འཚོལ་མི་བྱེད་པར་ཀླད་རྙིང་ མཁྲེགས་བཟུང་གིསདཔུང་ངོམ་ཁོ་ནས་གནས་བབ་སྡུག་པོ་འདི་ད་མུས་སུ་བཞག་སྟེ་བོད་ རྒྱའི་བར་གྱི་གནད་དོན་ཐག་གཅོད་བྱེད་རྒྱུར་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་གཏན་ ནས་མ་བསྟན་པའམ་འགྱུར་བ་ཞིག་མ་བཏང་ཚེ། དེའི་རྐྱེན་ཀྱིས་འབྱུང་འགྱུར། སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ཡོད་པའི་བོད་ཀྱི་ས་གཞི་ཆེན་པོ་ འདིའི་ཐོག་ལ། དེ་རིང་གི་དཀྱིལ་ཤར་ཡུལ་གྲུའི་ནང་ལ་ག་རེ་འབྱུང་གི་ཡོད་པ་དེ་འབྱུང་རྒྱུ་ཡིན་ པ་བདག་གིས་ཁ་མཚོན་བཅད་ནས་བཤད་ཐུབ་ཅིང་། གནས་བབ་དེ་འདྲ་ཞིག་འགོ་བརྩམས་པའི་ཉིན་མོ་དེ་ནི་ྋགོང་ས་མཆོག་སྐུ་མྱ་ངན་ལས་ འདས་པའི་ཕྱིར་ཉིན་དེ་རང་ལ་ཡིན་སྲིད་པའང་བདག་གིས་གཏན་འཁེལ་ནས་བཤད་ཐུབ། དེར་བརྟེན་ད་ལྟ་ང་ཚོས་ཕྱོགས་སྣ་སྒོར་མོ་ནས་བསམ་གཞིག་ཞིབ་མོ་བྱས་བལྟས་ན་ལྟད་ མོ་ཚ་བོ་དེ་ད་དུང་མཇུག་ན་ལྟ་ཆོག་ཆོག་དང་ཡོང་ཆོག་ཆོག་གིས་བསྒུགས་ནས་བསྡད་ ཡོད་པ་དང་། རྒྱ་ནག་གཞུང་གི་བྱེད་སྟངས་འདི་ནི་ལྟད་མོ་ཚ་བོ་དེའི་མཇུག་བསྡུས་པ་མ་ཡིན་པར་ འགོ་བརྩམས་པ་ཙམ་ཡིན་པས། དེའི་མཐོ་རླབས་ཞེ་འདར་དགོས་པ་དང་དང་མཐའ་འབྲས་འཇིགས་སུ་རུང་བ་ངོ་མ་དེ་འདིའི་ རྗེས་ན་ཡོད།

ཨ་ ཅང་ཅང་། སྐབས་དེར་ཐོན་ན་དེའི་འགན་དེ་ཡང་རྒྱ་ནག་གཞུང་ལ་ཁོ་ན་ཡོད་པ་བཤད་ཅི་དགོས། ང་ལ་དེ་རིང་འདི་ལྟའི་ཧམ་སེམས་ཀྱིས་ཚོད་དཔག་ཆེན་པོ་ཞིག་བྱེད་པའི་སྙིང་སྟོབས་ དང་རྒྱུ་མཚན་འདང་ངེས་ཡོད་ལ། དེ་ནི་མོ་པ་ངན་པ་ཞིག་གིས་མོ་བརྒྱབ་པ་ལྟར་མ་ཡིན་པར་ད་བར་ངས་རྒྱ་ནག་གཞུང་གིས་ བོད་ཀྱི་གནད་དོན་ཐོག་ལ་བསམ་གཞིག་གཏན་ནས་མ་བྱས་ཚེ་དེའི་རྐྱེན་གྱིས་བོད་མི་ ཚོའི་ངོས་ནས་ཅི་ཞིག་བྱེད་སྲིད་པ་རེད་སྙམ་པ་དེ་ཚོ་ཚང་མ་ཁོ་ཚོས་ད་བར་དེ་ག་རང་ བྱས་སོང་། དེར་བརྟེན་དེ་རིང་ངས་ཡང་བསྐྱར་འདས་མ་ད་གསུམ་གྱི་བོད་རྒྱའི་བར་གྱི་གནད་དོན་ ལ་ཁྱུག་ཙམ་བལྟས་ནས་ཕྱོགས་ཕན་ཚུན་གཉིས་ཆར་ཕན་ཐོགས་ཡོད་པའི་སྐད་ཆ་ཞིག་བཤད་པ་ ཙམ་ཡིན་ལ། འདི་ནི་ང་རང་ཉིད་འགྲོ་བ་མི་ཞིག་དང་ལྷག་པར་དུ་བོད་མི་ཞིག་ཡིན་པའི་རྒྱུ་མཚན་ གྱིས་འབྱུང་འགྱུར་བོད་རྒྱའི་བར་གྱི་མཛའ་འབྲེལ་ལ་འགན་ཞིག་འཁུར་བ་ཙམ་ལས་གཞན་ ཅང་མིན།

 

འབྲེལ་ཡོད་གསར་འགྱུར།

NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

སྐར་མ ༡༨ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡

མཆན། 6

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྐྱེས་ཚུལ་ཚང་མ་འདྲ་ན་ཡང། འཆི་ཚུལ་ཁྱད་པར་ཆེ་བ་སྟེ།
    དཔའ་བོ་དཔའ་བོའི་ལམ་དུ་སྐྱོད། ཤི་བ་གཟི་བརྗིད་ལྡན་པར་བྱེད།

    རང་གི་སྲོག་གིས་བདེན་བདར་བ། འདི་ལས་ལྷག་པའི་དཔང་རྟགས་མེད།
    ཐོས་དང་བཤད་པ་བརྒྱ་སྟོང་ལས། འདི་འདྲ་རེ་རེས་ཀུན་སེམས་གཡོ།

    གཉེན་གྱིས་མཆི་མ་ལྷུང་བྱེད་ཅིང། དགྲས་ཀྱང་ལྟ་བར་མི་བཟོད་པ།
    བདེན་དོན་ཞི་བའི་རྒོལ་ཚུལ་འདིས། བདེན་པ་ཉིད་ནི་རྒྱལ་བར་འགྱུར།

    Reply
  2. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ཐེ་ཤེར་ལགས་ཀྱིས་བཤད་པ་རྒྱུ་མཚན་དང་ལྡན་པ་ཞིག་རེད།  བོད་མི་ཚོས་རང་ལུས་རྩ་ཆེན་ཡིན་པ་དང་གྲངས་ཉུང་མི་རིགས་ཡིན་པ་མ་ཤེས་པར་དེ་འདྲ་བྱས་པ་མ་རེད་དྲན་སོང་གང་ཡིན་ཟེར་ན། རྒྱ་ནག་དམར་གཞུང་གིས་བོད་ཐོག་དྲག་གནོན་ཚོད་མེད་བྱས་འབྲས་ལས་བྱུང་བ་ཞིག་ཡིན་པ་ལས་བོད་མི་ཚོ་སྣང་བ་མཐོ་དྲག་ནས་འདུག་མ་བཟོད་པར་བྱས་པ་ཞིག་མ་རེད།  དུས་ནམ་ཡང་རྒྱ་ནག་དམར་གཞུང་གིས་དྲན་བདེན་གྱི་ལམ་དུ་མ་སྐྱོད་པར་བོད་མིའི་ཞི་བའི་ངོ་རྒོལ་འཚམས་འཇོག་བྱེད་མི་སྲིད་ལ་བྱེད་ཐབས་ཡང་ཡོད་པ་མ་རེད། 

    Reply
  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    གསེར་མིག་འབྲུག་གྲགས་ལགས་ཀྱིས་དགོངས་ཚུལ་གསུང་བར་དགའ་བསུ་ཞུ། འོན་ཀྱང་འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ། མ་གཞི་ངས་ངའི་རྩོམ་ཡིག་འདི་ཐོག་དང་པོ་འབྲི་ནས་ཁུངས་བཙན་པ་དང་མི་རྣམས་ངས་གང་བྲིས་པར་ཡིད་ཆེས་འཕེར་བའི་ཕྱིར་འབད་བརྩོན་དང་བསམ་གཞིག་ཅི་ཡང་བྱས་མེད། ངས་ལོ་འདི་ཚོའི་རིང་རྣ་བ་དང་མིག་གཉིས་སྤྱད་ནས་གང་མཐོང་ཞིང་ཐོས་པ་དག་འདིར་བྲིས་པ་ཙམ་ཡིན། ང་ཚོ་ཚང་མ་ཆབ་སྲིད་སྐྱབས་བཅོལ་བ་རེད། དེར་བརྟེན་ཉིན་རེ་བཞིན་བརྒྱུད་ལམ་ཁག་ནས་ཚོར་བ་རྣོ་བའི་ཆབ་སྲིད་ཀྱི་སྐད་ཆ་མང་པོ་ཞིག་རྣ་བ་དང་མིག་ནང་ལ་འཛུལ་ཡོང་གི་རེད། རྣམ་ཤེས་གཏད་ནས་བསྡད་ན་ཧ་ཅང་གསལ་པོ་ཤེས་ཀི་རེད། བོད་ནང་ནས་བཀའ་ཤག་གིས་གུ་བཤང་དང་བསྟུན་ཐབས་བྱས་དྲགས་འདུག་ཟེར་ནས་སྐྱོན་བརྗོད་བྱེད་མཁན་དེ་ཚོ་ངས་འདི་ནས་ཀན་དང་ཁོ་རེད་ཟེར་ནས་གཤིན་རྗེ་ལས་མཁན་མངོན་སུམ་དུ་བྱོན་པ་ལྟ་བུའི་རྒྱ་ལག་ཏུ་འཇོག་མི་ཕོད་ཀི ཕྱི་ལོགས་ནས་བཀའ་བློན་ཁྲི་ཟུར་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྩོམ་པ་པོ་དང་། གསར་འགོད་པ་སོགས་གནད་ཡོད་མི་སྣ་མང་པོས་སྐྱོན་བརྗོད་བྱས་ཡོད་པ་ང་ཚོ་ཚང་མས་མཐོང་གསལ་རེད། དེ་ཚོས་སྐད་ཆ་ཅི་བཤད་རེ་རེ་བཞིན་འདིར་འབྲི་དགོས་དོན་མི་འདུག གལ་སྲིད་རང་ལ་ཤེས་འདོད་ཡོད་ན། གྷོའུ་གྷལ་དྲ་ཐོག་ནས་འཚོལ་དང་རིག་རྒྱུ་མང་ནི་རེད། དེ་ཙམ་ཡིན།

    Reply
  4. རྟེན་འབྱུང་། says:
    ལོ་ 14 སྔོན།

    ཁྱེད་རང་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། གཞིས་བྱེས་གཉིས་ནས་ལས་འགུལ་རེ་བརྩམས་སྐབས་ཁ་ཤས་ཞིག་གིས་ཞེ་དྲག་བསམ་བློ་གཏོང་ཤེས་མདོག་དང་བྱང་སེམས་ཆེ་མདོག་གིས་བཀག་འགོག་གནང་བ་ཁྱོན་ནས་ཡག་པོ་མི་འདུག། དངོས་ནས་བྱེད་བསམ་ན་འཛམ་གླིང་ཕྱི་ནང་དང་རྒྱ་མི་རིགས་སོགས་ལ་གསལ་བཤད་དང་། འབོད་སྐུལ། ངོ་རྒོལ་སོགས་བྱེད་ཐབས་ཡོད་ཚད་གནང་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱེད་ན་ད་བཟོད་ང་ཚོ་སྤུན་ཟླ་ཚོའི་ཚེ་སྲོག་སྐྱོབ་ཐུབ། དེ་མིན་གནས་སྐབས་རེ་བཀག་འགོག་རེ་གནང་བསྡད་ན་མཐའ་མ་ཉེན་ཁ་ཆེན་པོ་ཡོང་རྒྱུ་དང་ཉེན་ཁ་ཆེན་པོ་ཞིག་བཟོས་པ་དང་གཅིག་མཚུངས་རེད།

    Reply
  5. གསེར་མིག་འབྲུག་གྲགས། says:
    ལོ་ 14 སྔོན།

    སྤྱིའི་ཆ་ནས་བསམ་ཚུལ་ཡག་པོ་འདུག་ ཡིན་ཡང་ཕྱོགས་ཁ་ཤས་ཤིག་ལ་ཁྱེད་ཀྱི་
    ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་རྒྱ་ནག་ལ་གུ་བཤང་ཆེ་དྲགས་འདུག་ཟེར་སྐབས་ཕྱོགས་གང་འདྲ་ཞིག་ནས་རྒྱ་ནག་ལ་གུ་བཤང་ཆེ་དྲགས་སྟངས་དྲགས་ལུགས་གང་འདྲ་རེད། དེར་མ་ཟད་གལ་ཏེ་ཁྱེད་ཀྱི་བརྗོད་པ་བཞིན་ “བོད་ཕྱི་ནང་གི་བོད་མི་རྩོམ་པ་པོ་དང་དགེ་རྒན་བཅས་སྤྱི་ ཚོགས་ཁྲོད་ཀྱི་ལས་རིགས་སྣ་ཚོགས་སྟེང་ཡོད་པའི་གནད་ཡོད་མི་སྣ་མང་པོས་ བརྒྱུད་ལམ་ཁག་ནས་བཀའ་ཤག་གིས་རྒྱ་ནག་གཞུང་ལ་གུ་བཤང་བྱས་དྲགས་པའི་རྣམ་འགྱུར་ བསྟན་ནས་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་” ཅེས་པར་བརྒྱུད་ལམ་གང་ནང་སྤྱི་ཚོགས་ཁྲོད་ཀྱི་གནད་ཡོད་མི་སྣ་དང་རྩོམ་པ་པོ་དེ་བཞིན་དགེ་རྒན་སོགས་མི་སྣ་སུ་ཞིག་སྐྱོན་བརྗོད་གང་ཞིག་བྱས་ཡོད་དམ། དཔེ་མཚོན་ཙམ་ཞིག་གསུང་རྒྱུ་ཡོད་ན་རྩོམ་གྱི་ཁུངས་བཙན་པ་དང་ཀློག་མཁན་ཚོ་ཡང་ཁྱེད་ཀྱི་གང་བཤད་པར་ཡིད་ཆེས་འཕེལ་བ་ཡོང་ངེས་ཡིན།

    Reply
  6. བསེ་རུ། says:
    ལོ་ 14 སྔོན།

    ཚོད་དཔག་མ་རེད་ལ། ལུང་བསྟན་ཡང་མ་རེད།
    རྒྱུ་སྔོན་སོང་གི་འབྲས་བུ་རྗེས་སུ་སྨིན་རྒྱུ་ཡིན་པའི་ཆོས་ཉིད་ཅིག་བསྟན་འདུག
    གང་དུ་བཙན་དབང་གི་རྒྱུ་ཡོད་ན་དེར་ངོ་ལོག་གི་འབྲས་བུ་ཡོད་ཡོད་པ་རེད།

    ཚོད་དཔག་མིན་ལ། ལུང་བསྟན་ཡང་མིན།
    བོད་རྒྱ་ཞི་འགྲིག་ཡོང་བར་རེ་བ་ཇེ་ཕྲ་ནས་ཇེ་ཕྲར་འགྱུར་ངེས་ལ།
    བོད་མི་ཚོའི་སེམས་ཀྱི་རྨ་ཁ་ཇེ་ཆེ་ནས་ཇེ་ཆེར་འགྱུར་ངེས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese