མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གཏོང་ལེན་ཚོགས་པའི་མཛད་སྒོར་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་རྡ་ཤོད་གཏོང་ལེན་ཚོགས་པའི་འཛུགས་སྐྲུན་ལེགས་འགྲུབ་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། སྐུ་མགྲོན་གཙོ་བོར་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་ལམ་སྟོན་གནང་ཡོད།   

དེ་རིང་ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་ངྷ་རམ་ས་ལ་དང་ས་རཱ་མཐོ་སློབ་བར་གྱི་གཞུང་ལམ་ཉེ་འགྲམ་དུ་གཏོང་ལེན་ཚོགས་པའི་( Tong Len Charitable Trust)ཞེས་པ་འཛུགས་སྐྲུན་ལས་གཞིའི་ཁྲོད། ཕྲུ་གུའི་སྡོད་ཁང་དང་། ཡིག་ཚང་བཅས་ཀྱི་ཨར་ལས་ཡོངས་སུ་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་བཙོ་བོར་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཡོད། གཞན། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཧི་མ་ཅཱལ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ཤུ་རེ་ཤན་ངྷར་ཀུ་མེལ་(Shanta Kumar )མཆོག གཏོང་ལེན་ཚོགས་པའི་ཕྱི་རྒྱལ་ཡན་ལག་ཁག་གི་འགན་འཛིན་དང་སྦྱིན་བདག་ཁག ཧི་མ་ཅལ་མངའ་ཁུལ་གྱི་ཚོགས་པ་ཁག་གི་སྐུ་ཚབ། གཏོང་ལེན་བསྟི་གནས་ཁང་གི་ཕྲུ་གུའི་ཕ་མ། ས་རཱ་མཐོ་སློབ་དང་ཐང་སྟོང་གླུ་གར་ཚོགས་པའི་དགེ་སློབ། ས་གནས་ཡུལ་མི་བཅས་མི་མང་ ༢༠༠ ལྷག་འདུ་འཛོམས་གནང་འདུག

མཛད་སྒོའི་ཐོག་མར་༸གོང་ས་མཆོག་གིས་བསྟི་གནས་ཁང་གི་ཡིག་ཚང་དང་ཕྲུ་གུའི་ཉལ་ཁང་བཅས་ལ་རབ་གནས་གནང་བ་དང་། སློབ་ཕྲུག་ཚོས་༸གོང་ས་མཆོག་ལ་བསྟོད་གཞས་ཕུལ་རྗེས། གཏོང་ལེན་དགེ་རྩ་ཚོགས་པའི་འགན་འཛིན་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས་ཐོག་མ་ ༢༠༠༢ ལོར་གཏོང་ལེན་ཚོགས་པ་ཐོག་མར་མགོ་འཛུགས་གནང་སྟངས་དང་ད་ལྟའི་གནས་སྟངས། མ་འོངས་པར་མུ་མཐུད་ཚོགས་པ་རྒྱ་སྐྱེད་གཏོང་འཆར་ཡོད་པ་སོགས་ངོ་སྤྲོད་གནང་བྱུང་།

དེའི་རྗེས་ཧི་མ་ཅལ་མངའ་སྡེ་བློན་ཆེན་ཟུར་བ་སྐུ་ཞབས་ཤུ་རེ་ཤན་ངྷར་ཀུ་མེལ་མཆོག་གིས་ཁོང་༸གོང་ས་མཆོག་དང་མཉམ་དུ་དེ་རིང་གི་མཛད་སྒོར་ཞུགས་ཐུབ་པ་དེ་མི་ཚེའི་ནང་གི་དོན་དག་རྩ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལོ་ ༤༥ སྔོན་ཁོང་གིས་ཧི་མ་ལ་ཡ་ཞེས་པའི་དུས་དེབ་ཞིག་པར་བསྐྲུན་བྱས་སྐབས། ༧གོང་ས་མཆོག་གིས་ཁོང་ལ་གདེང་འཇོག་གནང་ཡོད་ཚུལ་དང་། དེའི་རྗེས་སུའང་ཁོང་བཟའ་ཟླ་གཉིས་ཐེངས་མང་པོར་༸གོང་ས་མཆོག་ལ་མཇལ་འཕྲད་ཀྱི་གོ་སྐབས་བྱུང་སྟབས། ཁོང་ཉིད་ཀྱི་ངོས་ནས་༸གོང་ས་མཆོག་དང་རྒྱ་གར་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་གུ་རུ་གྷོལ་ཝར་ཀེལ་མཆོག་གཉིས་མི་ཚེ་ནང་གི་བརྩི་མཐོང་ཆེ་ཤོས་ཀྱི་གང་ཟག་གཉིས་ཆགས་ཡོད་སྐོར། ཁོང་ཉིད་ཀྱི་ངོས་ནས་སྐྱོ་བོ་དང་ཉམ་ཐག་རིགས་ལ་རོགས་རམ་བྱེད་ཀྱིན་པར་ཡི་རངས་བཅས་གནང་སོང་ལ། ཁོ་རང་རྒྱ་གར་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ལས་དོན་འདིར་ཞལ་འདེབས་དངུལ་ཧིན་སྒོར་འབུམ་ ༡༠ གནང་རྒྱུ་ཡིན་པའི་ཁས་ལེན་ཡང་བྱས་སོང་།  

དེའི་རྗེས་༸གོང་ས་མཆོག་གིས་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་འབྲེལ་བཀའ་སློབ་གནང་དོན། “ ངོས་རང་ལ་མཚོན་ན་ལོ་ཤས་སྔོན་ནས་འཇམ་དབྱངས་ལགས་ཀྱིས་སྤེལ་བའི་ལས་དོན་སྐོར་ལ་རྒྱུས་མངའ་ཡོད་ལ། སྐབས་ཤིག་ཁོང་ང་སྡོད་སར་ཕྲུ་གུ་འགའ་འཁྲིད་ནས་བསླེབས་སོང་། དེ་རིང་འདིར་དངོས་སུ་ཐུག་རྒྱུ་བྱུང་བ་རེད། འདིར་སྡོད་མཁན་གྱི་ཕྲུ་གུ་རྣམས་ཁྱིམ་ཚང་ཉམ་ཐག་གི་ཕྲུ་གུ་ཡིན་པ་མ་ཟད། ཕ་མ་ཚོས་གད་སྙིགས་སྒྲུག་ནས་འཚོ་ཐབས་བྱེད་ཀྱི་ཡོད། སྐབས་ཤིག་ཨ་མ་གཅིག་གིས་འཚོ་བའི་དཀའ་ངལ་ལ་བརྟེན་ནས་རང་གི་ཕྲུ་གུ་རྒྱུག་ཆུའི་འགྲམ་དུ་གཡུགས་པ་སོགས་ཀྱི་གནས་ཚུལ་གོ་ཐོས་བྱུང་བར་ང་ལ་སེམས་ཚོར་ཆེན་པོ་སྐྱེས་བྱུང་། ངས་ནམ་རྒྱུན་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པའི་གཞི་རྩའི་གནས་སྟངས་ཀྱི་ཐོག་ནས་འཛམ་གླིང་གི་མི་འབོར་ཐེར་འབུམ་ ༧ ཡོད་པ་ཚང་མ། ཐོག་མར་མའི་མངལ་ནས་སྐྱེས་སྟངས་དང་ཐ་མར་འཆི་སྟངས་གཅིག་མཚུངས་ཆགས་ཡོད། འོན་ཀྱང་། ཆོས་ལུགས་དང་རྒྱལ་ཁབ་མ་འདྲ་བ་དང་། ཆོས་ཁས་ལེན་མིན། ཤེས་ཡོན་ཡོད་མེད། རིགས་རུས་ཐ་དད་ཡིན་པ། དབུལ་ཕྱུག་གི་ཁྱད་པར་ཡོད་པ་དེ་དག་ནི་རིམ་པ་གཉིས་པ་ཆགས་ཡོད་ཅེས་བཤད་ཀྱི་ཡོད” ཅེས་དང་།

ཁོང་གིས་མུ་མཐུད་དུ། ” གལ་ཆེ་ཤོས་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན། ངོས་རང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་འགྲོ་བ་མི་ཐེར་འབུམ་ ༧ ཡོད་པ་ཚང་མར་ཚོར་བ་དེ་གཅིག་མཚུངས་ཡོད། དེར་བརྟེན། མི་ཚང་མར་དཀའ་ངལ་ལས་རྒྱག་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་སྟབས། ཕན་ཚུན་དཀའ་ངལ་འཕྲད་སྐབས་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་དེ་ང་ཚོའི་བཟང་སྤྱོད་ཀྱི་འགན་ཆགས་ཡོད། དེ་ལས་ལྡོག་ན་དབུལ་ཕྱུག་བར་གྱི་སྟོང་ཆ་དེ་བཟང་སྤྱོད་དང་འགལ་བ་ཙམ་མ་ཟད། རྙོག་དྲའི་འབྱུང་གཞི་གཙོ་བོ་ཞིག་ཀྱང་ཆགས་ཡོད། ང་ཚོས་སྟོང་ཆ་དེ་ཇི་ལྟར་སེལ་དགོས་མིན་ལ་བསམ་ཞིབ་བྱ་དགོས། དེ་ལྟར་ཡོང་བར་དབུལ་ཕྱུག་གཉིས་ཀར་འགན་ཡོད། འབྱོར་བ་ཡོད་མཁན་ཚོས་ཤེས་ཡོན་དང་མཁོ་ཆས་ཀྱི་མཐུན་འགྱུར་ཞུ་རྒྱུ་དང་། ཉམ་ཐག་ཚོར་བློ་སྤོབས་བསྐྲུན་རྒྱུ་དེ་ཡིན། ཉམ་ཐག་ཚོས་ཀྱང་རང་ཉིད་ལ་གདེང་སྤོབས་སྐྱེས་བའི་ཐོག་དཀའ་ལས་རྒྱག་ཐུབ་དགོས།  ” ཞེས་དང་བཀའ་སློབ་གནང་བྱུང་ལ། ༧གོང་ས་མཆོག་གིས་དེ་སྔ་ཚོགས་པ་འདིར་ཁོང་གི་ཐེབས་རྩ་ནས་རོགས་རམ་གནང་ཡོད་པ་ལྟར། མ་འོངས་པར་མུ་མཐུད་གནང་འཆར་ཡོད་ཚུལ་ཡང་གསུངས་བྱུང་།  

གཏོང་ལེན་ཚོགས་པ་ནི་ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་གྱི་དབུལ་ཕོངས་བྱིས་པ་རྣམས་ལ་བདག་སྐྱོང་དང་སློབ་སྦྱོང་སྤྲོད་ཆེད་དུ་བཙུགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་ད་ལྟའི་བར་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་བཅས་སྡེ་ཚན་གསུམ་ཡོད་ཅིང་། ཤེས་ཡོན་སྡེ་ཚན་དུ་ཕྲུ་གུ་ ༤༠ ལྷག་དང་འཕྲོད་བསྟེན་སྡེ་ཚན་དུ་ཕྲུ་གུ་ ༡༥༠ ལྷག་བཅས་ཁྱོན་ཕྲུ་གུ་ ༢༠༠ ལྷག་ལ་བདག་སྐྱོང་བྱས་ཡོད་པ་དང་། ༢༠༠༩ ལོར་སྐུ་སྒེར་ཡིག་ཚང་གཙོས་ཕྱི་རྒྱལ་གྱི་ཚོགས་པ་དང་མི་སྣས་རོགས་རམ་ལ་བརྟེན་ནས་ཐེངས་འདིར་ཕྲུ་གུའི་ཉལ་ཁང་དངཟ་ཁང་། སློབ་ཁང་། གློག་ཀླད་སྦྱོང་བརྡར་ཁང་། ཡིག་ཚང་བཅས་གསར་རྒྱག་ལེགས་འགྲུབ་བྱུང་ཡོད་འདུག་ལ། ད་ལྟའི་ཆར་རྒྱ་གར་ཡུལ་མིའི་ཕྲུ་གུ་ ༦༠ དང་ལས་བྱེད་ ༢༤ བཅས་བསྡོམས་མི་༨༠ ཡོད་པ་དང་། ཟླ་རྗེས་མའི་ནང་ཕྲུ་གུ་ ༣༠ ལྷག་གསར་དུ་བསྡུ་རུབ་ཀྱི་འཆར་གཞི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འགན་འཛིན་གྲྭ་བློ་བཟང་འཇམ་དབྱངས་ལགས།
    འགན་འཁུར་འོས་ལ་འགན་འཁུར་བ། །
    འཛིན་མཁས་ལས་ལ་བརྩོན་པའི་གྲྭ །
    བློ་གྲོས་རྟེན་འབྱུང་ཕུལ་འབྱུང་ལས། །
    བཟང་པོས་གཞན་ཕན་ཐུགས་ལ་འཁྲུངས། །
    འཇམ་དཔལ་ཞོན་ནུས་བྱིན་བརླབས་ནས། །
    དབྱངས་སྙན་ལ་སོགས་བསྡུ་བཞི་ཡིས། །
    འགྲོ་ལ་ཕན་མཛད་བློ་འཇམ་ལགས། །
    བསྟན་འཇམ་ང་ཡིས་ཚིག་གིས་བསྟོད། །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །
    བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །
    བསམ་གཏམ་གྱིས་ཞི་བློ་ཡིས་གྲོལ། །
    ཞེས་གསུངས་པའི་ཉམས་ལེན་ཆ་ཚང་ཚང་འདུག་པས་རྗེས་སུ་ཡི་རང་ཆེན་པོ་ཞུ་ལགས།

    Reply
  3. ནད་པ says:
    ལོ་ 15 སྔོན།

    མིང་དོན་མཚུངས་པའི་གཏོང་ལེན་རང་རེད། དེ་ཡང་བྱ་གཞག་བཟང་པོ་ཞིག་རེད། ༸ གོང་ས་མཆོག་གིས་ཕྱག་དངུལ་གཏོང་རྐྱང་མཛད། གཏོང་ལེན་ཚོགས་པས་ལེན་རྐྱང་བྱས། དེ་ཡི་མིང་ལ་གཏོང་ལེན་ཟེར་ན་ཏག་ཏག་རེད།

    ད་དུང་རྡ་ཤོད་དུ་གོས་ལོག་རྙིང་པ་ཚོང་མཁན་གྱི་བོད་ཕྲུག་སྐྱོ་བོ་མང་དག་གཅིག་ཡོད་རབས་འདུག སྔོན་མ་བོད་པ་ཕྱོགས་སྤང་ཤ་སྟག་རེད་ཟེར། དེང་སང་ཁོང་ཚོས་ཚོང་ལས་ཙག་ཙག་བྱས་ཏེ་འཚོ་བ་ཡིན་ལུགས་ཚུལ་ལྡན་ཐོག་བསྐྱེལ་བཞིན་ཡོད་ཚུལ་འདུག

    འདིའི་གྲས་ཧ་ཅང་གི་ཉམས་ཐག་ཡིན་སྟབས། གཏོང་ལེན་ཚོགས་པའི་ནང་དུ་ཉར་ནའང་མི་འགྲིག་པ་ཞིག་ཨེ་ཡོད་སྙམ།

    Reply
  4. བརྩོན་རྒྱམ། says:
    ལོ་ 15 སྔོན།

    དགེའོ་དགེའོ་ངོ་མ་བཟང་གི་བོད་མི་རིགས་ཀྱི་གོམ་གཤིས་ཡོད་མཁན་ཞིག་ཡིན་པ་མཚོན་གྱི་འདུག་འོན་ཀྱང་བུ་རྣམས་ལ་བོད་ཆས་གྱོན་དུ་འཇུག་ཡོད་པ་དེ་འདྲ་ཞིག་རེད།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བྱང་ཆུབ་སེམས་དཔའི་ཐུགས་མཉེས་པའི་བྱ་གཞག་ཚང་མ་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ། དོན་གཉིས་ལེགས་འགྲུབ་ཡོང་བར་ཚང་མས་རོགས་འདེགས་ཞུ་འོས།

    Reply
  6. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཞབས་ཞུའི་ལས་རིགས་འདིའི་རིགས་ལ་བོད་མི་རྣམས་ཀྱིས་དོ་སྣང་མང་ཙམ་གནང་དགོས། རང་ཉིད་དཔལ་འབྱོར་ཡག་པོ་ཡོད་ན་ཡང་རང་ཉིད་སྒེར་པ་གཅིག་ཡིན། གཞན་སེམས་ཅན་ནི་མཐའ་ཡས་པ་ཡིན། དམིགས་བསལ་དུ་རྒྱ་གར་ཡུལ་མི་རྣམས་ནི་འུ་ཅག་བོད་རིགས་ལ་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་པ་ནི་དུས་ནམ་ཡང་མ་བརྗེད་པ་གནང་དགོས། དེང་སང་བོད་མི་རིགས་མང་པོ་ཞིག་རྒྱ་གར་ཡུལ་མི་ཐོག་ལ་ལྟ་ཚུལ་སྐྱོ་རུ་འགྲོ་གིན་འདུག་པས་དེ་ལ་གཟབ་དགོས། རྒྱ་གར་བ་འགའ་ཞིག་གི་བྱས་ཉེས་ཀྱིས་ཡུགས་གཅིག་ཏུ་ནག་བསུབ་ཏུ་གཏང་ན་འགྲིག་གི་མ་རེད།

    Reply
  7. གྲྭ་རྐྱང་གི་ཕོ་ཉ། says:
    ལོ་ 15 སྔོན།

    ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ཞབས་ཕྱི་འདི་ལྟ་བུ་གྲྭ་རྐྱང་ཞིག་གིས་སྤེལ་ཐུབ་པ་འདི་ངོ་མ་གཟི་བརྗིད་ཅིག་རེད།
    འདིས་ཀྱང་མཐོ་གོ་སར་འགྱིངས་པའི་བླ་སྤྲུལ་ཚོར་བརྡ་ལན་གསལ་པོ་ཞིག་བསྟན་ཡོད།
    རྒྱུ་མཚན་བླ་སྤྲུལ་གོ་སར་སྙེགས་བཞིན་པ་ཚོས་རྟག་པར་རང་ཉིད་ཀྱི་མཚན་ཐང་དང་བདེ་སྐྱིད་ཀྱི་ཆེད་དུ་གྲྭ་རྐྱང་མང་པོ་གསོ་སྐྱོང་གང་འཚམས་བྱས་ནས་བླ་སློབ་དམ་ཚིག་དང་ཆོས་ཀྱི་གནས་ལུགས་ལ་མགོ་རྨོངས་པའི་སྤྱི་ཚོགས་སོགས་བད་སྤྱོད་བྱས་ཏེ་གྲྭ་རྐྱང་ཁོང་ཚོ་རང་ཉིད་ཀྱི་ཆེད་དུ་ཚེ་གཡོག་བྱེད་དུ་འཇུག་པ་འདི་སྟོན་པ་བཀའ་དྲིན་གྱིས་གཟིགས་ན་ཐུགས་ཅི་འདྲའི་མི་སྐྱོའམ།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གཏང་༼གཏོང་ལེན་༽ལེན་ཉམས་ཁ་ཡོད་ལག་ཡོད།
    ་་་་་་་་་་་་་
    ་་་་་་་་་་་་་་་་་
    བྱེད་སེམས་ལག་ལེན་གཉིས་ཀྱི་རྒྱ་༼རྒྱུ༽འབྲས་གཉིས། །
    མི་ཚེ་གཅིག་ནང་ཐུབ་ན་དབུལ་ཕྱུ་༼ཕྱུག༽མཉམ། །

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གཏང་ལེན་ཉམས་ཁ་ཡོད་ལག་ཡོད།

    ཁང་མིག་ནང་དུ་གཏོང་ལེན་བསྒོམས་པ་དང་། །
    སྲང་ལམ་ནང་ལ་གཏོང་ལེན་བྱས་པ་གཉིས། །
    བྱེད་སེམས་ལག་ལེན་གཉིས་ཀྱི་རྒྱ་འབྲས་གཉིས། །
    མི་ཚེ་གཅིག་ནང་ཐུབ་ན་དབུལ་ཕྱུ་མཉམ། །

    ཀུན་གྱི། །སྦྱིན་པའི་ཕ་རོལ་ཕྱིན་མཛད་ཤོག །

    Reply
  10. ཐིག says:
    ལོ་ 15 སྔོན།

    རྒན་འཇམ་དབྱངས་མཆོག་ལ་སྒོ་གསུམ་གུས་བཀུར་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཁྱེད་ཀྱི་བྱ་བཞག་འདི་ནི་བརླབས་ཆེན་རེད་ལ་གཟི་བརྗིད་ཀྱང་རེད། ཁྱེད་ལ་རྗེས་སུ་ཡི་རངས་ཡོད་ལ། ཁྱེད་ཀྱིས་མཛད་པ་འདིས་བདག་སོགས་ན་གཞོན་ཚོར་སེམས་འགུལ་ཐེབས་པ་ཞིག་ཀྱང་རེད། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese