མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུན་ལས་གསར་འདེམས་གནང་།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་སྐབས་གསུམ་པའི་རྒྱུན་ལས་གསར་འདེམས་གནང་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་སྐབས་གསུམ་པའི་རྒྱུན་ལས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཞི་བ་སྐོང་ཚོགས་གནང་སྟེ། སྐབས་གསུམ་པའི་རྒྱུན་ལས་གསར་འདེམས་དང་རྩིས་སྤྲོད་རྩིས་ལེན་གནང་ཡོད་འདུག གསར་དུ་བདམས་ཐོན་བྱུང་བའི་སྐབས་བཞི་བའི་རྒྱུན་ལས་དག་ནི། ཚོགས་གཙོ་ཚེ་དབང་། ཚོགས་གཞོན་དགེ་བཤེས་རྣམ་རྒྱལ། དྲུང་ཆེ་ལམ་བཟང་། དངུལ་གཉེར་འཕྲིན་ལས་རྡོ་རྗེ། རྩིས་པ་ཡེ་ཤེས་དགྲ་འདུལ་བཅས་ཡིན་འདུག  

ཚོགས་གཙོ་ཟུར་བ་བློ་བཟང་དཔལ་ལྡན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ དེ་རིང་སྦེལ་ཀོབ་གངས་ལྗོངས་རང་ལྡན་རྩོད་ལེན་མཐུན་ཚོགས་ཀྱི་སྐབས་གཉིས་པའི་རྒྱུན་ལས་དུས་ཚོད་རྫོགས་ཡོད་སྟབས། འགན་འཛིན་ལྷན་ཚོགས་ཚོགས་ཏེ་སྐབས་གསུམ་པའི་རྒྱུན་ལས་གསར་འདེམས་གནང་བ་རེད། འདས་པའི་ལོ་གསུམ་རིང་ཚོགས་པ་འདིས་ལྷོ་ཕྱོགས་གདན་ས་ཁག་གི་དགེ་འདུན་པ་ཚོར་སྣེ་ཁྲིད་དེ་བོད་པའི་རྩ་དོན་ཐོག་ལས་འགུལ་སྤེལ་བ་ལས་གཞན། རིག་གནས་བགྲོ་གླེང་དང་། མཁས་པ་གདན་ཞུའི་འཆད་འཁྲིད། དེ་བཞིན། དབྱིན་ཡིག་གི་འཛིན་གྲྭ་བསྒྲུབ་པ་སོགས་ཆབ་སྲིད་དང་རིག་གཞུང་ཐོག་ལས་ཀ་བྱས་པ་ཡིན ” ཞེས་ངོ་སྤྲོད་གནང་སོང་།

ཁོང་གིས་ཚོགས་པའི་ཚོགས་མི་དང་ཆབ་སྲིད་ལྟ་གྲུབ་སྐོར་བརྗོད་པ་ལྟར་ན། སྦེལ་ཀོབ་དང་མོན་གྷོ་གཉིས་ཀར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ས་གནས་ལྟ་བུ་ཡོད་པ་དང་། ད་ཆར་ཚོགས་མིའི་ཁོངས་སུ་གདན་ས་གསུམ་གཙོས་པའི་ལྷོ་ཕྱོགས་དགོན་སྡེ་ཁག་གི་དགེ་འདུན་པ་ ༤༠༠ མ་ཟིན་ཙམ་ཡོད་འདུག་ལ། ཚོགས་པའི་ལངས་ཕྱོགས་ཐད་རང་བཙན་དང་དབུ་མ་ཞེས་ཆིག་གཅོད་མེད་པར་ལས་དོན་གཙོ་བོ་ཆབ་སྲིད་ལས་འགུལ་དང་རིག་གཞུང་ཁྱབ་སྤེལ་ཐོག་འགན་འཁུར་གྱི་ཡོད་འདུག

ཚོགས་པའི་དམ་བཅའ{ ཆོལ་གསུམ་གྱི་ས་གནས་ཡོངས་རྫོགས་ལ་མི་རིགས་གཞན་པའི་ཐེ་གཏོགས་མེད་པར། འགན་སྲུང་བྱེད་པའི་དབང་ཚད་ཆ་ཚང་ལྡན་པའི་གོང་བུ་གཅིག་གྱུར་ལྡན་པའི་བོད་ཡུལ་ཞིག་རྩོད་ལེན་བྱ་རྒྱུ }ཞེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༨ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 17

  1. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ད་རྒྱུར་པ་ཕྱིན་ཡོད་རེད་མ་གཏོག་སྔོན་མ་ཡིན་མི་དེ་དག་སྐད་འབོད་ལ་ཁ་གཡར་ཏེ་་མཡེ་སོར་རུམ་ནང་སྡོད་སྡོད་མཁན་ཡིན་པ་

    Reply
  2. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ད་རྒྱུར་པ་ཕྱིན་ཡོད་རེད་མ་གཏོག་སྔོན་མ་ཡིན་མི་དེ་དག་སྐད་འབོད་ལ་ཁ་གཡར་ཏེ་་མཡེ་སོར་རུམ་ནང་སྡོད་སྡོད་མཁན་ཡིན་པ་

    Reply
  3. བཀྲ་ཤིས། says:
    ལོ་ 15 སྔོན།

    གྲ་པ་ཚོ་འདུག་མི་ཐུབ་པར་ཞབས་འདྲེན་བྱེད་ས་ཡོང་གི་འདུག འདི་ལྟར་བྱས་ན་སངས་རྒྱས་ཀྱི་བསྟན་མེད་པ་བཟོ་མཁན་དེ་གྲ་པ་དེ་ཚོ་ཆགས་ས་རེད། ཕྱིན་ཆད་གཟབ་གཟབ་ཀྱིས་འདི་ལྟ་མ་བྱས་ན་ཡག་ས་རེད།
    སངས་རྒྱས་ཀྱིས་ང་མིན་ང་འདྲ་གཅིག་གིས་བཤིག་གསུང་་་དེ་ག་རེད་ཞག་་

    Reply
  4. དྲག་རླུངས། says:
    ལོ་ 15 སྔོན།

    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་སྐབས་གསུམ་པའི་རྒྱུན་ལས་གསར་འདེམས་གནང་ཡོད་པ་ཐོས་པའི་དགའ་སྤྲོ་སྐྱེས་སོང་།
    གང་ཡིན་ཟེར་ན་ང་ཚོ་བོད་མི་སྤྱི་བོར་གནམ་ལྟན་ཞིག་ཡིན་ཕྱིན་ཉེ་རིང་ཆགས་ལྡེང་དང་བྲལ་བའི་གང་ཟག་ཁྱད་འཕགས་ཞིག་གམ། ཡང་ན་ཕྱི་མགོ་ནང་ཚོང་བྱས་ནས་མགོ་འཇུག་མེད་མཁན་ཞིག་ཡིན་ན་མ་གཏོགས་བོད་མི་ཡོངས་ནས་བོད་ཀྱི་རྩ་དོན་དེ་མགོ་ནས་༧སྐྱབས་མགོན་རིན་པོ་ནས་བཟུང་བོད་མི་ཡོད་དོ་ཅོག་གི་ཁུར་དུ་ལེན་གྱིན་ཡོད་པས་ཡིན།
    བོད་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  5. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རྣམ་རྟོག་སློང་མཁན་གྱི་མཆན་འདྲ་མ་སྤེལ་ན་ཡག་གི་རེད། གྲ་བས་ལས་འགུལ་སྤེལ་ན་འགྲིག་གི་མེད་ན། ཉེ་ཆར་ཀིརྟི་དགོན་པའི་གྲ་བ་བརྒྱ་ལྷག་གིས་གོམ་བགྲོད་བྱེད་པ་དེ་ཡང་ནོར་བ་ཡིན་ནམ། ཁོང་ཚོས་ལས་འགུལ་སྤེལ་བ་དེ་ཡང་གྲ་བའི་མཚན་ཤས་བཟོ་བཞིན་ཡོད་དམ། ལྟད་ངན་གྱི་སྐད་སྒྲ་མ་གྲགས་རོགས། བོད་རྩ་དོན་དང་འབྲེལ་བའི་ལས་འགུལ་དེ་སྐྱ་སེར་སུས་སྤེལ་བ་ཡིན་ན་ཡང་དགའ་བསུ་ཞུ་རྒྱུ་ཡིན།

    Reply
  6. གྲྭ་རྐྱང་། says:
    ལོ་ 15 སྔོན།

    ཁྱེད་ཅག་གིས་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་ཕྱག་ལས་གང་མང་གནང་རོགས་ཞུ་རྒྱུ་དང་ང་ཚོས་དུས་རྟག་ཏུ་ཁྱེད་ཅག་ལ་རྒྱབ་སྐྱོར་ཡོད། བཀྲ་ཤིས་བདེ་ལེགས་ཞུ།

    Reply
  7. ཁ་བའི་བུ། says:
    ལོ་ 15 སྔོན།

    ཚོགས་གཙོ་གསར་པ་དང་། རྒྱུན་ལས་གསར་པ་ཡོངས་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཆབས་ཅིག་ཁྱེད་རྣམས་པའི་བྱ་བ་ལམ་ལྷོང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

    དེ་ནི་ཁྱེད་ཚོའི་མིན་ལ་ངའི་ཡང་མིན། དེ་ནི་མི་ིརགས་ཤིག་དང་། རྒྱལ་ཁབ་ཞིག་གི་དོན་དུ་ཡིན་པས་ངས་ཁྱེད་ཚོར་ཡིད་སྨོན་ཞིང་བསྔགས་བརྗོད་ཚད་མེད་ཡོད། ང་ནི་གང་ཡང་མི་ཤེས་ཁར་གང་ཡང་མི་འཇོན་མཁན་ཞིག་ཡན་ན་ཡང་། གོང་དུ་༼ཨ་མའི་བུ་༽སོགས་བྱབ་ཆུང་བ་རྣམས་བཞིན། རང་ཉིད་ཀྱིས་གང་ཡང་མི་འཇོན་པ་མ་ཟད། ལྷག་བསམ་སེམས་ཤུགས་ནི་ནམ་མཁའི་མེ་ཏོག་ལྟར་དུ་ཡོད་ན་ཡང་། གཞན་ལ་སྐྱོན་བརྗོད་དང་། སྨྲ་འབེབས་བྱེད་པའི་བུད་མེད་ཐབས་ཆག་གི་བྱེད་བབ་གོམས་གཤིས་དེ་ང་ལ་མེད།
    ཁྱེད་དེ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་རྟག་ཏུ་རྒྱས་གྱུར་ཅིག བོད་རྒྱལ་ལོ།

    Reply
  8. ཨ་མིའི་བུ། says:
    ལོ་ 15 སྔོན།

    སྐུ་མཁྱེན་ད་ནས་གྲྭ་བ་ཚོ་འདི་འདྲ་མ་བྱས་ན་ཡག་གི་རེད། གྲྭ་བས་ལས་འགེན་ནོར་སོང་། ཆོས་དང་ཆས་སྲིད་ཉམ་དུ་ཡོང་གི་མ་རེད། མ་འཇོན་འཇོན་མདོག་མ་བྱས་ན་ཡག་གི་རེད། སོ་སོས་ལས་འགེན་ངོས་ཟིན་ན་ཡག་གི་རེད། དངོས་གནས་དེང་སང་གྲྭ་བ་ཚོས་མཐོང་ཆུང་དུ་འགྲོ་བ་འདི་གཙོ་བོ་ཁྱེད་ཚོའི་འདེ་ལྟར་ངོ་ཚ་འཛེམ་མེད་ཀྱི་ཆབ་སྲིད་ནང་ལ་ཞུག་ཙང་རེད། ངོ་མ་ཐག་སྐྱོ་གི་ཡ་་་་་་་་་་་་་་་་་་་་་་

    Reply
  9. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བཀྲིས་པར་ཤོག་་་་དོན་འགྲུབ་པར་ཤོག་་་་ཚོགས་དང་ཆོས་རར་འགྲིམ་པར་ཤོག

    Reply
  10. བཀྲ་ཤིས། says:
    ལོ་ 15 སྔོན།

    གྲ་པ་ཚོ་སྐུ་མཁྱེན། བསྟན་པ་མ་བཤིགས་རོགས།
    ཆོས་ཉམས་སུ་ལེན་མ་ནུས་ན་ཡང་ཞབས་འདྲེན་འདི་འདྲའི་ནང་མ་འགྲོ་རོགས།

    Reply
  11. ཨ་མིའི་བུ། says:
    ལོ་ 15 སྔོན།

    ད་གྲྭ་བ་རྣམ་བཞུགས་ན་ཡག་གི་རེད་ཆབ་ཕྱག་ལས་འཚམ་འཇོག་བྱས་ན་ཡག་གི་རེད། འཇོན་གི་མ་རེད། སྐུ་ཚེ་རིང་ནང་པའི་བསྟན་པ་ཆུ་ནང་ལ་མ་གཡུག་རོག„

    Reply
  12. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཚོགས་པ་འདི་བཙུགས་ནས་ལོ་མང་རིང་བོད་རྩ་དོན་ལ་ཕན་པའི་ལས་འགུལ་བྱ་གཞག་སྣ་ཚོགས་སྤེལ་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་རེད། བྱས་ཙང་ཚོགས་མི་གསར་འདེམས་པ་ཡོངས་ལ་དགའ་བསུ་ཞུ་བཞིན་ཡོད། འབྱུང་འགྱུར་གྱི་བྱ་གཞག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཡོད། ལས་འགུལ་ཆེན་པོ་འདྲ་སྤེལ་སྐབས་ཕྱི་ནང་གཉིས་ནས་སྐྱོན་བརྗོད་འདྲ་མིན་ཅི་ཡང་སླེབས་སྲིད་པས་གདོང་ལེན་བྱེད་ཐུབ་པའི་ད་ལྟ་ནས་གདེང་ཚོད་དགོས་པ་རེད། ལམ་སེང་གཉའ་ཞུམ་ཞུམ་བྱེད་ནས་ཕྱིར་འཐེན་བྱེད་མི་རུང་། འདི་ནི་ཡར་རྒྱས་ཀྱི་འགོག་རྐྱེན་ཡིན། འདི་ནི་ངོས་རང་གི་བསམ་འཆར་ཙམ་ཡིན།

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གང་ལྟར་འདས་པའི་ལོ་ངོ་དེ་དག་གི་རིང་ཚོགས་པ་འདིས་བོད་བསྟན་སྲིད་ཀྱི་སླད་དུ་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་ཡོད། ད་བར་དུ་ཚོགས་གཙོ་མཆོག་གཙོས་ཚོགས་མི་དག་དངོས་གནས་སྤྱི་དོན་དང་སེམས་ཤུགས་གང་ཐད་ནས་ཡིད་སྨོན་སྐྱེ་འོས་པ་ཞིག་ཡིན། འབྱུང་འགྱུར་ཡང་ཚོགས་པ་འདི་ལ་རེ་བ་ཧ་ཅང་ཆེ་སྟེ། ཚོགས་པ་འདི་ལ་ཆོས་ལུགས་དང་ཆོལ་ཁྱོའི་འཐེན་འཁྱེར་མེད་ལ། སྐྱ་སེར་གྱི་དབྱེ་འབྱེད་དེ་བས་མེད། ད་དུང་མི་རིགས་དཀར་ནག་དང་། རྒྱབ་ཁབ་དབྱེ་འབྱེད་མེད་པར་སུ་ཞིག་ཚོགས་པ་འདིའི་ནང་དུ་ཞུགས་འདོད་མཆིས་ཚེ།་རྩ་བའི་ཚོགས་པ་འདིའི་སྒྲིག་ཁྲིམས་གཞིར་བཞག་ཐོག་ཞུགས་ཆོག་ཆོག་ཡིན།
    མདོར་ན། དབྱེ་འབྱེད་མེད་པ་ནི་ཚོགས་པ་འདིའི་གཟི་བརྗིད་དང་ཆེ་མཐོང་ཡིན།

    Reply
  14. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    བོད་ཀྱི་གཏམ་དཔེར། ཡིག་ཕྱེད་གོ་བས་ཀློག ཞེས་གསུང་འདུག་པས་ཚིག་དོན་ལ་བསམ་བློ་ཐོངས།

    Reply
  15. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    མགོ་བུད་པ་དང་སྐྱོན་བརྗོད་པ་འདི་གོམས་གཤེས་ཡག་པོ་ཞིག་མ་རེད་ཡ།

    Reply
  16. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    གསར་བསྐོའི་རྒྱུན་ལས་རྣམས་ལ་མཚན་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། ལས་དུས་རིང་སྤྱི་དོན་ཐུར་ཤོར་མེད་པ་གནང་རོགས་དེང་སེང་བཙན་འབྱོར་སྤྱི་ཚོགས་ནང་ཚོགས་པ་གསར་འཛུགས་བྱེད་རྒྱུར་ཧ་ཅིང་དགའ་མོད།འོན་ཀྱང་མཐར་ཁུངས་འཁྱོལ་ལ་མི་འཁྱོལ་ལ་དེ་འདྲ་ཇེ་མང་རེ། བྱས་ཙང་དེ་འདྲ་མི་ཆགས་པའི་འབད་རྩོན་གནང་རོགས། ང་ཚོ་ཚོགས་མི་ཚོས་ཀྱང་ལས་དོན་ལ་བརྒྱབ་སྐྱོར་བྱེད་ངེས་

    Reply
  17. གངས་རྡེའུ། says:
    ལོ་ 15 སྔོན།

    ཨ་རོ་རྒྱུས་ལས་རེད་དམ་རྒྱུན་ལས་རེད་ངོ་མ་ཡིག་ལོག་བྲིས་པ་མང་གི་ད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese