མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འཚམ་གཟིགས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་རྗེས་མ་ནས་བཀའ་བློན་ཁྲི་པ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ ༧ ནང་གཟིགས་སྐོར་ཐེངས་དང་པོ་དེ་གནང་གཏན་འཁེལ་ཡོད་འདུག

དེ་རིང་ཕ་རི་སིའི་བོད་ཀྱི་སྐུ་ཚབ་དོན་གཅོད་འབྲེལ་མཐུད་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༢༡ ནས་བཟུང་ཉིན་༡༠ རིང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་སུད་སི་དང་། འཇར་མན། སུ་ཝེ་ཌིན། ནོར་ཝེ། ཧྥ་རན་སི། བྷེལ་ཇམ། དབྱིན་ཡུལ་བཅས་ཡུ་རོབ་རྒྱལ་ཁབ་ཁག་ ༧ ནང་འཚམ་འདྲིའི་གཟིགས་སྐོར་གནང་གཏན་འཁེལ་ཡོད་པ་དང་། གཟིགས་སྐོར་སྐབས་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་། ཁྲིམས་དོན་མཁས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དབུ་ཁྲིད། དེ་བཞིན་གནས་སྡོད་བོད་རིགས་མི་མང་བཅས་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཁོང་གི་གཟིགས་སྐོར་དེ་ཕྱི་ཚེས་༢༡ ཉིན་སུད་སི་ནས་མགོ་བཙུགས་ཏེ་འཆར་ཟླའི་ཕྱི་ཚེས་ ༢ ཉིན་དབྱིན་ལན་ནས་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༦ ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཕེབས་ནས་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དེ་བཞིན་བོད་རིགས་མི་མང་བཅས་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད། རྒྱལ་ས་ཕ་རི་སིའི་རྫོང་ཁག་ ༡༡ ནང་གི་བརྒྱུད་ལམ་ཁག་ལ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་གཏན་འཁེལ་ཡོད་འདུག

འདི་ནི་བཀའ་བློན་ཁྲི་བ་མཆོག་འོས་འདེམས་རྗེས་གཞུང་འབྲེལ་ཐོག་ཡུ་རོབ་ནང་གཟིགས་སྐོར་ཕེབས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།

 ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།

མཆན། 19

  1. བཙན་བྱོལ་བ་ says:
    ལོ་ 11 སྔོན།

    ད་རེས་བཀའ་ཁྲི་མཆོག་གི་མཚམས་གཟིགས་འདི་ནི་ཉེ་ཆར་བོད་ནང་དུ་རང་ལུས་མེར་བསྲེག་གི་ལས་འགུལ་གཅིག་འཇུག་གཉིས་མཐུད་བྱུང་བ་དང་འབྲེལ་བ་དང་། ཡང་ཕྱོགས་གཅིག་ནས་དེར་ཡོད་བོད་རིགས་རྣམས་ལ་བཀའ་ཁྲི་གསར་པའི་མཚམས་འདྲིའི་ཆེད་དུ་ཡིན་རྒྱུ་རེད། ཁོ་བོའི་འབོད་བསྐུལ་ནི། ད་རེས་ཡུ་རོབ་སོགས་སུ་ཕེབས་པ་དང་བསྟུན་ནས་ཡུ་རོབ་ས་ཁུལ་གྱི་གཞུང་ཚབ་ཁག་ལ་དེར་ཡོད་བོད་རིགས་སྐྱབས་བཅོལ་བ་མང་དག་གཅིག་གཏན་སྡོད་ཆོག་མཆན་མ་རེག་པའི་དཀའ་ངལ་ཆེན་པོའི་ངང་ལྷུང་ཡོད་པ་ལ་གཟིགས་ནས་རྒྱབ་སྐྱོར་འཚོལ་ཐབས་དང་དཀའ་ངལ་དེ་དག་ལས་གྲོལ་བའི་ཆེད་དུ་ཐབས་ཤེས་འདྲ་ཡོད་མེད་འཚོལ་ཐབས་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག དམིགས་བསལ་དུ་གཞིས་ཆགས་ཁག་ནས་སླེབས་པ་རྣམས་ལ་རྒྱབ་སྐྱོར་གྱི་ངོ་སྤྲོད་ཚད་ལྡན་མེད་པ་དང་ཨར་སི་ཡང་ངོས་ལེན་མེད་པ་བཅས་ཀྱི་རྐྱེན་པས་མང་པོ་ཞིག་མིང་ཐོ་ནག་པོའི་གྲས་སུ་ཚུད་བཞིན་འདུག་ན་དེ་དག་ལ་གཟིགས་རྟོག་གནང་དགོས་ཀྱི་འདུག་སྙམ། འདི་ནི་རེ་བ་ཡིན།

    Reply
  2. ནད་པ says:
    ལོ་ 11 སྔོན།

    བོད་སྤྱི་པའི་རྩ་དོན་དེ་བོད་མི་ཚང་མར་འགན་འཁྲི་ཡོད་སྟབས་ཚང་མས་ཕྱ་གྲུ་མཉམ་འདེགས་བྱེད་དགོས་པ་ལས་འགའ་ཤས་ཤིག་གིས་བརྒྱབ་ནས་བལྟད་མོ་བལྟས་ནས་བསྡད། འགའ་ཤས་ཀྱི་མདུན་ནས་སྤྲེ་ལད་འཁྲབ། འགའ་ཤས་ཀྱིས་ཟུར་ནས་ལྐོག་ཉན་བརྒྱབ། འགའ་ཟས་ཀྱིས་གཡས་ནས་ཁྲེ་དགོད་བགད། འགའ་ཤས་ཀྱི་གཡོན་ནས་ཇུས་ངན་བཤམས་པ་སོགས་བྱས་ན་ཡག་པོ་མེད།

    ཁྱིམ་ཚང་གཅིག་ལ་མཚོན་ཕ་ཕྱིར་ནང་གི་ལས་དོན་ཆེད་ཙྱིར་ཚོང་རྒྱག་པར་བསྐྱོད་ན་ནང་དུ་ཨ་མས་ནང་ལས་མཐུད་ཤོར་མ་བཏང་བར་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་གཅིག་མཚུངས་རེད།

    ཤིང་ཏོག་ཀུ་ཤུ་གཅིག་ལས་མེད་ནའང་དེ་ཁྱིམ་ཚང་གཅིག་ལ་མཚོན་ན་ཚང་མས་མཉམ་དུ་ལོངས་སྤྱད་དགོས་ལ་ཡང་ཚང་མར་འགན་ཁྲི་གཅིག་མཚུངས་སུ་ཡོད་པ་རེད།

    ངས་ཚིག་འདི་ཆུང་བྱིས་དུས་སུ་སློབ་ཆུང་ནས་སྦྱངས་མྱོང་བའི་ཚིག་ཞིག་ཡིན་ལ་ཚིག་འདིས་ང་ལ་མཚོན་ན་ཧ་ཅང་གིས་ཕན་ཐོགས་ཆེན་པོ་ཡང་བྱུང་།
    པྰ་པས་ཀུ་ཤུ་ཁྲོམ་ནས་ཉོས། །
    ཨ་མས་ཀུ་ཤུ་ཆུ་ལ་བཀྲུས། །
    བུ་ཡིས་ཀུ་ཤུ་བགོ་བཤའ་བརྒྱབ། །
    ཚང་མས་མཉམ་དུ་ཀུ་ཤུ་བཟས། །

    ཞེས་ཚིག་འདི་ང་ཆུང་དུས་སྐབས་རྒན་ལགས་ཀྱི་བསླབ་འཁྲིད་གནང་བའི་ཚིག་གཅིག་ཡིན་འདིས་ང་རང་ཉིད་ཆེན་པོ་ཆགས་པའི་སྐབས་སུའང་འཚོ་གནས་ཁྲོད་ཕན་ནུས་ཧ་ཅང་ཆེན་པོ་ཞིག་ཡིན་པའི་མྱོང་འཚོར་དངོས་བསྟེར་བྱུང་།

    Reply
  3. སྦྲ་གསར་དཀར་ལོ། says:
    ལོ་ 11 སྔོན།

    བསེ་རུ་ལགས་ཐུགས་རྗེ་ཆེ། ང་ཚོ་ལ་ཁ་ཚ་དགོས་གཏུགས་ཀྱི་ཕ་ཐོགས་ཡོང་གི་རེད།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 11 སྔོན།

    སྲིད་སྐྱོང་མཆོག་ལ་ལས་བྲེལ་ཆེན་པོ་དེ་འདྲ་ཡོད་པ་རེད། ད་ལྟ་ང་ཚོས་སྲིད་སྐྱོང་མཆོག་གི་འཇོན་ཐང་ལ་ལྟད་མོ་ལྟ་བའི་དུས་ཚོད་མ་རེད། ང་ཚོས་ཚང་མའི་མཉམ་རུབ་དང་ཧུར་ཐག་བྱེད་དགོས། སྤྱིར་བཏང་ང་ཚོར་ལས་འགུལ་གྲངས་ཀྱི་མི་ལང་པ་ཡོད། དེའི་ནང་ནས་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ནི། བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུ་དང་། སྐད་ཡིག་བདག་ཉར་བྱ་ཐབས་སྤེལ་རྒྱུ་རེད། བསྒྲུབ་བྱ་དེ་གཉིས་ནི་རང་རེའི་རྩ་བའི་ལས་དོན་རེད་ལ། བོད་པའི་མ་འོང་པའི་ལས་དབང་རེད། ལས་དོན་དེ་དག་་སྲིད་སྐྱོང་གཅིག་པུའི་ལས་འགན་མ་ཡིན་པར་བོད་མི་ཡོད་དོ་ཅོག་གི་འོས་འགན་རེད། ལས་དོན་དེ་གཉིས་འགྲུབ་ན་སྲིད་སྐྱོང་གཅིག་པུར་བྱས་རྗེས་མ་རེད་ལ་མ་འགྲུབ་ན་ཁོང་ལ་ལན་ཁག་མེད། དེ་དག་ནི་རང་རེའི་རྩམ་བཟན་ཡོངས་ཀྱི་ཁ་སྟབས་ལ་རག་ལས་སོ།
    མཁས་དབང་སྲིད་སྐྱོང་མཆོག་ལ་རྒྱབ་སྐྱོར་དང་ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཅས་སོ།

    Reply
  5. ནགས་མཚོ says:
    ལོ་ 11 སྔོན།

    བཀའ་ཁྲི་མཆོག་གི་མཛད་འཕྲིན་བདེ་འགྲུབ་ཡོང་བ་སྨོན།།

    Reply
  6. བརྩོན་རྒྱམ། says:
    ལོ་ 11 སྔོན།

    འདི་འདྲ་གནང་པ་ཡིན་ན་དམར་གཞུང་གི་དར་དམར་འོག་ནས་གདོང་དམར་བོད་ཀྱི་གཟི་བརྗིད་མངོན་འདུག་མུ་མཐུད་གནང་རོགས་ཞུ།

    Reply
  7. བསྟན་འཛིན་ཆོས་རྒྱལ says:
    ལོ་ 11 སྔོན།

    ཐུགས་རྗེ་ཆེ། ཨ་མའི་བུ། གདོང་དམར་བོད་ཀྱི་གཟི་བརྗིད་དང་ལ་རྒྱ། དམར་བོའི་རྒྱ་ཡི་ཁ་གནོན། དམར་ཆུང་ལྗག་གི་འགུལ་ཐེང་རེ་རེས། དམར་རོའི་རྒྱ་ཡི་མགོ་བོ་རྒྱུད་ཁུང་དུ་དྲངས་བཞིན་འདུག གདོང་དམར་བོད་ཀྱི་ང་རྒྱལ་དང་སྤོ་པས་སྐད་གསེང་མཐོ་ཙམ་གནང་རོགས་ཞུ

    Reply
  8. tata says:
    ལོ་ 11 སྔོན།

    ཆབ་བྲག་འདི་མི་ཤེས་ཤེས་འདོག། མ་འཇོན་འཇོན་འདོག། དེ་ལྟར་ཡིན་ན་ ཁྱོད་ཀྱིས་བོད་རང་བཙན་མ་ལེན་པ་གང་ཡིན་ནམ།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    རྒྱབ་སྐྱོར་ལོས་ཞུ། ཡིན་ན་ཡང་རྒྱབ་སྐྱོར་ཞུ་ཚུལ་ནི་བསྟོད་པ་དང་རེ་སྨོན་ཁོ་ན་མིན་པ་ཡང་ཤེས་དགོས།
    ཕེབས་དགོས། ཤར་ལྷོ་ནུབ་བྱང་ཀུན་ཏུ་ཕེབས་དགོས། ཆེ་ཆུང་རབ་འབྲིང་ཚང་མའི་མདུན་དུ་ཕེབས་དགོས། བསམ་ཕོད་པ་དང་བཤད་ཕོད་པ་གཉིས་ནི་དབུ་ཁྲིད་ཅིག་གི་འོས་འགན་དང་པོ་ཡིན།

    Reply
  10. ཟླ་བ་ཚེ་རིང་། says:
    ལོ་ 11 སྔོན།

    བསེ་རུ་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཡིག་ནོར་རིགས་ལ་ཞུ་དག་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ།

    བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་འདི་ལྟར།
    འཚམ་འདྲི། ལུས་ཀྱི་འབྱུང་ཁམས་སམ་ཡུལ་གྱི་བདེ་དོག་སོགས་འཚམ་པོ་ཡིན་མིན་འདྲི་བ། ཐག་རིང་ནས་ཕེབས་པའི་མགྲོན་པོར་འཚམ་འདྲི་ཞུ།
    འཚམས་འདྲི། འཚམ་འདྲི་དང་འདྲ།

    Reply
  11. བསེ་རུ། says:
    ལོ་ 11 སྔོན།

    འཚམ་གཟིགས་མ་རེད། འཚམས་གཟིགས་རེད།
    འཚམ་འདྲིའི་མ་རེད། འཚམས་འདྲིའི་རེད།

    ནོར་ན་ངའི་རྒན་ལགས་ཡིན་ནའང་ངོས་ལེན་གནང་དགོས་རེད།
    སངས་རྒྱས་ལ་ཀ་ཁའི་དཔེ་ཆགས་སོང་། དགོངས་དག

    བཀའ་དྲིན་ཆེ། རྒན་ལགས།

    Reply
  12. སྟག་རྩེ་དཔལ་ལྡན says:
    ལོ་ 11 སྔོན།

    མཆན་ངེ་ཚོའི་ནང་དུ་ཡིག་ནོར་ཨ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  13. oscargyatso says:
    ལོ་ 11 སྔོན།

    ༧ བཀའ་ཁྲི་མཆོག་གི་ལས་དོན་ལམ་ལྷོང་ཡོང་བའི་ཡིད་ཆེས་དང་མ་ཟད་ལོ་འདིའི་ནང་བོད་མི་དཔའ་བོ་དེ་དག་གི་མངོན་འདོད་རྒྱལ་སྤྱིའི་གདེང་ཆར་ཐོག་བསྐྱལ་ཐུབ་རྒྱུའི་རེ་བ་ཡོད།

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ལཀ་ཀི་ནམ་འབར་སེ་ཝེན། །
    ཟླ་བ་བདུན་ལྷག་སྲིད་སྐྱོང་ཁྲིར་འཛེགས་ཤིང་། །
    བོད་མི་བདུན་ལྷག་རང་སྲོག་ཤོར་དུས་སུ། །
    རྒྱལ་ཁབ་བདུན་ལ་གཟིགས་སྐོར་ཕེབས་པ་ཡང་། །
    བདུན་གསུམ་ཉེར་གཅིག་ཉིན་ནས་འགོ་བཙུག་གནང་། །
    དུས་རབས་ཉེར་གཅིག་༸སྐྱབས་མགོན་སྤྱན་རས་གཟིགས། །
    སྒྲོལ་མ་ཉེར་གཅིག་གིས་ཀྱང་མགོན་སྐྱབས་མཛོད། །

    Reply
  15. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    བཀའ་ཁྲི་མཆོག་གི་མཛད་འཕྲིན་ལེགས་འགྲུབ་ཡོང་བའི་ཡིད་ཆེས་ཡོད། དབུ་ཁྲིད་ཅིག་གི་ནུས་པ་དང་འཇོན་ཐང་མི་དམངས་ཀྱི་རྒྱབ་སྐྱོར་ལ་རག་ལས་པ་ལས་དབུ་ཁྲིད་ཆེ་གེ་མོ་གཅིག་ཁོ་ནའི་འཇོན་ཐང་གིས་རྒྱལ་ཁབ་ཅིག་གི་བདེ་སྡུག་ཡོད་ཚད་སེལ་ངེས་འདོད་མཁན་དག་བླུན་པོའི་ནང་གི་བླུན་པོར་སྣང་། དེ་བས་བཀའ་ཁྲི་མཆོག་ལ་བཙན་བྱོལ་བ་ཡོད་དོ་ཅོག་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པར་གལ།

    Reply
  16. སྦྲ་གསར་དཀར་ལོ། says:
    ལོ་ 11 སྔོན།

    ང་བོད་ཡིན། ངའི་བོད་ཀྱི་བདེ་སྡུག་ལ་སེམས་ཁུར་དང་བོད་མིས་འཐབ་རྩོད་ལ་མཉམ་ཞུགས་བྱེད་ཀྱིན་ཡོད། ང་དང་ཤ་ཁྲག་གཅིག་པའི་གདོང་དམར་བོད་པ་ཚོ། ང་ཚོས་དབུ་འཁྲིད་ལ་ང་ཚོས་གུས་བཀུར་དང་ཆེ་མཐོང་རྒྱབ་སྐྱོར་བྱེད་དགོས། གང་ལྟར་བཀའ་ཁྲི་མཆོག་གིས་མཛད་འཕྲིན་ལམ་ལྷུང་ཡོབ་བའི་སྨོན་འདུན་ཞུ།

    Reply
  17. སྨར་ཀླུང་དཔའ་ལ། says:
    ལོ་ 11 སྔོན།

    བོད་མི་མང་གི་ཐད་ཀར་འོས་འདེམས་ཐོབ་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། སྐུ་ཉིད་ཀྱི་ལས་དོན་ཇི་བཞིན་གེགས་མེད་ལང་ལྷོངས་ཡོང་བའི་སྨོན་འདུན་དང་བཅས། ད་ལྟའི་ཆར་གཞིས་བྱེས་བོད་མི་མང་གི་རེ་བའི་མིག་འབུར་གཏོད་ས་ཁྱོད་རང་ཉག་གཅིག་ལ་བཅོལ་བ་མཁྱེན་གསལ་ལ་ད་ལན་མ་འཆུག་བུ། བོད་ནང་གི་བཙན་གནོན་དང་མནར་གཅོད་དྲང་བདེན་མིན་པ། མི་སྤྱོད་ལས་འདས་པའི་དྲག་སྤྱོད་བཙན་པོ་དབང་བེད་ཡ་ང་བ་དེ་ཚོ་མ་ཐེག་ནས་བོད་མི་ག་ཚོད་ཙམ་གྱི་སྐུ་སྲོག་ཕྲོག་བརླག་ཤོར་སོང་། ཁོང་རྣམ་པའི་རེ་བ་དང་ཕུག་བསམ་ནམ་ཡང་ཐུགས་བརྗེད་མ་ཁུར་ལ་ངེས་པར་དུ་ཐུགས་རིམ་སྒྲིམ་ཤོག་བུ། ད་རས་སེངྒེའི་བུ་བརྒྱུད་ཡིན་དང་མིན་ངེས་པར་དུ་ལྟ་གི་ཡིན་ལ་ཉན་གི་ཡིན། ལྕགས་ཚ་དུས་བརྡུང་དགོས་ལ། ལམ་ཡང་དུས་འགྲོ་དགོས་ཞེས་པ་བཞིན། ཕ་ཡུལ་གྱི་སྤུན་ཟླ་སྙིང་སྟོབས་ཅན་རྣམས་ཀྱི་སྙིང་སྟོབས་ལ་བཤད་རིན་ཡོད་ལ་ངེས་པར་དུ་བཤད་དགོས་པའི་དུས་ལ་བབ་པ་ཡིན་པ་ཤེས་དགོས། རྒྱ་བོད་མཐུན་དགོས་ལ། རྒྱ་བོད་ཞི་འགྲིག་དེ་བས་དགོས། ཕན་ཚུན་གྱི་གྲོས་མོལ་ལས་ལྷག་པའི་རྒྱ་བོད་གཉིས་བར་ཐབས་ལམ་མེད་ལ་ངེས་པར་དུ། ཡུ་རོབ་རྒྱལ་ཁབ་བདུན་ལ་རྒྱུད་བསྐུལ་དགོས། གལ་སྲིད་མདའ་ཁྲ་བོ་ནགས་ནང་འཕེན་པ་བཞིན་ད་རེས་ཨ་ལན་ཡ་ལན་ཞིག་མེད་ན་ད་ནི་གཞིས་བྱེས་གཉིས་ཆར་གྱི་བུ་རྒོད་རྣམས་ལ་བློ་ཁོག་དང་ཆོད་སེམས་ག་ཚོད་ཙམ་འདུག་འཛམ་གླིང་ཀུན་དང་ལྷག་པར་རྒྱ་ནག་དམར་པོའི་མགོ་བྱེད་ཚོས་མཐོང་ཐོས་གསལ་གསལ་ཐིང་ཐིང་ལ་ད་དུང་འཇུག་འབྲས་ག་འདྲ་ཞིག་གི་ཟིང་ཆ་དང་ལས་གཞི་ཞིག་སྤེལ་བ་སུས་ཀྱང་ཐག་ཆོད་ཀྱི་མེད་ལ། ད་ནི་ཉན་ཁ་ཤིན་ཏུ་ཆེན་པོ་ཆག་སོང་། བུ་སེང་གེ་ད་རས་མ་འཆུག ཟིང་ཆ་དང་དོན་རྐྱེན་ནི་རྒྱ་ནག་ལ་ཡང་མི་དགོས་མི་འཁོ་ལ། གཞིས་བྱེས་བོད་མི་ཡོང་ལ་དེ་བས་མི་འཁོ། སྔོན་གྱི་ལས་འགུལ་༢༠༠༨་ ༣་༡༤་ཟིང་ཆ་དང་དེང་གི་ལས་འགུལ་གཉིས་གནམ་ས་ལྟ་བུའི་ཧེ་བག་ཡོད་ལ། ཉེན་ཁ་ཆེ། གཞིས་བྱེས་གཉིས་ཀྱི་ལས་འགུལ་ནི་ཛ་ཇེ་དྲག་ཞིག་ལས། ཞི་འཇམ་རྩ་བའི་ཆ་ནས་འབྱུང་གི་མེད་ཙང་། ད་ལན་གཟིགས་བསྐོར་ལ་དོན་སྙིང་ཆེན་པོ་ཡོད་པ་ཞིག་སྒྲུབ་ཐུབ་པའི་རེ་བ་གཏོད་ཀྱི་ཡོད་པ་སྙིང་ནས་ཡང་ཡང་འབོད་བསྐུལ་ཞུ་གི་ཡོད།།།།།

    Reply
  18. གཅན་བཟོད་རྒྱམ། says:
    ལོ་ 11 སྔོན།

    བཀའ་ཁྲི་མཆོག་གི་ཡུ་རོབ་རྒྱལ་ཁབ་དེ་དག་ཏུ་བོད་དོན་དྲིལ་སྒྲག་གི་མཛད་པ་རྒྱ་ཆེར་ཡོང་བའི་སྨོན་ལམ་འདེབས། ང་ཚོས་རེ་བའི་མིག་གིས་བཅར་ནས་ཡོད་ལགས།

    Reply
  19. ཚེ་རིང་བཀྲིས། says:
    ལོ་ 11 སྔོན།

    ས་ཆ་ག་པར་ཕྱིན་ཀྱང་ཅིག་པ་རེད། རངས་ཉིད་ལ་ཆར་བཞི་དང་རྨིགས་ཡུལ་གང་ཡང་ཡོད་མ་རེད། མི་དམངས་ཀྱི་ཁྲོད་དུ་༸གོང་ས་མཆོགས་ཀྱི་སྲིད་སྐྱོངས་སྟག་གྲགས་མདུན་་ནས་་་་་་་་་་་་་་་༸གོང་ས་མཆོགས་ཀྱི་ང་ལ་་་་་་་་་་་་་་་་་། སྐད་ཆ་དེ་ཡངས་བསྐོར་བརྐྱར་བསྐོར་ཞིག་མ་ཏོགས་ཡོད་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist