མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་དུ་བོད་མི་གཉིས་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

བལ་ཡུལ་ཉེན་རྟོག་པས་ཉེ་ཆར་མཆོད་རྟེན་ཉེ་འཁོར་དུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་གྲྭ་ཡེ་ཤེས་དང་བུད་མེད་སྒྲོན་དཀར་འབོད་པ་གཉིས་འཛིན་བཟུང་བཀག་ཉར་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ་ཁམས་དཀར་མཛེས་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༣༠ ཡས་མས་ཡིན་པའི་གྲྭ་བོད་ཕྲུག་ལགས་ཀྱིས། བོད་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་སྤེལ་ཡོད་ཅིང་། སྐབས་དེར་ཉེ་འཁོར་དུ་ཡོད་པའི་མི་མང་གིས་མེ་གསོད་ཐུབ་ཙམ་བྱུང་སྟེ་སྲོག་ཉེན་ལས་ཐར་ཡོད་ཀྱང་། ལས་འགུལ་སྤེལ་རྗེས་ཉེན་རྟོག་པ་མང་པོ་མཆོད་རྟེན་ཉེ་འཁོར་དུ་ཡོང་སྟེ་ཁོང་བཙལ་ཡོད་འདུག་ལ། ཉིན་ཁ་ཤས་རིང་ཉེན་རྟོག་པ་དང་གསང་བའི་མི་སྣ་སོགས་ཀྱིས་ཁོང་འཛིན་བཟུང་བྱེད་ཐབས་བྱས་ཏེ་ལག་སོན་མ་བྱུང་སྟབས། རྗེས་སུ་བལ་ཡུལ་ཉེན་རྟོག་པས་གནས་ཚུལ་དེའི་ཐད་མུ་མཐུད་བརྩད་གཅོད་ཀྱིས་མཆོད་རྟེན་ཉེན་འགྲམ་གྱི་བོ་རོང་དགོན་པའི་གྲྭ་ཡེ་ཤེས་དང་། བུད་མེད་སྒྲོན་དཀར་འབོད་པ་གཉིས་གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་གིས་ཆོ་འབྱོར་ས་ཁུལ་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་འདུག

གནས་ཚུལ་འདིའི་ཐད་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་གནད་ཡོད་མི་སྣ་ཆེད་དུ་ཕྱིན་སྟེ། བོད་མི་གཉིས་ལ་ཐུག་འཕྲད་དང་ཉེན་རྟོག་པར་སྐད་ཆ་དྲིས་སྐབས་ཉེན་རྟོག་པས། བོད་མི་ཁོང་གཉིས་གྲྭ་བོད་ཕྲུག་གིས་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་སྐབས་མདུན་དུ་ཡོད་པ་མ་ཟད། བུད་མེད་དེས་གྲྭ་བོད་ཕྲུག་ལགས་ཀྱི་ལུས་སྟེང་དུ་མེ་འབར་བཞིན་པའི་སྐབས་སུ་རོགས་པ་བྱས་ཡོད་ཚུལ་དང་། ཁོང་གཉིས་ཀྱིས་གསང་བའི་སྒོ་ནས་གྲྭ་བོད་ཕྲུག་མཆོད་རྟེན་ཉེ་འཁོར་ནས་འགྲོ་རུ་བཅུག་པའི་དབང་གིས་འཛིན་བཟུང་བྱས་ཚུལ་བརྗོད་ཡོད་ཀྱང་། ཁོང་གཉིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དང་འབྲེལ་བ་ཡོད་མེད་ཀྱི་དཔང་རྟགས་གང་ཡང་རྙེད་མེད་སྟབས། གནས་སྐབས་རིང་ཁོང་གཉིས་ཀློད་གྲོལ་གྱིས་ཉེན་རྟོག་པས་འདྲི་བརྩད་སྐབས་མུ་མཐུད་ཉེན་རྟོག་ཁང་དུ་འགྲོ་དགོས་པའི་ཐག་གཅོད་བྱས་ཡོད་འདུག

གསར་འགོད་པ། དོན་གོ
 

འབྲེལ་ཡོད་གསར་འགྱུར།

བོད་མི་ལམ་བཟོ་བ་མ་བུ་གཉིས།
Mobile App

གོ་སྟོན་གྱི་རྟེན་འབུལ། ངའི་སེམས་ཁོངས་ན་ཡོད་པའི་མི་མངོན་པའི་རྒྱལ་ཁབ་དེ་ལ་བདེན་རྟགས་ཤིག

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་ལ་༸གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་རྩ་བ་ནས་མེད་པའི་ལན་འདེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Featured Blogger

ང་ཡི་སེམས་ངོར་འཆར་བའི་ནང་ཆོས།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་བསྐྱར་བཞེངས་ཀྱི་རྨང་རྡོ་དབུ་འབྱེད་རབ་གནས་མཛད། ༢༠༢༥།༠༨།༠༣ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་ལུས་ཀྱི་ཆ་ལུགས་བརྗེས་བ་ཙམ་མ་ཡིན་པར་སློབ་གཉེར་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ།

༢༠༢༥/༠༨/༠༤
རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

༢༠༢༥/༠༨/༠༢
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

༢༠༢༥/༠༨/༠༢

མཆན། 5

  1. tenzindawa says:
    ལོ་ 14 སྔོན།

    རེད། འདི་ནི་གཞན་གྱི་གཉའ་གནོན་ཞིག་དང་རང་གི་དྲན་གསོ་ཞིག་ཀྱང་ཅིས་མ་ཡིན་ཏེ། བལ་ཡུལ་གཞུང་གིས་རྒྱ་གཞུང་དང་ཁྱད་མེད་པར་གཅར་བརྡུང་ཚད་མེད་བྱས་པས་། བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ནི་རྒྱལ་ཁབ་གཞན་ན་ཡོད་པའི་བོད་མི་ལས་རྒྱལ་ཞེན་ཆེན་ལ་བོད་ནང་གི་བོད་མི་རྣམས་ཀྱིས་མྱོང་བའི་མནར་གཅོད་དང་སྡུག་བསྔལ་ལ་རྒྱུས་མངའ་ཆེ།

    Reply
  2. བརྩོན་རྒྱམ། says:
    ལོ་ 14 སྔོན།

    སྤྱིར་ལོ་རྒྱུས་ལ་བལྟས་ན་ཡང་བལ་ཡུལ་གཞུང་བོད་ཐོག་ལ་མ་དགའ་བ་སོགས་གང་ཡང་མ་རེད།  གང་ཡིན་ཟེར་ན་དུས་རབས་གཉེར་གཅིག་པ་འདི་ནི་དཔལ་འབྱོར་གྱི་དུས་རབས་རེད་ཟེར་པ་བཞིན་བལ་ཡུལ་གཞུང་དཔལ་འབྱོར་ལ་རྔམ་ནས་རྒྱ་ནག་དམར་གཞུང་ལ་འབྲེལ་བ་བྱས་པ་སོགང་རེད་མ་གཏོག་བོད་ཐོགས་ལ་སྡང་གཟིགས་བྱས་པ་མ་རེད་ལ་བོད་ལ་མ་དགའ་བ་དེ་བས་མ་རེད་བསམ་བྱུང་།  གང་ཡིན་ཞེ་ན་དམར་གཞུང་གི་རྒྱུག་ཁྱི་བྱས་པ་ཡིན་ན་བཅའ་དངོས་གང་ཙམ་ཞིག་དང་དངུལ་གྱི་རོགས་པ་དེ་ཞིག་བྱེད་ཀྱི་ཡོད་དུས་བོད་ཐོགས་ལ་དྲག་གནོན་བྱེད་ཀྱི་ཡོད་རེད།  

    Reply
  3. བཀྲ་ཤིས། says:
    ལོ་ 14 སྔོན།

    བལ་ཡུལ་ནི་བོད་དང་ལོ་རྒྱུད་ཡུན་རིང་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་རུང་དེང་སྐབས་དངུལ་དང་དཔལ་འབྱོར་གྱི་ཆེད་དུ་ལོ་མང་འབྲེལ་མདོར་ནས་མཐོང་ཆུང་དང་ཐུག་རྩོད་གཏང་བ་ནི་བལ་ཡུལ་གཞུང་གི་དྲང་བདེན་ཞིག་རྩ་བ་ནས་མ་རེད

    Reply
  4. བཞག་སྲས། says:
    ལོ་ 14 སྔོན།

    ངས་བསམ་པར་ང་ཚོ་ལ་དགྲ་བོ་ཞིག་ཡོད་པ་དེ་རྒྱ་ནག་དམར་གཞུང་ཡིན་པའི་ཁར།ད་དུང་དམར་ཟས་ཟ་བའི་གདོན་འདྲེ་དང་འཕར་སྤྱང་མང་ཚོད་འདུག་པས་འབྲེལ་ཡོད་མི་སྣས་ཡིད་གཟབ་བྱེད་གལ་ཆེ་བའོ།།

    Reply
  5. གཅེན་པོ། says:
    ལོ་ 14 སྔོན།

    ཕྱི་ནང་གང་སར་རང་དབང་མེད་པའི་བོད་པ་ཚང་གིས་ད་དུང་ཞི་སྒུག་དང་། ཞི་བའི་ལམ་དུ་བཞུགས་པ་ནི་དངོས་གནས་དཀའ་ཚེག་ཆེ་བའི་ལོ་ཟླ་ནག་པོ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese