མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུ་མོའི་ལུས་པོ་མཁྲེགས་པོ་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp
ཨ་རིའི་རྐང་སྤོལ་ཆེད་མཁས་པ་ལྕམ་ཁཱེ་སི་ཆེལ་ཊིར་སཱི་ལགས་ཀྱིས་ངྷ་སྟེང་བོད་ཁྱིམ་ཞི་བདེ་ཚོགས་ཁང་དུ། རྒྱ་གར་རྒྱལ་ཡོངས་བོད་ཀྱི་སློབ་གྲྭ་ཁག་ ༡༧ ཙམ་གྱི་ལུས་རྩེད་དགེ་རྒན་ཚོར། བོད་རིགས་བུད་མེད་རྐང་སྤོལ་རྩེད་འགྲན་པ་སྐྱེད་སྲིང་བྱ་ཐབས་སྐོར་ཀྱི་ཟབ་སྦྱོང་ཞིག་སྤྲོད་འགོ་བཙུགས་འདུག
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཞི་བདེ་ཚོགས་ཁང་དུ། ཨ་རིའི་རྐང་རྩེད་སྤོ་ལོ་ཆེད་མཁས་པ་ལྕམ་ཁཱེ་སི་ཆེལ་ཊིར་སི་ (Cassie Childers)  ལགས་ཀྱིས། རྒྱ་གར་རྒྱལ་ཡོངས་སུ་ཡོད་པའི་བོད་ཀྱི་སློབ་གྲྭ་ཁག་གི་ ༡༧ ཙམ་གྱི་ལུས་རྩེད་དགེ་རྒན་ཚོར། དུས་ཡུན་བདུན་ཕྲག་གཅིག་རིང་བོད་ཀྱི་བུད་མེད་ཚོའི་རྐང་སྤོལ་ཡར་རྒྱས་ཡོང་རྒྱུར་དམིགས་ཏེ་ཟབ་སྦྱོང་ཞིག་སྤྲོད་མགོ་བཙུགས་ཡོད།  
དེའི་ཐད་ཟབ་སྦྱོང་སྤྲོད་མཁན་ལྕམ་ཁཱེ་སི་ཆེལ་ཊིར་སཱི་ལགས་ཀྱིས་བརྗོད་པ་ལྟར་ན། ལོ་ཤས་གོང་ཁོ་མོ་བཞུགས་སྒར་ངྷ་རམ་ས་ལར་ཚོགས་པའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ལ་ལྟ་རུ་བསྐྱོད་སྐབས། བོད་རིགས་བུད་མེད་ཚོ་རྩེད་རིགས་ལ་དོ་སྣང་མེད་པའི་ཚོར་སྣང་བྱུང་ཡོད་འདུག གནད་དོན་དེའི་ཆེད་ཁོ་མོ་བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཅིག་ཏུ་ཕྱིན་ཏེ། མང་ཚོགས་ཀྱི་བསམ་ཚུལ་བསྡུས་པར་མང་ཆེ་བས་དགའ་མོས་ཡོད་པའི་རྣམ་འགྱུར་བསྟན་ཡོད་འདུག་ལ།  ལས་གཞི་འདིར་བོད་ཀྱི་རྩེད་རིགས་ཚོགས་པ་དང་བུད་མེད་ལྷན་ཚོགས། བོད་ཕྲུག་ཁྱིམ་སྡེ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་རྒྱབ་སྐྱོར་སྤྲད་ཡོད་འདུག
ལྕམ་ཁཱེ་སི་ཆེལ་ཊིར་སཱི་ལགས་ཀྱིས་བརྗོད་དོན།  “ བོད་ཀྱི་བུད་མེད་ཚོའི་ལུས་པོ་མི་རིགས་གཞན་གྱི་བུད་མེད་དང་མི་འདྲ་བར་ལྷན་སྐྱེས་ཐོག་ཧ་ཅང་མཁྲེགས་པོ་ཞིག་ཡིན་སྟབས། གལ་སྲིད་ཁོང་ཚོར་སྦྱོང་བརྡར་གྱི་གོ་སྐབས་ཡག་པོ་སྤྲོད་ཐུབ་པ་ཡིན་ན། རྒྱལ་སྤྱིའི་ཐོག་གི་འགྲན་བསྡུར་ནང་ཞུགས་ཐུབ་པ་མ་ཟད། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་བུད་མེད་འགྲན་བསྡུར་ཁྲོད་ཨང་རིམ་རྩེ་ཕུད་ཆགས་ཐུབ་རྒྱུའི་རེ་བ་ཡོད་ཟེར། ”  ཡང་ཁོ་མོས་མུ་མཐུད་དུ་ “ བོད་ཀྱི་བུད་མེད་ཚོར་ཁ་ཆེའི་བུ་མོ་ལྟར་མགོ་རས་བཏུམས་དགོས་པའི་བཀག་རྒྱ་དེ་འདྲ་མེད་དུས། རང་དབང་གི་སྒོ་ནས་ནུས་པ་འདོན་རྒྱུའི་གོ་སྐབས་མང་པོ་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ལུས་རྩེད་སྦྱངས་ན་ལུས་པོའི་འཕྲོད་བསྟེན་དང་རང་ཉིད་ལ་གདེང་ཚོད་བསླེབ་རྒྱུར་ཕན་ཐོགས་ཡོད་སྟབས། བོད་པའི་སྤྱི་ཚོགས་ནང་བུད་མེད་ཚོའི་ལུས་རྩེད་ཐོག་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་རེད་ ” ཅེས་བརྗོད་སོང་།
ཅོང་ཏཱ་ར་བོད་ཁྱིམ་གྱི་ལུས་རྩེད་དགེ་རྒན་ཚེ་དབང་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར།  “ བོད་པའི་སྤྱི་ཚོགས་ནང་སྐྱེས་པ་ཚོར་ལུས་རྩེད་ཀྱི་གོ་སྐབས་མང་པོ་རག་གི་ཡོད་ལ། ལྷག་པར་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་མིང་ཐོག་ནས་ཕྱི་རྒྱལ་དུ་ཡང་ཡང་བསྐྱོད་ཀྱི་ཡོད། བོད་པའི་བུད་མེད་ཚོར་གོ་སྐབས་དེ་འདྲ་རག་གི་ཡོད་པ་མ་རེད། ངས་བསམ་ན་ཟབ་སྦྱོང་འདི་བརྒྱུད་མ་འོངས་པར་བོད་ཀྱི་བུད་མེད་ཚོར་ཡང་ལུས་རྩེད་ཀྱི་གོ་སྐབས་རག་གི་རེད་བསམ་གྱི་ཡོད། མ་འོངས་པའི་བོད་རྒྱལ་ཡོངས་ལུས་རྩེད་འགྲན་བསྡུར་ནང་བུད་མེད་རྩེད་འགྲན་ཚུད་ཐུབ་པའི་རེ་བ་ཡོད་ ” ཟེར།
སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ལུས་རྩེད་དགེ་རྒན་སྐལ་བཟང་ལྷུན་གྲུབ་ལགས་ཀྱིས།  “ སུ་ཇཱ་སློབ་ཁྱིམ་སློབ་གྲྭའི་བུ་མོ་ཚོ་ལུས་རྩེད་ཐོག་དམིགས་བསལ་ཡག་པོ་ཡོད། སློབ་གྲྭ་གཞན་དག་ནས་ཀྱང་ལུས་རྩེད་ཐོག་སྦྱོང་བརྡར་སྤྲད་པ་ཡིན་ན། ལོ་ཤས་རྗེས་བོད་ཀྱི་བུད་མེད་ཚོས་སྤྱིའི་ལུས་རྩེད་ཐོག་ནུས་པ་འདོན་ཐུབ་ཀྱི་རེད། སློབ་གྲྭ་ནི་ལུས་རྩེད་སྦྱོང་བརྡར་སྤྲོད་ས་ཡག་ཤོས་ཆགས་ཡོད་སྟབས། དགེ་རྒན་ཚོས་ལུས་རྩེད་ཐོག་སློབ་ཕྲུག་གང་མང་སྐྱེད་སྲིང་བྱ་རྒྱུ་གལ་ཆེན་རེད་ ” ཅེས་བརྗོད་བྱུང་།
བོད་ཀྱི་བུད་མེད་ཟབ་སྦྱོང་ཐེངས་གཉིས་པ་དེ་འཆར་ལོའི་ཕྱི་ཟླ་དང་པོའི་ནང་བཞུགས་སྒར་ངྷ་སར་མགོ་འཛུགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

མཆན། 3

  1. ཚེ་རིང། says:
    ལོ་ 14 སྔོན།

    ཨཧཧཧཧཧ་
    བོད་པའི་བུ་མོ་འཁྲེགས་པོ་འདུག་ཟེར་བ་དེ་བདེན་པ་མ་རེད་

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ལས་རིགས་འདི་ཙམ་ཡང་ཕྱི་གླིང་བའི་བུད་མེད་ཀྱིས་གཟིགས་སྐྱོང་གནང་དགོས་པ་འདི་བོད་ཀྱི་བུད་མེད་ཚོའི་རང་གི་རྐང་ལག་གི་རིན་ཐང་ཤེས་ཀྱིན་མེད་པས་ཡིན་ནམ། གང་ལྟར་ལུས་རྩལ་རྩེད་རིགས་ཐད་ལ་དོ་སྣང་དང་ཡར་རྒྱས་གཏོང་ཐུབ་པའི་རེ་བ་ཡོད། རྒྱུ་མཚན་བོད་ཀྱི་བུ་མོ་ཚོ་ཡང་འཛམ་གླིང་གི་བུ་མོ་གཞན་དག་དང་གཅིག་མཚུངས་ཀྱི་ལུས་རྟེན་ཞིག་ཡོད་པས། རྗེས་མ་ནས་ཕོ་མོ་འདྲ་མཉམ་ལས་བུད་མེད་འདྲ་མཉམ་གྱི་ལས་གཞི་སྤེལ་ན་བཟང་ངོ།

    Reply
  3. འཁྱམས་པོ། says:
    ལོ་ 14 སྔོན།

    དེ་ནི་བདེན་པ་རེད། ངས་ཡང་དེ་འདྲ་བསམ་བཞིན་འདུག་ཡིན་ཡང་བོད་པའི་བུད་མེད་ཚོར་ལུས་པོ་སྲེག་པའི་སྒང་ལ་ལྟའང་མཁྲེགས་པོ་ཡོད་པས་དེ་འདྲ་ལས་སླ་པོས་འགྱུར་པ་གཏོང་ཐུབ་རྒྱུ་ཁེགསཔོ་རེད།གལ་སྲིད་གོ་སྐབས་ཟིག་ཡོད་ན་རེ་བ་་ཧ་ཅང་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese