མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཟའ་ཉི་མའི་གླེང་མོལ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རེས་གཟའ་ཉི་མར་ངྷ་ས་དང་ནོར་གླིང་མཐོ་སློབ་བཅས་ཀྱི་གཞོན་སྐྱེས་སྐོར་ཞིག་གིས་༼ གཟའ་ཉི་མའི་གླེང་མོལ ༽ ཞེས་པ་ཞིག་ཚོགས་ཡོད་འདུག

ཁ་སང་རེས་གཟའ་ཉི་མའི་སྔ་དྲོར་གངས་སྐྱིད་ཞི་བདེ་ཟ་ཁང་དུ། གཟའ་ཉི་མའི་གླེང་མོལ་ཞེས་པའི་རང་དབང་གི་བགྲོ་གླེང་འདུ་འཛོམས་ཤིག་གནང་ཡོད་ཅིང་། སྐབས་དེར་བཀྲ་ཤིས་ཀླུ་བྱམས་ལགས་ཀྱི་གཙོ་སྐྱོང་འོག ཚོགས་ཞུགས་པ་གཉན་པོ་དང་སྟག་འབུམ་རྒྱལ། ཁ་བ་སྐམ་པོ། ཁྲོ་གཏམ། མྱི་ལྟིག འབྲུམ་འབུམ་སོགས་ཀྱིས་༼ བཙན་བྱོལ་བོད་ཀྱི་རྩོ་པ་པོའི་འགན་འཁྲི་གླེང་བ ༽ཞེས་པའི་བརྗོད་གཞིའི་ཐོག་ཕྱོགས་ངོས་སོ་སོ་ནས་རང་རང་གི་ལྟ་ཚུལ་བརྗོད་ཡོད་འདུག  

གནས་ཚུལ་བཏང་འབྱོར་བྱུང་བའི་ནང་བཀོད་པ་ལྟར་ན། གཟའ་ཉི་མའི་གླེང་མོལ་ཞེས་པ་དེ་ནི། གསར་དུ་དབུ་བརྙེས་ཤིང་བོད་རང་གི་སྤྱི་ཚོགས་ཀྱི་བདེ་སྡུག་གླེང་སའི་སྟེགས་བུ་ཞིག་ཡིན་ཞིང་། བོད་ནང་དུ<<གཟའ་ཉི་མའི་ཁ་བརྡ>>སོགས་ཡོད་པ་ནང་བཞིན་དེ་ལ་མེ་ཏོག་མཉམ་བཞད་ཀྱི་ཚུལ་དུ་ན་གཞོན་རྩོམ་དགའ་བ་སྐོར་ཞིག་གིས་རང་མོས་ཀྱིས་སྒྲུབ་ཅིང་། རང་རང་གི་སེམས་གཏམ་གློད་སའི་སྡིངས་ཆ་ཞིག་ཡིན་འདུག

གནས་ཚུལ་ནང་བཀོད་དོན། “འདི་ནི་གཟའ་ཉི་མའི་གླེང་མོལ་གྱི་དབུ་ཁྱུད་དང་མགོ་འཛུགས་བྱེད་ཙམ་ཞིག་ཡིན་ཞིང་། འགྲོ་སོང་སོགས་ཀྱང་བགྲོ་གླེང་བ་རང་ངོས་ནས་ཕུད་པས་ན་ཕྱོགས་ཡར་མར་ནས་ཆེད་དུ་བགྲོ་གླེང་བ་མང་བོ་ཞིག་སྐད་གཏོང་ཐུབ་མེད་ཅིང་། མ་འོངས་བའི་འཆར་དུས་ཚོད་ངེས་མེད་དུ་གཟའ་ཉི་མ་ནམ་ཁོམ་ལ་ཚོགས་འཆར་ཡོད” ཅེས་བཀོད་འདུག  

མུ་མཐུད་བསྟན་དོན། “ ཐེངས་དིའི་གཟའ་ཉི་མའི་གླེང་མོལ་ལ་བགྲོ་གླེང་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི། འདི་རུ་ཆེད་དུ་ཕེབས་པའི་མཁས་པ་དང་ཆེད་ལས་པ་སོགས་འཛོམས་མེད་ཀྱང་། ཡར་འཁོར་བའི་མི་སྨྲ་བའི་རྟུལ་ཞུགས་འཛིན་མཁན་ཡང་མེད་པས་བགྲོ་གླེང་བ་ཡོངས་ཀྱིས་རང་རང་གི་ལྟ་ཚུལ་དག་སེམས་དྲང་བོ་དང་བློ་ཉེ་བོའི་སྒོ་ནས་གླེང་སྟེ་འཁྲུག་ཆ་དོད་པོ་ཞིག་བྱུང་སོང” ཞེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 17

  1. སྐྱ་བྷ། says:
    ལོ་ 15 སྔོན།

    བཀྲ་ཤིས་ཀྱིས་བཤད་པ་བདེན་པ་རེད་ཡ། གྲྭ་ལོག་ཅིག་གི་སྐྱེས་བ་མི་ལེན་པར་ཤོག རིག་ན་སུན་ནི་ཞིག་རེད། བཀའ་འགྱུར།

    Reply
  2. གཉན་པོ། says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས་ཀྱིས་སྡོམ་ལེགས་པོ་ཞིག་རྒྱབ་འདུག་མོད། ཕོ་ཕྱེད་གྲྭ་བ་ཡིན་པའི་བོད་ལ་མཚོན་ན་གྲ་ལོག་ནི་ཁྱེད་ཀྱིས་སྒུག་ར་ད་དུང་ཡོང་གི་རེད། མི་ཚེའི་ཕྱེད་ཀ་ཚོགས་ལ་ཚོགས་དགོས་པའི་ལས་དེ་ཡང་སྒྲུབ་ཀི་མ་རེད། གཞན་གྲོགས་མིག་གསུམ་ཅན་ལ་ཞུ་རྒྱུ་ཞིག་ནི་ང་ཚོའི་བགྱི་བ་ཕྲན་ཚགས་འདི་ལ་ཚོགས་པ་དང་ཚོགས་མི་སོགས་ཀྱི་ཐ་སྙད་གདེགས་མི་རུང་ཞེས་ཞུ་བ་ཡིན། རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཡོད། གཉན་པོ་ནས།

    Reply
  3. མྱི་ལྟིག says:
    ལོ་ 15 སྔོན།

    རྩོ་དེ་རྩོམ་ལ་བཅོས་རོགས།

    Reply
  4. བཀྲ་ཤིས། says:
    ལོ་ 15 སྔོན།

    གྲྭ་ལོག་འདི་ཚོ་དགོན་པ་ན་ཡོད་དུས་ཚོགས་ལ་མི་འགྲོ་བའི་སྡེ་རེད། སྡོམ་པ་ཤོར་ཚར་ན་ཚོགས་ན་འདོད་པའི་འདྲེ་རེད། ངོ་ས་གློན། གྲྭ་ལོག་ཅིག་གི་མི་སྐྱེ་ནས་སྨོན་ལམ་ཐོབ། ཡང་མགོ་གཡོག་མགོ་སྐོར་གཏོང་བསམ་ཡོད་པ་རེད། གྲྭ་ལོག་ཅིག་གི་སྡུག་ས་གནམ་གཉིས་ཀྱི་དབར་ནས་བཙལ་ན་མི་རྙེད།

    Reply
  5. མིག་གསུམ་པ། says:
    ལོ་ 15 སྔོན།

    ཚོགས་མི་གཉན་པོས་བརྗོད་པ་ལྟར་ན། གཟའ་ཉི་མ་རྟག་པར་མ་ཡིན་པར་འཛོམས་ཚད་དང་ཐུབ་ཚོད་ཀྱིས་འཚོགས་རྒྱུ་ཡིན་ཟེར། དེས་ན་ཕལ་ཆེར་རང་རང་གི་སྡུག་གཏམ་བརྗོད་སའི་གར་སྟེགས་ཤིག་དང་། རིགས་ཞེན་གྱི་ལ་རྒྱ་བདོག་པའི་གཞོན་སྐྱེས་ཁག་ཅིག་གི་ལྷག་བསམ་དང་སེམས་ཤུགས་ཡིན་ས་རེད། འདི་འདྲའི་བྱ་འགུལ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད།

    Reply
  6. དོན་འགྲུབ། says:
    ལོ་ 15 སྔོན།

    གླིང་མོ་འདི་ལ་ཡིད་རང་ཡོད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་མེད་པའི་རེ་འདུན་ཡོད།

    Reply
  7. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    དེ་འདྲ་མང་པོ་འཚོགས་ཐུབ་ན་ལེགས་པོ་འདུག རྟེན་འབྲེལ་ཞུ།

    Reply
  8. རང་རྟོན། says:
    ལོ་ 15 སྔོན།

    གཟའ་ཉི་མའི་གླེང་མོལ་དབུ་བརྙེས་པར་ཧ་ཅང་དགའ་ནས་ཡོད་ལ།འབྱུང་འགྱུར་ཡང་མུ་མཐུད་གནས་ཐུབ་པའི་རེ་བ་དེ་བས་ཡོད།རང་རྟོན་ནས།

    Reply
  9. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    གཞན་རྟེན་ངང་སྒུག་དང་ཕྱི་རྫུ་ནང་འཁུམས་ཀྱི་མལ་དུ་མ་བསྡད་པར། རང་སྟེང་ནས་འཕག་འཚག་གི་ལམ་ཁར་བུད་པར་ཡི་རངས་ཡོད། ཡིན་ནའང་། སྐད་ཆའི་བསླེབས་ཚད་ལ་སྨྲ་ལྕེ་གཡུག་འདོད་ཀྱི་བཙན་བྱོལ་སྤྱི་ཚོགས་འདིའི་ངན་གཤིས་ཀྱི་ལམ་དུ་མ་ཕྱིན་པར། ཁྱོད་དང་ངའི་ཁོར་ཡུག་དང་ཁ་ཐག་ཉེ་བའི། ཁྱོད་དང་ངའི་འཚོ་བའི་ཁྲོད་སྤྱོད་དུ་རུང་བའི། འུ་ཅག་གི་ཉེ་འཁྲིས་ན་ཉི་མ་རེ་རེར་སྣང་མེད་དུ་ཡལ་གྱིན་པ་དག སང་ཉིད་ཀྱི་འཚོ་བའི་ཁྲོད་མངོན་ཆུང་གིས་བོར་འགྲོ་བ་དག དེ་དག་ལ་ལག་པས་བསྙབ་སྟེ་རྡུལ་སྤྲུགས་དང་བཅས་རུམ་ལ་འཇུག་ཐབས་ཀྱི་ཆེས་བབ་ཆགས་ཀྱི་རྐང་རྗེས་ཆུང་ཆུང་དག ཁྱོད་དང་ངའི་འཚོ་བའི་ཁྲོད་གོམ་ཁ་ལེན་རྒྱུ་གནད་དུ་ཆེ་བར་སེམས། དེ་རིང་གི་ཁྱོད་དང་ངའི་ཁ་བརྡ་དེ། སང་ཉིན་གྱི་ཁོ་དང་མོའི་གླེང་གཞིར་འགྱུར་བར་སྨོན།

    Reply
  10. འདྲེ་མགོ་རྡོ། says:
    ལོ་ 15 སྔོན།

    འདི་ཡག་པོ་འདུག མང་ཙམ་སྤེལ་རོགས། མགོ་འཛུགས་སྟངས་ཉམས་ཆུང་བྱེད་པ་འདི་མྱི་རྩ་ཚང་མཁན་ཞིག་གི་རྟགས་རེད་ཡ། རྩེ་སྐར་ཟེར་བ་དེས་ག་རེ་ལབ་ཀྱི་ཡོད་ན

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཁོ་བོས་སྙིང་ནས་དགའ་བསུ་དང་རྟེན་འབྲེལ་ཞུ་ཞུ། མ་འོངས་པ་ན་བགྲོ་གླེང་དེར་མཉམ་ཞུགས་ཐུབ་པར་སྨོན། རྩོམ་དགའ་ཞིག་གིས།

    Reply
  12. མིང་མེད says:
    ལོ་ 15 སྔོན།

    འཚོགས་འདུ་དེ་འདྲ་འཚོགས་པ་ཡག་པོ་རེད་ཡིན་ཡང་ང་ཚོའི་སྤྱི་ཚོགས་ཁ་འཐོར་སྣ་འཐོར་ཡིན་པ་སོང་ཙང་དེ་ལས་ས་གནས་གང་ཞིག་དང་མི་ཅི་འདྲ་ཞིག་དང་མཉམ་དུ་འཛོམས་ཀྱང་གླེང་མོད་བྱེད་རྒྱུ་དེ་ཆབ་སྲིད་དང་རིག་གཞུང་གི་ངོ་བོར་བསྒྱུར་ཐབས་དང་དེ་ལ་གོམ་འདྲེས་གང་ཐུབ་བྱེད་རྒྱུ་གལ། སྤྱི་ཚོགས་ཀྱི་སྣོད་ཁྲིད་བྱེད་རྒྱུའི་འདུན་པ་ཡོད་ཡག་པོ་རེད་ཡིན་ན་ཡང་དེ་བྱེད་པ་རང་ཉིད་ཧྲ་ཏག་ཏག་ཅིག་དགོས།

    Reply
  13. གཉན་པོ། says:
    ལོ་ 15 སྔོན།

    རྩེ་སྐར་ལགས་གྱིས་དགོངས་ཚུལ་དྲང་བོར་གསུངས་བར་དགའ་བོ་བྱུང་། སྤྱིར་ང་ཚོས་ཀྱང་སློབ་མའི་དུས་སྐབས་དང་སློབ་སྦྱོང་གི་དུས་སྐབས་བཅས་ཀྱི་རིན་ཐང་ངོས་མ་ཟིན་པ་མིན་ལ་སློབ་སྦྱོང་ལས་ལྷག་ཅིག་མཉམ་ཚོགས་བྱས་པས་འཇོན་རྒྱུ་རེད་ཀྱང་འདོད་ཀི་མེད། དེ་བས་ང་ཚོས་བསམ་གཟས་ཏེ་གཟའ་ཉི་མར་ཚོགས་རྒྱུ་བྱས་ཤིང་། གཟའ་ཉི་མ་ཡང་ནམ་ཡོད་ལ་ཚོགས་རྒྱུ་མིན་པར་ཁོམ་སྐབས་སམ་སྐབས་ལེན་རེར་འཛོམས་རྩིས་ཡིན། སེམས་གཏམ་མོལ་བར་ཐུགས་རྗེ་ཆེ།

    Reply
  14. གཉན་པོ། says:
    ལོ་ 15 སྔོན།

    རྩེ་སྐར་ལགས་གྱིས་དགོངས་ཚུལ་དྲང་བོར་གསུངས་བར་དགའ་བོ་བྱུང་། སྤྱིར་ང་ཚོས་ཀྱང་སློབ་མའི་དུས་སྐབས་དང་སློབ་སྦྱོང་གི་དུས་སྐབས་བཅས་ཀྱི་རིན་ཐང་ངོས་མ་ཟིན་པ་མིན་ལ་སློབ་སྦྱོང་ལས་ལྷག་ཅིག་མཉམ་ཚོགས་བྱས་པས་འཇོན་རྒྱུ་རེད་ཀྱང་འདོད་ཀི་མེད། དེ་བས་ང་ཚོས་བསམ་གཟས་ཏེ་གཟའ་ཉི་མར་ཚོགས་རྒྱུ་བྱས་ཤིང་། གཟའ་ཉི་མ་ཡང་ནམ་ཡོད་ལ་ཚོགས་རྒྱུ་མིན་པར་ཁོམ་སྐབས་སམ་སྐབས་ལེན་རེར་འཛོམས་རྩིས་ཡིན། སེམས་གཏམ་མོལ་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།

    Reply
  15. ཤག་སྒང་པ། says:
    ལོ་ 15 སྔོན།

    རང་འགུལ་གྱིས་ལས་འགུལ་གསར་པ་སྤེལ་བར་བསྔགས་བརྗོད་དང་རྟེན་འབྲེལ་བཀྲིས་བདེ་ལེགས་ཡོད། མུ་མཐུད་ཐུབ་ན་དགེ་མཚན་དང་མིག་དཔེ་བཟང་།
    ལྡིང་ཆ་རེད་དམ། ཡང་ན་སྡིངས་ཆ་རེད། ཕྱི་མ་ཐད་པར་མཐོང་།

    Reply
  16. རྩེ་སྐར། says:
    ལོ་ 15 སྔོན།

    མ་གཞི་ནས་ཁྱེད་ཅག་གི་བསམ་སྤྱོད་དེ་ཡག་པོ་རེད། ཡིན་ནའང་། དེ་བས་སློབ་གྲྭར་འགྲིམ་མཁན་ཞིག་གི་ངོས་ནས་སློབ་སྦྱོང་གི་གོ་སྐབས་ཡོད་པའི་དུས་ཚོད་དེ་དམ་འཛིན་གྱིས་ཤེས་ཡོན་གྱི་གཞི་རྐང་བརྟན་པོ་ཞིག་ཚུགས་ཐུབ་ལ་འབད་རྒྱུ་དེ་གལ་ཆེན་ཡིན་པ། ཁོ་བོ་སློབ་གྲྭར་འགྲིམ་སྐབས་དུས་ཚོད་མང་པོ་ཞིག་ཆུད་ཟས་སུ་བཏང་ཡོད་པའི་འགྱོད་སེམས་དང་བཅས་རང་སྟེང་ལ་སྦྱར་ནས་བཤད་ཀྱི་ཡོད། ཁོ་བོའི་ངོས་ནས་ཁྱོད་ཚོས་གཟའ་ཉི་མའི་གླེང་མོལ་ཚོགས་རྒྱུ་དང་གཟའ་ཉི་མར་རང་སྦྱོང་ངམ་དཔེ་ཀློག་བྱེད་རྒྱུ་གཉིས་ལས་གཟའ་ཉི་མར་རང་སྦྱོང་ངམ་ཡང་ན་དཔེ་ཀློག་བྱ་རྒྱུ་དེ་གལ་ཆེན་ཞིག་ཏུ་མཐོང་གི་ཡོད། སྤྱིར་དེང་ན་ང་ཚོ་བོད་གཞིས་བྱེས་གཉིས་སུ་སོ་སོའི་ངོས་ནས་ཤེས་ཡོན་གྱི་གཞི་རྐང་བརྟན་པོ་ཞིག་ཚུགས་པར་འབད་བརྩོན་མི་བྱེད་པར། རང་སྟེང་གི་ཤེས་ཡོན་གྱི་ཚད་གཞི་ལ་མི་བལྟ་བར་ཕྱིའི་སྣང་ཚུལ་ཙམ་ཞིག་ངོམ་སོ་བྱེད་རྒྱུ་དེ་གཙོ་བོ་ཞིག་ཏུ་འཛིན་པའི་བྱེད་སྲོལ་ཞིག་དར་གྱིན་འདུག
    འདི་ནི་ཁོ་བོའི་བསམ་ཚུལ་ཙམ་ཞིག་མ་གསང་དྲང་པོར་བཤད་པ་ཙམ་ལས། ཁྱེད་ཅག་གི་ལས་དོན་དེར་གཟས་ནས་རྒོལ་བ་དང་དམའ་ཕབ་པ་ཞིག་གཏན་ནས་མིན་ལགས། ཁྱེད་ཅག་གི་ལས་དོན་དེ་དོན་འཁྱོངས་ཡོང་བར་སྨོན།
    གལ་སྲིད་ཁོ་བོའི་སྐད་ཆ་འདི་ཐལ་དྲགས་ཡོད་ན་སྣང་མེད་དུ་རྣ་བའི་ལྟག་རྒྱབ་ཏུ་གཡུགས་ཏེ་ཁྱེད་ཅག་ལ་ཕོག་ཐུག་མེད་པར་ཞུ། རྩེ་སྐར་གྱིས།

    Reply
  17. བརྩོན་རྒྱམ། says:
    ལོ་ 15 སྔོན།

    གཟའ་ཉི་མའི་གླེང་མོར་ཞེས་པ་འདི་ནི་ན་གཞོན་བསམ་བློ་པ་སྐོར་ཞིག་གི་གཙོ་སྐྱོང་གནང་པ་ཞིག་རེད་འདུག་འདི་ནི་དགའ་འོས་པའི་བྱ་བ་གལ་ཆེན་ཞིག་རེད།  ད་དུང་མུ་མཐུད་དུ་དེ་ལྟར་གནང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese