མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ལོག་མཐོང་མིན་ན་ང་ཚོའི་ལམ་ཁ་དག་ལ་རུལ་དྲི་ཁ་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཚངས་གསར་འཕྲིན་ལས།

འཐབ་རྩོད་ཆེ་བའི་སྤྱི་ཚོགས་ཤིག་ལ་བརྟན་བརླིང་གི་ཁོར་ཡུག་ཅིག་ཡོད་མི་སྲིད་ལ།  འཕེལ་རྒྱས་ཀྱི་ལམ་ཁ་ཞིག་དེ་བས་འབྱུང་དཀའ།  འཐབ་རྩོད་ཆེ་བའི་རིགས་ཚོགས་ཤིག་ལ་གཅིག་གྱུར་གྱི་དམིགས་འདུན་ཡོད་མི་སྲིད་ལ།  འཇོན་ལྡན་མི་སྣའི་གྲངས་འབོར་དེ་བས་ཀྱང་ཆགས་མི་ཐུབ།

༡

ལོ་ངོ་དུ་མའི་རིང་མི་གཤིས་ལ་གནོད་བསྐྱལ་ཞིང་མཐུན་ལམ་ལ་གཏོར་བཤིག་གཏོང་བའི་ཁ་དང་སྣའི་བར་ཐག་ཙམ་ལས་མེད་པའི་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང་།  མི་རབས་གསར་རྙིང་གཉིས་ཀྱི་ལྟ་བའི་འགལ་འདུ་སོགས་རྫོབ་ལ་རིང་བའི་ལོ་རྒྱུས་ཀྱི་ངོ་གདོང་སྐྱོ་བོ་འདི་ཚོ་མཐོང་ཚེ།  རང་རིགས་ལ་ཤ་ཚ་ཞིང་མི་རིགས་ཀྱི་བདེ་སྡུག་ལ་བསམ་གཞིག་དངོས་ བྱེད་མཁན་ཞིག་ཡིན་ནས་བཟུང་སྟེ་འཚོ་གནས་ཀྱི་སྐྱོ་གར་འདི་ལ་གཤག་བཅོས་ཐེངས་གཅིག་མི་བྱེད་ཐུ་མེད་ཅིག་རེད།

༢

ཁ་སང་གི་བགྲོད་ལམ་ལ་འུ་ཚོས་ཕྱི་མིག་ཅིག་བྱོས་དང་།  བསམ་བློའི་འགལ་འདུ་སྣ་ཚོགས་ཤིག་གིས་རྐྱེན་པས་མཐུན་སྒྲིལ་དང་མཉམ་ལས་ཀྱི་ལམ་ཁ་དག་ཕྱོགས་འཐེན་གྱི་མཁའ་དབུགས་སྟུག་པོས་ཡོངས་སུ་སྒྲིབ་ཚེ།  ད་གཟོད་ང་ཚོར་དུས་རབས་ཀྱི་འཇིག་རྟེན་མཐོང་བའི་བློ་མིག་ཕྲ་ཞིང་འཇིགས་ཡེར་བའི་ དུས་ཚིགས་ཀྱི་དཀྱོགས་མཚམས་ན་འགྱེལ་མ་ལང་བཞིན་སྡོད་པ་ལས་རྨོངས་ཞེན་གྱི་ལྕགས་རི་བརྒལ་ཏེ་སྔོན་ཐོན་གྱི་སྲོག་དབུགས་ཤིག་ཞུགས་མ་ཐུབ་པའི་གནད་དོན་འདི་བྱུང་བ་རེད།

༣

གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།།  རྙིང་པ་ཐམས་ཅད་ལྷ་ཡིས་སྲོལ་དུ་བསྒྲགས།།  ཞེས་ པའི་དུས་རབས་ཉི་ཤུ་པའི་བོད་ཀྱི་མཁས་པ་ཆེན་པོ་དྲན་དབང་དགེ་འདུན་ཆོས་འཕེལ་མཆོག་གི་ཐ་ཚིག་ནན་མོ་ཞིག་གིས་འུ་ཚང་གི་མི་རབས་གསར་རྙིང་གཉིས་ཀྱི་ལྟ་བའི་འགལ་འདུ་དང་ཐལ་ཆ་ཆེ་བའི་བྱ་སྤྱོད་རིགས་རྩོམ་པ་པོའི་སྙུག་རྩེར་བླངས་ཡོད་ཚོད་འདུག་མོད།  སྐབས་དེར་ཀླད་རྙིང་ཅན་གྱི་སྐུ་དྲག་དག་གིས་རྒྱུ་མཚན་ལ་དབྱེ་ཞིབ་མེད་ཅིང་། བློ་རྒྱ་ལག་མཐིལ་ལས་ཆུང་ཞིང་བློ་མིག་ཁབ་མིག་ལས་ཕྲ་བའི་རང་ལྟ་མཆོག་འཛིན་འདིས་འཇིག་རྟེན་འདིའི་ནོར་བུ་ཞིག་ཐང་ལ་བརྡབས་ཟིན་པ་རེད། ད་ལྟ་ཡིན་ནའང་འདི་འདྲའི་མི་ནི་འུ་ཚོའི་ཉེ་འཁོར་དང་ཡང་འཁོར་དག་ཏུ་ཁྱབ་ཅིང་གནས་ཡོད་པ་མ་ཟད་རང་ཉིད་ཀྱི་མཐོང་སྣང་དང་ཐོས་སྣང་ལའང་ཉུང་ཉུང་མིན་པས་ལེགས་ཉེས་ལ་དཔྱོད་མཁས་ཤིང་བདེན་ལུགས་ལ་མྱོང་གོམས་ཟབ་པའི་མི་བུ་དག་གིས་གཟབ་ནན་བྱས་ཏེ་དུས་ཐོག་ཏུ་སུན་འབྱིན་དགོས་པ་ནི་ཕྲག་ལ་ཁུར་བའི་འོས་འགན་ཞིག་མ་ཡིན་ནམ།

༤

ད་ནི་ང་ཚོས་ལོ་རྒྱུས་ཀྱི་ནག་ཉེས་གླེང་བ་ལས་དེ་རིང་གི་ལས་གཞི་དང་སང་ཉིན་གྱི་གྲ་སྒྲིག་ལ་མཉམ་ལས་གདོང་མཆོང་བྱེད་བཞིན་ཐོབ་ཤོར་གྱི་ལོ་རྒྱུས་རྩོད་དགོས་པ་ལས།  དབུ་མའི་ལམ་དང་རང་བཙན་གྱི་ལྟ་བའི་རྩོད་རྙོག་ཁྲོད་དུ་འཕག་འཚག་བརྒྱབས་ནས་གཡས་ལངས་གཡོན་འགྲེང་བྱེད་བཞིན་རང་བཙན་འདོད་མཁན་དག་གིས་དབུ་མའི་ལམ་དེ་ནག་ཉེས་དང་ནོར་ འཁྲུལ་ཞིག་ཏུ་བརྩིས་ནས་ཅི་ནུས་གང་ལྕོགས་སྐྱོན་བརྗོད་དང་སུན་འབྱིན་གྱི་སྐད་ཆ་སྣ་ཚོགས་བཤད་པ་མ་ཟད་༧གོང་ས་མཆོག་ལའང་སྐུར་འདེབས་བྱེད་བཞིན་འདུག། དབུ་མའི་ལམ་འདོད་མཁན་དག་གིས་རང་བཙན་གྱི་ལྟ་བའི་ལངས་ཕྱོགས་དེས་མི་རིགས་ཀྱི་ཕུགས་བསམ་དང་ཁེ་ཕན་གྱི་གནས་བབ་སོགས་ལ་གནོད་ཚུལ་གྱི་མངོན་ལྐོག་གཉིས་ནས་མུག་བཤད་རྒྱག་བཞིན་ཉེས་འགེལ་ཅི་ཐུབ་བྱས་ཏེ་རང་ཉིད་ཀྱི་ལངས་ཕྱོགས་དེ་ཚད་མཐོ་ས་ ཞིག་ལ་བསྐྱལ་བའི་གནས་བབ་འདི་འདྲ་ཞིག་གི་འོག་ཏུ་འཚོ་སྡོད་བྱེད་འོས་སམ།

 

༥

ལག་པ་བྲང་ཁར་བཞག་སྟེ་མནོ་བསམ་ཞིག་ཐོངས་དང་། ང་ཚོས་འདས་པའི་བྱུས་ཉེས་དག་བསྐྱར་དུ་གླེང་རྒྱུ་དེ་གཙོ་བོ་མ་ཡིན་པར། དགེ་སྐྱོན་གཤིབ་བསྡུར་བྱས་ཏེ་སང་ཉིན་གྱི་ཁྱིམ་གཞིས་དང་འཚོ་རྟེན་གྱི་ཆེད་དུ་གོམ་པ་མཉམ་སྤོ་དང་ལག་པ་མཉམ་སྦྲེལ། འགན་མཉམ་ཁུར་དང་མགོ་བོ་མཉམ་འདེགས། སྐྱིད་སྡུག་གི་ལས་དབང་མཉམ་གླེང་བྱས་ན་ད་གཟོད་ང་ཚོ་ལ་འཐབ་རྩོད་ལས་རྒྱལ་བའི་ནུས་ཤུགས་ཡོད་ངེས་ལ།  བཙན་པོའི་རིགས་རྒྱུད་ཅེས་པའི་ཐ་སྙད་འདི་ཡང་དྲོད་མ་ཡལ་བར་ང་ཚོར་སྦྱར་ན་དོན་དང་མཐུན་པ་ཞིག་ཏུ་འགྱུར་ངེས།

 

༦

ད་ནི་ང་ཚོ་ངོ་མ་གཉིད་ལས་སད་འདོད་ན་སད་རན་ལ།  མི་རིགས་གཞན་དང་འདྲ་བར་ཐོབ་ཐང་གི་དཔུང་པ་མཉམ་གཤིབ་འདོད་ན་རུལ་དྲི་བྲོ་བའི་མལ་ས་དེ་འཇོག་རན།  གུ་དོག་པའི་ཕྱོགས་འཐེན་གྱི་མཁྲེགས་བཟུང་དོར་ཏེ་ཁ་སང་དེ་རིང་ཚེ་སྲོག་ཤོར་བཞིན་པའི་སྤུན་ཟླ་ཚོ་སེམས་པའི་གཏིང་རུམ་ནས་ལན་གཅིག་དྲན་བཞིན་ཁོང་ཚོའི་རང་གི་གཅེས་པའི་ཚེ་སྲོག་དམར་པོ་དེ་མི་རིགས་ཀྱི་བདེ་སྡུག་ཆེད་དུ་གཏོང་ཕོད་པའི་སྙིང་སྟོབས་དེ་ཡོད་ན།   ང་ཚོས་ཁོང་ཚོ་དྲན་པའི་རྗེས་དྲན་གྱི་རྩོམ་ཡིག་ཉག་ཉོག་རེ་འབྲི་བའི་སྤོབས་པ་མེད་པ་འདི། རྒྱུ་འབྲས་ཆོས་ཉིད་ལ་རུང་ངམ།  སྤུན་ཟླ་ཚོ།

 

༢༠༡༡ ཟླ་བ་ ༡༡ པའི་ཚེས་ ༡༠ ཉིན་དགོང་མོ་རང་སྦྱོང་གི་སྐབས་བྲིས།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༡༣ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༡༤ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 9

  1. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    ”གཞན་ལ་དཔྱད་བརྗོད་གཅིག་པོ་མ་ཡིན་པར། ང་ཚོ་ཉིན་རེའི་འཚོ་བའི་ནང་ལ་ཡང་བོད་དོན་ལ་ཕན་པའི་ལས་ཀ་ག་ཚོད་བྱས་འདུག ཆོལ་ཁ་དང་ཆོས་ལུགས་གིས་མཐེན་ཁྱེར་གྱིས་ལས་ཀ་ག་ཚོད་བྱས་འདུག རང་ཉིད་སོ་སོར་ལ་ཡང་དཔྱད་བརྗོད་ཞིག་བྱས་ན་ལེགས་པར་མཐོང་”ཞེས་པའི་སྐད་ཆ་འདི་སྙིང་བརྗེ་བོ་ཞིག་དང་ཡིད་ལ་འཐད་པོ་ཞིག་བྱུང་བ་མ་ཟད་དུས་རྟག་ཏུ་རང་གི་དྲན་ཤེས་ཀྱི་འཁོར་ཕྱོགས་དང་བསམ་གཞིག་བྱེད་ཕྱོགས་ཤིག་ཡིན། འོན་ཀྱང་ཁོ་བོས་མཆན་བྲིས་པའི་ཚིག་དུམ་ཁ་ཤས་དེ་ཁྱེད་ལ་དམིགས་པ་མིན་ཀྱང་ན་ཟུག་ཅིག་བཟོས་ཡོད་པ་འདྲ། གང་ལྟར་དོན་མེད་”སྙིང་ཆུང་ཟོལ་བརྫུ་ཁ་ཡང་མགོ་བདེ་ཞེས་མ་སྙད།།”ཅེས་པའི་ཚིག་ལ་བསམ་ན་ཁྱེད་ཀྱིས་བདག་གི་བསམ་པའི་ཁྱེར་ཕྱོགས་ལ་གཞིག་འབྲེལ་མ་བྱས་པའི་འཆར་ཡན་གྱི་གཏམ་ཞིག་ཡིན་པ་ལས་དོན་དངོས་གཞི་མེད་ཀྱི་ལོག་བཤད་དེ་འདྲ་དུས་ནམ་ཡང་བྱེད་མྱོང་མེད།
    རྟག་ཏུ་རང་གིས་ཆེ་མཐོང་དང་བརྩི་མཐོང་འཇོག་ས་ཞིག་ཡོད་པ་ནི་མི་གཞི་ཡིན་པས་སོ། ཡང་”ལོ་དང་ཟླ་བའི་བགྲོད་ལམ་རྒྱལ་བས་བཀག་པ་མེད།།”རང་འདོད་རྣལ་མ་ཞིག་གཞན་གྱི་མགོ་ཐོག་ཏུ་བཞག་པ་ལས་མི་རིགས་ཀྱི་མདུན་ལམ་དང་ལམ་ཁ་ཡོད་ཚད་རྒྱལ་བས་བཀག་སོང་ཟེར་བའི་ཚིག་དོན་ཞིག་གང་དུ་འདུག དྲ་གྲོགས་གཟིགས་དང་། གལ་སྲིད་དེ་འདྲ་ཡོད་པ་ཡིན་ན་ཚོར་ཤེས་དང་མིག་ཟུང་གཅིག་ཏུ་བསྒྲིལ་ཏེ་འགྲེལ་བཤད་དང་བརྗོད་དོན་ཞིག་སྟོན་དང་དེ་ལུགས་ཀྱི་གོ་བཀོན་བྱེད་ཆོག དེ་མིན་ཁུངས་མེད་པའི་གཏམ་འཆར་དེས་རིགས་མ་གསུངས་རོགས་ཞུ་རྒྱུ་ཡིན།
    གཞན་ཁྱེད་ཀྱི་ཚིག་དུམ་རྣམས་རང་གི་ཤེས་ཚོད་ལྟར་ན་སྡེབ་སྦྱོར་དང་ཚིག་མང་ཉུང་སོགས་མང་བས་བསླུ་ཐག་སྒྲིག་མ་ཤེས་པས་དགོངས་འགལ་མེད་པ་ཞུ།

    གཞན་ཅོ་རི་ཉི་མ་དང་བརྩོན་རྒྱམ་སོགས་དྲྭ་གྲོགས་མང་པོ་ཞིག་ལ་མཚམས་འདྲི་ཡོད་པ་མ་ཟད་དོན་གནད་ལ་གཞིག་འབྲེལ་བྱས་པ་ཐུགས་རྗེ་ཆེ།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    རྩོམ་འདིའི་བརྗོད་བྱ་ཡག་བྱུང་གངས་རིའི་བུ་རྒོད།
    མཆན་འདིའི་འགྱུར་ཁུག་སྙན་བྱུང་ཚང་གསར་འཕྲུན་ལས།
    རྩོམ་མཆན་གཉིས་གྱི་བར་ནས་མ་འོང་སྒྲུབ་ཕྱོགས།
    སྙིང་གི་ཟུངས་ཁྲག་དྲོ་མོས་སྡུག་སྐད་ཤོར་འདུག

    Reply
  3. འཇམ་ཚུལ། says:
    ལོ་ 14 སྔོན།

    སངས་རྒྱས་སངས་རྒྱས་ཟེར་བའི་ཚིག་གི་བརྗོད་དོན་དང་།།
    བདག་མེད་ཁ་ཡི་ནང་ནས་བརྗོད་པའི་གོ་དོན་དག།
    རང་གིས་དོན་དངོས་མ་མཐོང་ཙམ་གྱིས་གཞན་དག་ལ།།
    སྙིང་ཆུང་ཟོལ་བརྫུ་ཁ་ཡང་མགོ་བདེ་ཞེས་མ་སྙད།།

    གལ་ཏེ་སྙིགས་མའི་དུས་མིན་བསམ་ནས་ཕན་ཐོགས་དང་།།
    རྣམ་ཤེས་ཁ་མདོག་མི་འགྱུར་གནས་པའི་གདེང་ཚོད་སོགས།།
    དོན་གྱི་དཀར་ངོགས་འཇིག་རྟེན་མཐོང་བའི་མིག་ཡོད་ན།།
    ལོ་དང་ཟླ་བའི་བགྲོད་ལམ་རྒྱལ་བས་བཀག་པ་མེད།།

    རྒྱལ་བའི་བཀའ་ལ་ཡིད་ཆེས་སྐྱེ་མིན་རང་གི་ལག།
    སྙིགས་མའི་དུས་ལ་ངེས་ཤེས་སྐྱེ་མིན་བསམ་པའི་ལག།
    འོན་ཀྱང་གཞན་ལ་སྐྱེས་བ་ཐོས་ཚེ་ཁྲེལ་བ་འདི།།
    རང་གི་རྒྱུད་ཚོད་དཔོག་པའི་ནུས་པ་ཉམས་པའི་རྟགས།།

    ལྕགས་བྱའི་རྗེས་ལ་བོང་རྒན་འདུར་ཞེས་བསླབ་བྱ་མེད།།
    ཡོད་ཚོད་མཁོ་དགོས་མེད་ཅེས་གསུངས་བའི་ལམ་སྟོན་མེད།།
    དེས་ན་གསར་བཏོད་ནུས་པའི་གསོན་ཚིགས་འགུལ་ཤིག་དང་།།
    ཕྱོགས་བཅུའི་རྒྱལ་བས་ཕྱོགས་ཞེན་མ་གོས་དྲང་པོར་བྱེད།།

    Reply
  4. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    སངས་རྒྱས་སངས་རྒྱས་ཟེར་བའི་ཚིག་སྐམ་སྙན་མོ།།
    བདག་མེད་ཁ་ཡིས་ནང་ནས་བརྗོད་པ་སྤྲོ་ཡང་།།
    དོན་དངོས་བཀའ་དགོངས་ཟབ་མོ་ལག་ལེན་མེད་པའི།།
    སྙིང་ཆུང་ཟོལ་བརྫུ་འདི་ཚོ་ཁ་ཡང་མགོ་བདེ།།

    སྙིགས་མའི་དུས་ཡིན་བསམ་ནས་གཉིད་ལ་ཡུལ་བས།།
    རྣམ་ཤེས་སྐྱ་མོའི་ཁ་དོག་ལྗང་མདོག་གྱུར་འདུག།
    ལོ་དང་ཟླ་བའི་བགྲོད་ལམ་རྨོངས་པས་སྒྲིབ་ཚེ།།
    དཀར་ངོགས་འཇིག་རྟེན་ཞིག་གིས་ནམ་ཟླ་མ་མཐོང་།།

    དགོས་པའི་རྒྱལ་བའི་བཀའ་ལ་ཡིད་ཆེས་མ་སྐྱེ།།
    མི་དགོས་སྙིགས་མི་དུས་ལ་ངེས་ཤེས་སྐྱེ་མདོག།
    སེམས་ཀྱི་ནུས་པ་ཉམས་པའི་སྡུག་སྐད་འདི་འདྲ།།
    ཐོས་པའི་མོད་ལ་ཡིད་ཀྱིས་ལན་མང་ཁྲེལ་སོང་།།

    ལྕགས་བྱ་འཕུར་བའི་ཤུལ་དུ་བོང་རྒན་འདུར་ནས།།
    ཡོད་ཚད་མཁོ་དགོས་མེད་ཅེས་ཀུན་ལ་བསྒྲགས་ཀྱང་།།
    ལེགས་ཉེས་འབྱེད་པའི་མི་བུའི་གསོན་ཚུགས་ཡོད་ན།།
    ཕྱོགས་ཞེན་དྲི་མས་མ་གོས་དྲང་པོར་གནས་སྲིད།།

    Reply
  5. འཇམ་བཟང་། says:
    ལོ་ 14 སྔོན།

    རང་དབང་རྒྱལ་ལགས།《བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད། ཡི་རངས་ཞུ།
    ངོ་མ་རེད། ད་ཡིན་ན། རང་རང་གི་ལྟ་བ་དང་ལངས་ཕྱོགས་རྩོད་པའི་དུས་ཚོད་ཅིག་མིན་པར། སྤྱིའི་ནུས་ཤུགས་མཉམ་སྤུངས་བྱེད་པའི་དུས་བབ་གནད་འགག་ཅིག་རེད་ཨང་།
    དེས་ན། ད་ནས་བཟུང་། འབོད་སྒྲ་གཅིག་དང་ལངས་ཕྱོགས་གཅིག་བཟུང་ནས། མ་འོངས་པའི་འཐབ་རྩོད་ལ་ཕན་ནུས་ཆེ་བའི་ཐབས་བྱུས་ཤིག་སྤྱད་དེ་འགྲོ་དགོས་པར་གལ་ཆེའོ།། 》ཁྱེད་ཀྱིས་གསུང་པ་བདེན།
    འོན་ཀྱང་ང་ཚོའི་ཁ་ནས་ག་ཚོད་བཤད་ཀྱང་ལོས་ཆོག་ཏེ། དོན་དམ་དུ་ལག་ལེན་བསྟར་རྒྱུ་ཧ་ཅང་གལ་ཆེ། ད་དུང་ང་ཚོ་མཆན་འབྲི་མཁན་དག་གིས་ཀྱང་། གཞན་ལ་དཔྱད་བརྗོད་གཅིག་པོ་མ་ཡིན་པར། ང་ཚོ་ཉིན་རེའི་འཚོ་བའི་ནང་ལ་ཡང་བོད་དོན་ལ་ཕན་པའི་ལས་ཀ་ག་ཚོད་བྱས་འདུག ཆོལ་ཁ་དང་ཆོས་ལུགས་གིས་མཐེན་ཁྱེར་གྱིས་ལས་ཀ་ག་ཚོད་བྱས་འདུག རང་ཉིད་སོ་སོར་ལ་ཡང་དཔྱད་བརྗོད་ཞིག་བྱས་ན་ལེགས་པར་མཐོང་།
                                                                   བོད་རང་བཙན། བོད་རྒྱལ་ལོ།།

    Reply
  6. བརྩོན་རྒྱམ། says:
    ལོ་ 14 སྔོན།

    གོང་ཞུས་བསམ་ཚུལ་ལ་ཡི་རང་ཡོད་དངོས་ཡོད་གནས་ཚུལ་ལྟར་བརྗོད་པ་ཞིག་རེད་ད་སྐབས་རྒྱ་གཞུང་གི་འུ་ཚོ་ལ་དྲག་གནོན་བྱེད་བཞིན་ཡོད་དུས་རང་རང་གི་ལྟ་བ་དང་ལངས་ཕྱོགས་རྩོད་པས་དུས་ཞིག་མ་རེད་དྲན་སོང་། གེ་སར་དཔའ་ན་གླིང་དང་ཁྲོ་ཐུང་དཔའ་ན་གླིང་ཟེར་པ་ལྟར་སུ་ཞིག་གི་ལངས་ཕྱོགས་ཡིན་རུང་དོན་བོད་མིའི་རྩ་དོན་རྩོད་ཐུབ་ལ་འབད་ཀྱི་འུ་ཚོས་ལས་འགན་རེད། 

    Reply
  7. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    སྤྱིར་ནས་བསམ་ཚུལ་འདི་ལ་མོས་གུས་ཞུ་བ་ལགས། ཡིན་ནའང་བརྗོད་དོན་རེ་ཟུང་གི་ཐད་ནས་དེ་འདྲིའི་གྲ་འགྲིག་པོ་དང་གཏིང་ཟབ་མོའི་གནད་དག་གླེང་ཐུབ་མི་འདུག་བསམ་ཐོག རང་ཉིད་ཀྱི་ལྟ་ཚུལ་ཕྲ་ལ་ཕྲན་བུ་རེ་བརྗོད་འདོད་བྱུང་།

    དང་པོ། བོད་གངས་ཅན་པའི་སྐྱེས་བུ་རབ་འབྲིང་ཐ་གསུམ་དེ་སྔ་ནས་གཉིད་སད་བསྡད་ཡོད་མཁན་ཤ་སྟག་ཡིན་ལབ་ཚེ། ད་ལྟའི་བྱིས་བ་སྣ་ལུག་དག་གིས་ཀྱང་བདག་ལ་འཕྱ་དམོད་བྱེད་སྲིད་ན་ཐང་སྟེ། སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ཞི་རྒོད་ཆེན་མོའི་རྗེས་ནས་བཟུང་། བོད་གངས་ཅན་པའི་མི་བུ་མཐེ་བོང་ཙམ་ཞིག་གི་འགྲོ་འདུག་གནས་མལ་ཚུད་པའི་བློའི་ཁྱེར་ཚུལ་ལ་ཞིབ་འདང་ཞིག་རྒྱབ་ནས་བསམ་ན། བོད་གངས་ཅན་པ་གཉིད་སད་ཡོད་མེད་ཀྱི་སྐད་ཆ་འདི་བསྡུ་གསོ་བྱེད་འོས་བ་ཡིན། རྒྱུ་མཚན་མི་ལོ་དུ་མའི་རིང་བོད་མིའི་སེམས་ལ་ཉར་བའི་རེ་འདོད་དངོས་མ་ནི། ས་བྱི་ལོའི་ཞི་རྒོད་ཆེན་མོའི་སྐབས་སུ་གོ་ལ་ཟླུམ་པོ་འདིའི་སྒང་དང་གྲུ་གཟུར་ཙམ་ཡང་མ་ལྷག་པར་རྒྱང་བསྒྲགས་བྱས་ཟིན་པ་བཞིན། འཛམ་གླིང་མི་མང་གིས་ཀྱང་ཐོས་ཡོད་པས་མ་ཟད་མཐོང་ཡང་འདུག་མོད། འོན་ཀྱང་རེ་ཞིག་ཐབས་མཁས་ཐུགས་རྗེ་ཅན་གྱི་འཐབ་རྩོད་མཁན་ཉུང་ཉུང་དེ་ཡིན་ཙང་། མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་བཏང་བའི་དགོས་འདུན་སྐབས་སུ་འགྲུབ་ཐབས་མ་བྱུང་མོད། ད་ནི་ཅིས་ཀྱང་སྲིད་དོན་ཚོགས་པ་ཁག་གི་མི་སྣ་གྲགས་ཅན་དང་ཆེད་མཁས་བ་ཚོས་ཐབས་མཁས་ཐུགས་རྗེ་རེ་གནང་སྐྱོངས་ཡོང་དགོས་བའི་དུས་དང་རྐྱེན་ལ་ཐུག་བསྡད་འདུག་མ་གཏོགས། བོད་འབངས་རྣམས་གཉིད་སད་པས་མ་ཟད་མེ་ལྕེ་ལྷབ་ལྷབ་ཀྱི་ཁྲོད་ན་བོད་གངས་ཅན་པའི་རེ་བའི་སྣེ་མོ་ལ་གཅིག་རྗེས་གཉིས་མཐུད་ཀྱིས་འཐམས་ནས་བསྡད་འདུག

    གཉིས་བ། དོན་དངོས་ཐོག་མནོ་བསམ་མ་བཏང་བའི་སྐད་ཆ་མ་རེད། བོད་འབངས་རྣམས་ཀྱིས་རང་ཉིད་མི་ཞིག་གི་སྐྱེས་ནས་འཆི་བའི་བར་ཀྱི་གནད་དོན་མང་བོ་ཞིག་ལ་བསམ་གཞིགས་བྱས་མཐར། བོད་གངས་ཅན་པའི་སྤྱི་དོན་ལ་ཕན་པའི་བྱ་བ་གལ་ཆེན་དེ་རང་ཉིད་ཚེ་སྲོག་དཔངས་ལ་བཙུགས་ནས་པེ་ཅིན་གཞུང་དང་འཛམ་གླིང་གི་ཆེས་མཐོའི་མི་སྣ་ཁག་ལ་དགོས་འདུན་ཞིག་བཏོན་ཡོད་པ་འདི་བཞིན། མཐར་ཐུག་གི་བློའི་འབའ་ས་དང་གཏིང་ཐག་བཅད་པའི་བསམ་གཞིགས་གནད་མ་དེ་རེད། འོན་ཀྱང་རེ་འབྲས་ཞིག་ད་དུང་མ་སོན་ན། འགག་རྐྱེན་གང་ལ་ཐུག་འདུག ཕྱིར་འདང་མི་རྒྱགས་དབང་མེད་དང་ལས་ཀྱི་སྣེ་མོ་བ་དག་གི་ཁ་བཤད་ལག་ལེན་གཉིས་གཤིབ་བསྡུར་ཞིག་ཅིས་ཀྱང་མི་བྱེད་ཐབས་མེད་རེད།

    གསུམ་པ། བོད་གངས་ཅན་པའི་རྩ་དོན་ཆེད་དེ་རིང་གི་ཉིན་མོ་ལ་ཐུག་གི་བར་བསམ་ཤེས་དང་བསྟུན་མཁས་ཀྱིས་དབུ་མའི་ལམ་གཙོ་བཟུང་གིས་པེ་ཅིན་གཞུང་ལ་ཞི་མོལ་ལན་བརྒྱ་ཆད་མཐུད་ཀྱིས་དམིགས་པ་རྩེ་གཅིག་ལ་གཏད་པ་རེད་དེ། ད་བར་དུ་གྲགས་འགུལ་གང་ཡང་མ་བྱུང་བ་རེད། སྔོན་མ་ཡིན་ན་གཞུང་ངོས་ནས་ཀྱང་ལོ་ངོ་ཁ་ཤས་ནང་ནང་བོད་རྒྱ་ཞི་མོལ་ལ་རེ་འབྲས་མ་སོན་པ་ཡིན་ན། ལངས་ཕྱོགས་ལ་འགྱུར་བ་རེ་གཏོང་དགོས་ཚུལ་གླེང་མྱོང་ཡོད་བ་བཞིན། རྦད་དེ་རང་བཙན་གྱི་སྐད་ཆ་ས་འོག་ལ་སྤས་དགོས་བའི་བསམ་ཚུལ་ཞིག་སུ་གང་གིས་ཀྱང་འདོན་མི་ཤེས་བ་ལྟར་ན། ཕྱིར་ནུར་བྱས་ནས་འདས་སོང་ལ་བསྐྱར་ཞིབ་དེ་དགོས་དང་དགོས། མཐར་གནས་སྐབས་སུ་འདི་ཙམ་ཀྱིས། བརྗོད་དོན་གྱི་ཆ་ནས་དང་ཡིག་ནོར་གང་མང་ཡོད་སྲིད་པས་བསམ་ཚུལ་གང་ཡང་ཡོང་ཆོག

    Reply
  8. རང་དབང་རྒྱལ། says:
    ལོ་ 14 སྔོན།

    བསམ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད། ཡི་རངས་ཞུ།
    ངོ་མ་རེད། ད་ཡིན་ན། རང་རང་གི་ལྟ་བ་དང་ལངས་ཕྱོགས་རྩོད་པའི་དུས་ཚོད་ཅིག་མིན་པར། སྤྱིའི་ནུས་ཤུགས་མཉམ་སྤུངས་བྱེད་པའི་དུས་བབ་གནད་འགག་ཅིག་རེད་ཨང་།
    དེས་ན། ད་ནས་བཟུང་། འབོད་སྒྲ་གཅིག་དང་ལངས་ཕྱོགས་གཅིག་བཟུང་ནས། མ་འོངས་པའི་འཐབ་རྩོད་ལ་ཕན་ནུས་ཆེ་བའི་ཐབས་བྱུས་ཤིག་སྤྱད་དེ་འགྲོ་དགོས་པར་གལ་ཆེའོ།།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།”
    འདི་ནི་རིས་མེད་མི་རྣམས་ཀུན་སྤྱོད་ལམ།
    “མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།”
    འདི་ཉིད་མི་རིགས་རིས་མེད་བདེ་དགའི་ལམ།

    “འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།”
    འདི་ནི་མཚོན་དང་དམག་འཐབ་སྤངས་པ་ཡི།
    རིས་མེད་རྒྱལ་ཁབ་འཆམ་མཐུན་གཞི་རྩ་སྟེ།
    “བསྐྲུན་པའི་ཐབས་ཚུལ་འགྲུབ་ལ་མཐུ་དཔུང་སྐྱེད”

    སངས་རྒྱས་བྱང་སེམས་མངོན་སུམ་བཞུགས་ན་ཡང།
    དེ་ཡི་བཀའ་དགོངས་མི་བརྩི་ལོག་པའི་ལམ།
    དོན་དུ་གཉེར་བའི་ངང་ཚུལ་འདིར་བསམས་ན།
    སྙིགས་མའི་དུས་ཞེས་བརྗོད་པར་ངེས་ཤེས་སྐྱེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese