མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་ཕེབས་པའི་བྱིས་པ་ཆུང་ཆུང་སྐོར་ཞིག་དང་གླེང་མོལ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་འདི་གའི་གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འཁྲིས་སུ་ཡོད་པའི་དབུས་སྣེ་ལེན་ཁང་དུ་བཅར་ཏེ། ཉིན་འདི་འགར་བོད་ནས་གསར་དུ་ཕེབས་མཁན་དག་ལ་རྒྱུས་ལོན་བྱས་སྐབས། ད་ཆར་བོད་ནས་ཕེབས་མཁན་མང་ཆེ་བ་བྱིས་པ་ལོ་ཆུང་ཆགས་ཡོད་པ་དང་། དེ་དག་ཁྲོད་ཀྱི་ན་མ་སོན་པའི་བུ་མོ་ཆུང་ཆུང་སྐོར་ཞིག་ལ་བཅར་འདྲི་བྱས་ཡོད། 

རང་ལོ་ ༡༥ ཡིན་ཞིང་ཕ་ཡུལ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བུ་མོ་པདྨ་བཀྲ་དབྱངས་ལགས་སུ་བཅར་འདྲི་བྱས་སྐབས། “ ངའི་མིང་ལ་པདྨ་བཀྲ་དབྱངས་ཟེར་གྱི་ཡོད། ཕ་ཡུལ་འབྲི་རུ་རྫོང་དུ་སློབ་ཆུང་ལོ་རིམ་གཉིས་པ་བར་ཕྱིན་པ་ཡིན། སློབ་གྲྭའི་ནང་སློབ་ཚན་གཙོ་བོ་རྒྱ་ཡིག་ཁྲིད་ཀྱི་ཡོད་སྟབས། སློབ་གྲྭར་འགྲོ་མ་འདོད་པར་རྩ་དགོངས་ཞུས་ཏེ་ད་བར་ཁྱིམ་དུ་ལས་ཀ་བྱས་ནས་བསྡད་པ་ཡིན” ཟེར།  

རྒྱ་གར་དུ་ཡོང་སྟངས་སྐོར་དྲིས་པར། “ ངའི་སྤུན་མཆེད་ཅིག་རྒྱ་གར་ནས་བོད་དུ་ལོག་སྐབས། ཁོང་གིས་རྒྱ་གར་ལ་སོང་ན་༧རྒྱལ་བ་རིན་པོ་ཆེར་མཇལ་ཐུབ་པ་མ་ཟད། སློབ་སྦྱོང་གི་གོ་སྐབས་ཡག་པོ་ཡོད་པ་རེད་ལབ་སོང་། དེ་ནས་ཕ་མ་གཉིས་ལ་རྒྱ་གར་དུ་འགྲོ་རྒྱུ་ཡིན་ལབ་པས། ཁོང་གཉིས་ཀྱིས་ང་རྒྱ་གར་ལ་བཏང་བྱུང་། ལྷ་སར་ལམ་ཁྲིད་པ་ཞིག་ལ་རྒྱ་སྒོར་ ༡༠༠༠༠ སྤྲད་དེ་གངས་རི་བརྒྱུད་རྐང་པ་བརྒྱབ་ནས་ཡོང་བ་ཡིན། གངས་རིའི་ནང་དཀའ་ངལ་ཆེན་པོ་འཕྲད་སྟབས།  ད་ལྟ་ངས་མིག་ཡ་གཅིག་གིས་མཐོང་གི་མི་འདུག” ཟེར།

མ་འོངས་པའི་དམིགས་ཡུལ་གང་ཡོད་སྐོར་དྲིས་པར། “ ༧རྒྱལ་བ་རིན་པོ་ཆེར་མཇལ་རྗེས། སུ་ཇཱ་སློབ་གྲྭར་སོང་སྟེ་སློབ་སྦྱོང་ཡག་པོ་བྱ་རྒྱུ་དེ་ཡིན། མ་གཞི་ང་ད་ལྟ་ལོ་ཆེན་པོ་ཆགས་ཡོད་ཀྱང་བོད་ནང་སློབ་སྦྱོང་གི་གོ་སྐབས་རག་མེད་སྟབས། སུ་ཇཱ་སློབ་གྲྭ་ནས་བོད་ཡིག་སོགས་སློབ་ཚན་ཁག་གི་ཐོག་ཤུགས་རྒྱག་རྒྱུ་ཡིན” ཞེས་བརྗོད་བྱུང་།

 

རང་ལོ་ ༡༤ ཡིན་ཞིང་ཕ་ཡུལ་དམར་ཁམས་ནས་ཡིན་པ་ངག་དབང་པདྨ་ལགས་སུ་བཅར་འདྲི་བྱས་སྐབས། “ངའི་མིང་ལ་ངག་དབང་པདྨ་ཟེར།  དམར་ཁམས་སློབ་གྲྭའི་ནང་ལོ་རིམ་གཉིས་པ་བར་འགྲོ་མྱོང་ཡོད། ང་ཚོའི་སློབ་གྲྭ་དེར་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་བཅས་སློབ་ཀྱི་ཡོད་ཀྱང་། ནང་མིར་དཀའ་ངལ་ཡོད་སྟབས་རྗེས་སུ་སློབ་གྲྭར་འགྲོ་ཐུབ་མ་སོང” ཟེར།  

རྒྱ་གར་ལ་ཡོང་སྟངས་སྐོར་དྲིས་པར། “ ང་རང་སྤུན་མཆེད་དང་མཉམ་དུ་འགྲམ་བརྒྱུད་ནས་རྒྱ་གར་ལ་ཡོང་བ་ཡིན། ངའི་སྤུན་མཆེད་ཡག་པོ་ཡོད་སྟབས་ལམ་ཁྲིད་མཁན་ལ་སྒོར་མོ་སྤྲོད་དགོས་མ་སོང་ལ། ལམ་ཁ་ནས་དཀའ་ངལ་ཀྱང་འཕྲད་མ་སོང” ཟེར།  

མ་འོངས་པའི་དམིགས་ཡུལ་སྐོར་དྲིས་པར། “ ང་རང་སུ་ཇཱ་སློབ་གྲྭར་འགྲོ་རྩིས་ཡོད། སློབ་གྲྭ་དེར་སོང་རྗེས་བོད་ཡིག་དང་དབྱིན་ཇི། རྒྱ་གར་སྐད་ཡིག་བཅས་སྦྱོང་དགོས་བསམ་ཡོད། གང་ཡིན་ཟེར་ན། ང་མ་འོངས་པར་དགེ་རྒན་ཞིག་བྱ་རྒྱུའི་འདོད་པ་ཡོད” ཅེས་བརྗོད་བྱུང་།

 

རང་ལོ་ ༡༥ ཡིན་པའི་ཕ་ཡུལ་ཁམས་འབྲི་རུ་ནས་ཡིན་པ་འཇུབ་བཟང་སྐྱིད་ལགས་སུ་བཅར་འདྲི་བྱས་སྐབས། “ ངའི་མིང་ལ་འཇུབ་བཟང་སྐྱིད་ཟེར། ངས་ལྷ་ས་པེ་ཅིང་མཐོ་རིམ་སློབ་འབྲིང་དུ་འཛིན་རིམ་བཅུ་བ་བར་སློབ་སྦྱོང་བྱས་པ་ཡིན། སློབ་གྲྭ་དེར་སློབ་མ་ ༢༠༠༠ ཙམ་ཡོད་པ་ཕལ་ཆེ་བ་རྒྱ་རིགས་རེད། སློབ་ཚན་ཚང་མ་རྒྱ་ཡིག་རྒྱ་སྐད་རེད། ཆབ་སྲིད་སློབ་ཁྲིད་སྐབས་རྒྱ་རིགས་དགེ་རྒན་ཚོས་ཏཱ་ལའི་བླ་མ་ཁ་བྲལ་བ་དང་ཆབ་སྲིད་ཀྱི་ལག་ཆ་རེད་ཟེར་ནས་སྐད་ཆ་སྡུག་ཅག་བཤད་ཡོང་སྐབས། སེམས་པ་སྐྱིད་པོ་ཁྱོན་ནས་མི་འདུག དེའི་རྗེས་རྩ་དགོངས་ཞུས་ཏེ་རྒྱ་གར་ལ་ཡོང་བ་ཡིན” ཟེར།

རྒྱ་གར་དུ་ཡོང་སྟངས་སྐོར་ལ། “ ད་ལོའི་ཕྱི་ཟླ་ ༩ པའི་ནང་ང་ཚོ་སློབ་མ་ ༥ ཙམ་རྒྱ་གར་ལ་ཡོང་བ་ཡིན། གཙང་ས་སྐྱ་རུ་ཉེན་རྟོག་པས་འཛིན་བཟུང་བྱས་སོང་། ཉེན་རྟོག་པས་ཁྱོད་ཚོ་གང་ལ་འགྲོ་བཞིན་ཡོད་ཅེས་དྲིས་སྐབས། རྒྱ་གར་ལ་སློབ་སྦྱོིང་བྱེད་དུ་འགྲོ་རྒྱུ་ཡིན་ལབ་པ་ཡིན། མི་དེ་ཁོང་ཁྲོ་ལངས་ཏེ་ཀྲུང་གོར་སློབ་གྲྭ་ཡོད་པ་མ་རེད་དམ་ཟེར་ནས་ང་ཚོར་ཉེས་རྡུང་མང་པོ་བཏང་སོང་། ཟླ་ ༡ ཙམ་གྱི་རྗེས་གཞིས་རྩེ་བཙོན་ཁང་ནས་ཀློད་གྲོལ་བཏང་སོང་། ཕྱི་ཟླ་ ༡༡ ནང་ལྷ་སར་ལམ་ཁྲིད་ཞིག་ལ་རྒྱ་སྒོར་ ༡༠༠༠༠ སྤྲད་དེ་བསྐྱར་དུ་ཡོང་བ་ཡིན” ཟེར།

 ཁོ་མོའི་དམིགས་ཡུལ་སྐོར་དྲིས་སྐབས། “ ང་རྒྱ་གར་ལ་བོད་ཡིག་དང་དབྱིན་ཡིག་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ང་ཚོའི་སློབ་གྲྭར་བོད་ཡིག་བསླབ་རྒྱུ་ཡོད་པ་མ་རེད། བོད་ནང་བོད་ཡིག་ལ་ཆ་འཇོག་ཀྱང་མི་འདུག ངས་རྒྱ་ཡིག་ཡག་པོ་ཤེས་ཀྱི་ཡོད་ཀྱང་། སོ་སོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱང་རྒྱུའི་སེམས་ཤུགས་ཆེན་པོ་ཡོད། ད་ལྟ་ང་རང་སྦིར་སློབ་གྲྭར་འགྲོ་རྩིས་ཡོད། མ་འོངས་པར་སྨན་པ་ཞིག་བྱ་ཐུབ་ན་བསམ་གྱི་འདུག” ཅེས་བརྗོད་སོང་།

 

རང་ལོ་ ༡༦ ཡིན་པའི་ཕ་ཡུལ་སྟོད་གཉའ་ལམ་རྫོང་ནས་ཡིན་པའི་སངས་རྒྱས་སྒྲོལ་མ་ལགས་སུ་བཅར་འདྲི་བྱས་སྐབས། “ ངའི་མིང་ལ་སངས་རྒྱས་སྒྲོལ་མ་ཟེར་གྱི་ཡོད། ང་ལ་ནང་མི་སྤུན་མཆེད་ ༨ ཡོད། ཕ་ཡུལ་གྱི་སློབ་གྲྭའི་ནང་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་སློབ་ཀྱི་ཡོད་ཀྱང་། དགེ་རྒན་ཚོས་སློབ་ཚན་ཡག་པོ་སློབ་ཀྱི་མི་འདུག་པས་སློབ་གྲྭར་འགྲོ་རྒྱུར་ཉོབ་སོང” ཟེར།

རྒྱ་གར་ལ་ཡོང་སྟངས་སྐོར་དྲིས་པར། “ཕ་ཡུལ་གྱི་མི་ཚོས་རྒྱ་གར་ལ་སོང་ན་ཡག་པོ་ཡོད་པ་རེད་ཟེར་གྱི་འདུག དེ་ནས་ངའི་ཕ་ལགས་ཀྱིས་བོད་པ་ལམ་ཁྲིད་ཞིག་ལ་རྒྱ་སྒོར་ ༧༠༠༠ སྤྲད་དེ་འགྲམ་བརྒྱུད་ནས་བལ་ཡུལ་དུ་ཡོང་བ་ཡིན། ཕ་ཡུལ་ནས་ཡོང་ཁར་ཕ་མ་གཉིས་ཀྱིས་ང་ལ་རྒྱ་གར་ལ་སོང་སྟེ་དབྱིན་ཡིག་ཡག་པོ་སྦྱང་དགོས་པ་རེད་ལབ་སོང” ཟེར།

མ་འོངས་པའི་དམིགས་ཡུལ་སྐོར་དྲིས་པར། “ ང་སྦིར་སློབ་གྲྭ་སོང་སྟེ་དབྱིན་ཡིག་དང་བལ་ཡུལ་སྐད་ཡིག་གཉིས་སྦྱང་རྒྱུ་ཡིན། མ་འོངས་པར་དགེ་རྒན་ཞིག་བྱ་རྒྱུ་ཡིན། ངས་བསམ་ན་ང་རང་བོད་དུ་ལོག་ཐུབ་ས་མ་རེད་བསམ་གྱི་འདུག “ ཅེས་བརྗོད་བྱུང་།

 

རང་ལོ་ ༡༤ ཡིན་པའི་ཕ་ཡུལ་ཁམས་འབྲི་རུ་ནས་ཡིན་པའི་བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་སུ་བཅར་འདྲི་བྱས་སྐབས། “ ངའི་མིང་ལ་བསྟན་འཛིན་ཆོས་སྐྱིད་ཟེར། ཕ་ཡུལ་ནས་ཕྱུགས་རྫི་ལ་འགྲོ་དགོས་སྟབས་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་བྱུང་མ་སོང་། ཕ་མས་བཤད་ན་སློབ་གྲྭའི་སློབ་ཚན་གཙོ་བོ་རྒྱ་ཡིག་རེད་ཟེར་གྱི་འདུག” ཟེར།

རྒྱ་གར་དུ་ཡོང་སྟངས་སྐོར་ལ། “ངའི་ཨ་ཁུ་ཞིག་གིས་བཤད་ན། རྒྱ་གར་ལ་སོང་ན་བླ་མ་མཇལ་ཐུབ་རྒྱུ་དང་ཤེས་ཡོན་སྦྱང་རྒྱུ་གཉིས་ཀ་རག་གི་རེད། རྒྱ་གར་གྱི་ས་ཆ་སྐྱིད་པོ་ཡོད་པ་རེད་ཟེར་གྱི་འདུག དེ་ནས་ང་རྒྱ་གར་ལ་ཡོང་འདོད་ཆེན་པོ་སྐྱེས་སོང་། ཕ་ཡུལ་ནས་ལྷ་ས་བར་ནང་མིས་སྐྱེལ་ནས་ཡོང་བ་ཡིན། འགྲམ་དུ་མི་ཞིག་ལ་རྒྱ་སྒོར་ ༡༠༠༠༠ སྤྲད་དེ་རྐང་པ་བརྒྱབ་སྟེ་ཡོང་བ་ཡིན། བལ་ཡུལ་དུ་བསླེབས་སྐབས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མཇལ་རྒྱུ་འདུག་པས། སེམས་ལ་ཞེད་སྣང་ཞིག་སྐྱེས་སོང་། ང་ཚོའི་ཕ་ཡུལ་ན་བླ་མའི་སྐུ་པར་མཇལ་རྒྱུ་ཡོད་པ་མ་རེད” ཟེར།

 ཁོང་གི་དམིགས་ཡུལ་སྐོར་དྲིས་སྐབས། “ ད་ལྟ་ང་རང་ལོ་ཆེན་པོ་ཆགས་ཡོད་སྟབས། ཡི་གེ་ཤེས་ཀྱི་མ་རེད་བསམ་གྱི་འདུག ཡིན་ནའང་། བོད་ཡིག་དང་དབྱིན་ཡིག་ཐོག་ཤུགས་བརྒྱབ་སྟེ་དགེ་རྒན་ཞིག་བྱ་འདོད་ཡོད” ཅེས་བརྗོད་བྱུང་།

 

རང་ལོ་ ༡༤ ཡིན་ཞིང་ཕ་ཡུལ་འབྲི་རུ་རྫོང་ནས་ཡིན་པའི་བུ་མོ་ཀུན་བཟང་ལགས་སུ་བཅར་འདྲི་བྱས་སྐབས། “ ངའི་མིང་ལ་ཀུན་བཟང་ཟེར་གྱི་ཡོད། ངའི་ནང་ལ་མི་ ༧ ཡོད། ཕ་མས་སློབ་གྲྭ་སོང་ན་རྒྱ་མིའི་ཡི་གེ་སྦྱང་དགོས་པ་རེད་ཟེར་གྱི་འདུག དེའི་སྟབས་ཀྱིས་ང་རང་ཕ་ཡུལ་དུ་ཕྱུགས་རྫི་བྱས་ཏེ་བསྡད་པ་ཡིན” ཟེར།

རྒྱ་གར་ལ་ཡོང་སྟངས་སྐོར་དྲིས་པར། “ ཉེ་སྔོན་ཕ་མ་གཉིས་ཀྱིས་རྒྱ་གར་ལ་སོང་ན། རྒྱལ་བ་རིན་པོ་ཆེར་མཇལ་ཐུབ་པ་དང་། སློབ་གྲྭའི་ནང་དུའང་རྒྱ་མིའི་ཡི་གེ་སྦྱང་དགོས་པ་མ་རེད། དགེ་རྒན་ཚོས་ཀྱང་རྡུང་གི་མ་རེད་ཟེར་གྱི་འདུག དེ་ནས་ལམ་ཁྲིད་ཞིག་ལ་རྒྱ་སྒོར་ ༡༠༠༠༠ ལྷག་སྤྲད་དེ་ཡོང་བ་ཡིན། ཕ་ཡུལ་དུ་མི་གཞན་གྱིས་རྒྱ་གར་སྐྱིད་པོ་ཡོད་པ་རེད་ཟེར་གྱི་འདུག་ཀྱང་། ང་རང་རྒྱ་གར་གྱི་ཁ་ལག་ལ་དགའ་བོ་མི་འདུག” ཟེར།

མ་འོངས་པའི་དམིགས་ཡུལ་སྐོར་དྲིས་པར། “ ང་ལ་རྒྱ་གར་ན་སྤུན་མཆེད་གང་ཡང་མེད། དེ་ཡིན་དུས་སུ་ཇཱ་སློབ་གྲྭར་བོད་ཡིག་དང་དབྱིན་ཡིག་ཡག་པོ་སྦྱངས་རྗེས་བོད་དུ་ལོག་གི་ཡིན། བོད་དུ་ལོག་ནས་ཕ་ཡུལ་དུ་དགེ་རྒན་བྱ་རྒྱུ་ཡིན། ངའི་ཕ་མ་དང་ནང་མི་ཚོས་སློབ་སྦྱོང་ཡག་པོ་ཆགས་ན་བོད་ལ་ལོག་ཤོག་ཟེར་གྱི་འདུག” ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 13

  1. བརྩོན་རྒྱམ། says:
    ལོ་ 15 སྔོན།

    རང་གི་ཕ་ས་ཕ་ཡུལ་དང་བྲལ་ནས་མིའི་ལུང་པ་འདིར་སླེབ་པ་རེད། དེ་འདྲ་ཡིན་དུས་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ལ་བདག་པོ་རྒྱབ་ནས་སློབ་སྤྱོང་ཡག་པོ་ཞིག་གནང་རྒྱུ་རེ་བ་ཆེ་མ་ཟད་དྲི་བ་རྣམས་ལ་དྲི་ལན་གནང་པ་ལྟར་གནང་རོགས་ཞུ།  རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྐད་ཡི་གེ་རྩ་མེད་གཏོང་གི་ཡོད་དེ་ཁྱེད་ཚོས་ཧ་གོ་ཡོད་དུས་སློབ་སྤྱོང་ལ་འབད་རོགས་ཞུ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བོད་ནས་ཡོང་མཁན་གཞོན་སྐྱེས་ཚོའི་མི་ཚེར་ང་ཚོས་དམིགས་བསལ་གྱིས་འགན་ཆེན་པོ་ཞིག་ཁུར་དང་འཁུར་བཞིན་ཡོད་པས། མུ་མཐུད་ཇེ་ལེགས་སུ་གཏོང་རྒྱུར་འབྲེལ་ཡོད་ཀུན་ལ་རེ་སྐུལ་ཞུ།

    Reply
  3. ནགས་མེ། says:
    ལོ་ 15 སྔོན།

    གསར་འགོད་པ་དཔལ་ལྡན་ལགས་ཀྱིས་བཅར་འདྲི་ཡག་མོ་བྱས་འདུག་པས་ཐུགས་རྗེ་ཆེ་ཞུ། བོད་འབྱོར་བ་ཚོ་ལ་བཀྲ་ཤིས་བདེ་ལེགས་ཡོད། ཚང་མས་བོད་དབྱིན་གཉིས་ལ་ཤུགས་རྒྱག་རོགས།

    Reply
  4. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཡག་པོ་རེད། ཁྱེད་རྣམས་ཀྱིས་ཤེས་དགོས་པ་ནི་རྒྱ་གར་འདི་ང་ཚོས་གཏན་འཇགས་སྡོད་ས་མ་རེད། ས་ཁུལ་འདི་ནི་ང་ཚོ་སློབ་སྦྱོང་དང་ལག་རྩལ་གྱི་གོ་ཆས་སྤྲད་ས་ཡིན་ཀྱང་དམིགས་ས་དེ་རང་ཡུལ་སྐྱིད་པའི་ལྗོངས་དེ་ཡིན་པ་མ་བརྗེད་རོགས། ཡར་མར་འཁྱམས་མྱུལ་དང་གཞན་གྱི་གཡོ་བྱུས་འོག་ཏུ་ཚུད་ནས་མི་ཚེ་འཕྲོ་བརླག་ཏུ་མ་འགྲོ་བའི་རེ་སྨོན་ཡོད།

    Reply
  5. ནགས་མཚོ says:
    ལོ་ 15 སྔོན།

    ངའི་ཕ་ཡུལ་མདོ་ཁམས་འབྲི་རུ་ནས་ཡིན་པའི་བུ་མོ་ཆུང་ཆུང་ཚོ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་ཁྱེད་རྣམས་ཀྱི་བསམ་དོན་རྣམས་ཡིད་རེ་བཞིན་འགྲུབ་པར་སྨོན།།
    བཀྲིས་བདེ་ལེགས།། བོད་རྒྱལ་ལོ།།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སློབ་སྦྱོང་ཚར་ནས་བོད་ལ་ཆབ་སྲིད་ཀྱི་རྐྱེན་གྱིས་བོད་ནང་ལོག་ས་མེད་གནས་ཚུལ་ཐ་དད་ཡིན་ཡང་། ལོག་རྒྱུའི་རྒྱུ་རྐྱེན་ཚང་ནས་ད་དུང་བོད་ནང་མ་ལོག་པ་ཡིན་ན། བོད་སྤྱི་དོན་ལ་གནོད་པའི་ཞེན་ཆ་ཆུང་ཆུང་རེད་སྙམ་ལགས།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བཅར་འདྲི་ཡག་པོ་བྱས་འདུག་ལ་བཅར་འདྲི་བྱས་པའི་སྐད་ཆ་དག་ཡི་གེར་ཕབས་སྟངས་ཀྱང་གསར་པ་ལྟ་བུར་སྣང་ཞིང་ཚིག་ཉུང་དོན་འདུས་ཤིག་འདུག་ན་བཀླགས་སྤྲོ་བོ་བྱུང་། བུ་མོ་ཚོས་ཀྱང་སྐད་ཆ་ཡག་པོ་རྐྱང་བཤད་འདུག འོན་ཀྱང་དུས་ཡུན་གང་འཚམ་འགོར་རྗེས་ཕྱྲི་རྒྱལ་དུ་འགྲོ་བསམ་པའི་ཤན་ཤུགས་ངན་པ་དེ་ཐེབས་སྲིད་པས་ད་ནས་གཟབ་གཟབ་བྱ་དགོས་བུ་མོ་ཆུང་ཆུང་ཚོ།

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    9.13. ཚང་གི་གྲལ་མཐའ་བསྡད་དེ་་་ཕྱི་རྒྱལ་ཡིད་ལ་སྒོམས་་་་་ཚེ་འདིར་མ་འགྲུབ་ན་་ཕྱི་མར་སྨོན་ལམ་ཐོབ་་་་་་ད་འདི་བྱོས་་་་་་

    Reply
  9. ལུང་རྟོགས། says:
    ལོ་ 15 སྔོན།

    བོད་ཕྲུག་ན་གཞོན་ཚོས་བོད་ཀྱི་སྐད་ཡིག་ལ་བཅང་བའི་དུང་ཞེན་འདིས་སེམས་པ་འགུལ་སོང་། བོད་མིའི་སྒྲིག་འཛུགས་དང་སློབ་གྲྭ་ཁག་གི་མགན་འཛིན་རྣམས་ནས་ཁོང་ཚོའི་རེ་བཞག་ཆུད་ཟོས་སུ་གཏོང་མི་རུང་།

    Reply
  10. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    ད་ག་རེ་བྱེད་ག ཡོང་ན་ར་འཕྲོད་བརླག་རེད། བོད་ནས་བསྡད་ནའང་འཕྲོད་བརླག་རེད་་་་

    Reply
  11. བཞག་སྲས། says:
    ལོ་ 15 སྔོན།

    རྒྱང་རིང་ཕ་ཡུལ་ནས་ཕེབས་པའི།།
    རིགས་གཅིག་སྲིང་ཆུང་གི་ཁྱུ་ཚོགས།།
    རེ་བའི་རྨི་ལམ་གྱི་སྣེ་མོ།།
    ཡིད་བཞིན་འགྲུབ་པ་རུ་སྨོན་ནོ།།

    Reply
  12. མགར་སྲས says:
    ལོ་ 15 སྔོན།

    མ་འོངས་་་་ལ་བཅོས།

    Reply
  13. མགར་སྲས says:
    ལོ་ 15 སྔོན།

    མ་འོང་བོད་ཀྱི་སོན་རྩར་གྱུར་བའི་སྱིང་མོ་ཆུང་ཆུང་ཚོར་སྙིང་ནས་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཅག་གི་སློབ་འབྲས་ལེགས་སོན་ཡོང་བའི་སྨོན་འདུན་ཞ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese