མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཇང་དགུན་ཆོས་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དགེ་འདུན་པ་ ༨༠༠༠ མ་ཟིན་ཙམ་གྱིས་ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་ཚད་ཕུད་དམ་བཅའ་ཆེན་མོ་ཚོགས་ཡོད་འདུག  

ཕྱི་ལོ་ ༢༠༡༡ ལོའི་འཇང་དགུན་ཆོས་ཆེན་མོ་དེ་ཟླ་འདིའི་ཚེས་ ༡༦ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༣༡ ཉིན་བར་གྱི་ཉིན་བཅུ་དྲུག་རིང་ཚོགས་རྒྱུ་ཡིན་པ་དང་། དེ་ཡང་རི་བོ་དགེ་ལུགས་པའི་གདན་ས་གསུམ་གྱིས་གཙོ་བོར་གྱུར་བའི་ཆོས་སྡེ་བཀྲ་ཤིས་ལྷུན་པོ་སོགས་དགེ་ལུགས་དགོན་སྡེ་ ༡༡ ཙམ་མཉམ་འབྲེལ་གྱིས་འཇང་དགུན་ཆོས་ཆེན་མོ་ཚོགས་ཡོད་པ་རེད། ཁ་སང་རེ་གཟའ་ཟླ་བའི་ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དགེ་འདུན་པ་ ༨༠༠༠ མ་ཟིན་ཙམ་གྱིས་ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་ཚད་ཕུད་དམ་བཅའ་ཆེན་མོ་ཚོགས་ཡོད་པ་དང་། སྐབས་དེར་འབྲས་སྒོ་མང་གྲྭ་ཚང་དང་བྱང་རྩེ་གྲྭ་ཚང་། སེར་བྱེས་གྲྭ་ཚང་གསུམ་གྱི་དམ་བཅའ་དང་། སེར་སྨད་གྲྭ་ཚང་དང་ཤར་རྩེ་གྲྭ་ཚང་། འབྲས་བློ་གླིང་གྲྭ་ཚང་གསུམ་གྱི་རྟགས་གསལ་བཏང་ཡོད་པ་རེད།

རྒྱུས་ལོན་བྱས་དོན་ལྟར་ན། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་དང་ཆབས་ཅིག་བོད་ཀྱི་དགོན་སྡེ་རྣམས་ཉམས་ཆགས་ཚད་ལས་བརྒལ་བ་བྱུང་ཡོད་ཐོག་ཆོས་ཀྱི་བྱེད་སྒོ་ཁག་ཀྱང་རང་བཞིན་གྱིས་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། རྒྱ་གར་ལ་བཙན་བྱོལ་དུ་གཞིས་ཆགས་ཏེ་བསྐྱར་དུ་འཇང་དགུན་ཆོས་ཆེན་མོ་ཉམས་གསོ་བྱེད་ཐུབ་པ་བྱུང་བ་ནས་ད་བར་མཚམས་མ་ཆད་པར་ལོ་ལྟར་ལྷོ་ཕྱོགས་གདན་ས་གསུམ་ནང་རེས་མོས་ཀྱིས་འཚོགས་བཞིན་ཡོད་ལ། འཇང་དགུན་ཆོས་ནི་གཙོ་བོ་ནང་བའི་གཞུང་ཆེན་བཀའ་པོད་ལྔའི་ཡ་གྱལ་ཚད་མ་རྣམ་འགྲེལ་ལ་བགྲོ་གླེང་དང་བརྒལ་བརྟག་གནང་གི་ཡོད་པ་རེད། ད་ལན་གྱི་འཇང་དགུན་ཆོས་འདིར་གདན་ས་གསུམ་གྱི་དགོན་སྡེ་ཁག་ ༦ དང་ཆོས་སྡེ་བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སྟོད་སྨད་གཉིས་དང་རྭ་བ་སྟོད་པ། དྭགས་པོ་བཤད་སྒྲུབ་དར་རྒྱས་གླིང་བཅས་ཁྱོན་དགེ་ལུགས་དགོན་ཁག་ ༡༡ གི་དགེ་འདུན་པ་ ༣༡༦༩ དང་སེ་རའི་གྲྭ་ཚང་གཉིས་ཀྱི་དགེ་འདུན་པ་བཅས་ཁྱོན་དགེ་འདུན་ཞལ་གྲངས་ ༨༠༠༠ མ་ཟིན་ཙམ་ཡོད་པ་རེད།

ཉིན་བཅུ་དྲུག་གི་མཛད་རིམ་གཙོ་བོ་ནི་གདན་ས་གསུམ་གྲྭ་ཚང་དྲུག་གི་དགོང་དྲོ་དམ་བཅའ་གཉིས་རེ་དང་། བཀྲ་ཤིས་ལྷུན་པོ་དང་རྭ་བ་སྟོད་པ་གཉིས་ནས་དམ་བཅའ་རེ་བཅས་དམ་ ༡༤ དང་མཚན་ཕུད་དམ་བཅའ་གཉིས་བཅས་ཁྱོན་སྡོམ་དམ་བཅའ་བཅུ་དྲུག་ཡོད་པ་རེད། ལོ་ལྟར་འཇང་དགུན་ཆོས་དེ་ཟླ་གཅིག་གི་རིང་ཚོགས་ཀྱིན་ཡོད་ཀྱང་། ད་ལོར་དུས་ཚོད་ཀྱི་རྐྱེན་པས་ཉིན་བཅུ་དྲུག་མ་གཏོགས་ཚོགས་རྒྱུ་མིན་ཡང་། རྒྱུན་ལྡན་ལྟར་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་གཉིས་གཉིས་ཆ་ཚང་འགྲོ་ངེས་བྱ་རྒྱུ་ཡིན་འདུག

གནས་ཚུལ་གཏོང་མཁན། ཆོས་དགའ་བ།

འབྲེལ་ཡོད་གསར་འགྱུར།

Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

ཆུ་ཚོད་ ༢ སྔོན་ལ།
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
WIN-WIN COOPERATION Chinese President Xi Jinping meets with Nepalese Prime Minister Pushpa Kamal Dahal Prachanda in Hangzhou, capital city of east China’s Zhejiang Province on Saturday, Sept. 23, 2023. XINHUA PHOTO
Mobile App

བལ་ཡུལ་ནང་གི་བོད་མི་ཚོར་སྔར་ལས་དཀའ་ངལ་འཕྲད་ཉེན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

སྤྱི་འཐུས་གཅིག་དང་གྲོས་ཚོགས།

༢༠༢༣/༠༩/༢༩
གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས། ༢༠༢༣།༩།༢༨ བོད་ཀྱི་དུས་བབ་ཀྱི་པར། 
Mobile App

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་དངོས་སུ་མཇུག་སྒྲིལ་སོང་།

༢༠༢༣/༠༩/༢༨

མཆན། 10

  1. བྱང་ཆུབ། says:
    ལོ་ 12 སྔོན།

    བསྟན་པ་རྒྱས་གྱུར་ཅིག

    Reply
  2. གྲྭ་རྐྱང་། says:
    ལོ་ 12 སྔོན།

    རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་ཚུགས་ནས་ལོ་ངོ་བརྒྱ་ཕྲག་དུ་མར་མཁས་གྲུབ་དུ་མས་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ། རྣམ་དག་རིགས་པའི་ལམ་ནས་གཏན་ལ་ཕབ་པ་སོགས་ལ་བརྟེན། དེང་སྐབས་བོད་བརྒྱུད་ནང་བསྟན་འདི་ཚན་རིག་པ་དུ་མས་དོ་སྣང་དང་དགའ་མོས་ཆེ་ཤོས་ཀྱི་འཛམ་གླིང་ཧྲིལ་པོའི་ཁྱོན་གྱི་ཆོས་ལུགས་གཅིག་པུ་གྱུར་ཡོད་པ་ནི་འདི་ཡི་འབྲས་རྟགས་འབབ་ཞིག་ཡིན་ནམ་སྙམ།

    Reply
  3. བཙན་བྱོལ་བ་ says:
    ལོ་ 12 སྔོན།

    གདན་ས་གྲྭ་ཚང་གི་འགྲོ་ལུགས་མི་ཤེས་པའི་གསར་འགོོད་པ་ཚོས་སྤྱིར་ཡི་གེ་དག་པོ་ཡིན་རུང་ནོར་འཁྲུལ་ཡོང་མང་པོ་བྱུང་སོང་། དཔེར་ན། མཚན་ཕུད་དམ་བཅའ་ལ་ཚད་ཕུད་དམ་བཅའ་ཞེས་བཀོད་པ་དང་། ཡང་དེ་སྔོན་ཧར་གདོང་ཁང་ཚན་ལ་ཨ་མདོ་ཁང་ཚན་བཀོད་པ་སོགས་ཡིན། རང་གར་འཇོག་ན་མི་འདི་ཚོས་མཐོ་དམན་དྲག་གསུམ་ཚང་མ་ལ་སྐད་ཡིག་རྒྱུན་འཛིན་དགོས་རབས་དང་སྐད་ཡིག་ལ་བདག་པོ་རྒྱག་གི་མེད་རབས་ཀྱི་སྐྱོན་བརྗོད་ཤ་སྟག་བྱེད་མཁན་ཞིག་རེད།
    སེར་སྨད་གྲྭ་ཚང་དུ་དམ་བཅའ་ཆེན་མོ་ཚོགས་སོང། གྲ་འགྲིག་པོ་བྱུང་སོང་། འོན་ཀྱང་སེར་སྨད་བློ་དགའ་ཟེར་བ་དེ་རང་ཉིད་ལ་དམིགས་བསལ་ལས་གནས་གང་ཡང་མེད་པར་འཇོན་མདོག་གིས་གྲྭ་མང་གི་དབུས་སུ་ཡར་རྒྱུག་མར་རྒྱུག་བྱས་ནས་ལག་ཐོགས་ཁ་པར་ཐོག་སྐད་ཆ་འདྲ་བཤད། པར་འདྲ་རྒྱབ་པ་སོགས་གང་ལ་ཡང་གུས་ཞབས་མེད་པའི་རྣམ་པ་དེས་དེར་ཡོད་གྲྭ་བ་ཡོངས་ལ་རྒྱབ་བཤད་རྒྱབ་དགོས་པ་བཟོས་སོང་།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ཉིན་དང་མཚན་གྱི་མཚན་མོ་སྟེ། ཕྱི་དྲོ་རྩོད་པ་འགོ་བཙུགས་ནས་སང་ནམ་མ་ལངས་བར་རྩོད་རྩོད་ནས་མཚན་ཆ་ཚང་ཕུད་པས་ན། མཚན་ཕུད་དམ་བཅའ་ཞེས་བསྒྲགས་སོ། །

    Reply
  5. ནད་པ says:
    ལོ་ 12 སྔོན།

    སྔར་ནས་ད་བར་འཇང་དགུན་ཆོས་སོགས་ཚོགས་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཉིད་དར་སྤེལ་རླབས་ཆེན་བཏང་ནས་དེང་སང་ཡང་བོད་རིག་པའི་ཞིང་འཇུག་གི་ཐོག་ནས་བཤད་ན་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་རྩ་ཆེའི་ཚད་མ་རིག་པ་འདི་ནི།

    སྔོན་མའི་གྷི་རི་སི་དང་དེང་དུས་རིག་གསར་གྱི་ཚད་མ་དག་ལ་དཔྱད་བསྡུར་ཐིལ་ཕྱིན་གནང་མཁན་གྱི་མཁས་དབང་མང་པོས་གསུངས་པ་ལ་གཞི་བཞག་ན་རང་རེའི་བོད་ཀྱི་ཚད་མ་རིག་པ་དེ་ཆེས་ཧ་ཅང་གི་རིན་ཐང་ལྡན་པ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་ལྟར་རེད།

    འཇམ་དཔལ་དབྱངས་ཀྱི་ཕྱོགས་ཀྱི་གླང་པོ་ལ། །
    དངོས་སུ་འདི་རྩོམ་འདི་ནས་མ་འོངས་དུས། །
    འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རུ་ཞེས། །
    གསུང་གི་སྣང་བ་བརྩལ་བའང་ཚད་མར་བྱེད། །ཅེས་གསུངས་ལྟར་རེད།

    Reply
  6. དར་ལྕེ་ཟད་པོ།། says:
    ལོ་ 12 སྔོན།

    གསལ་འགོད་པས་ནོར་འདུག (ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་ཚད་ཕུད་དམ་བཅའ་ཆེན་མོ་ཚོགས་ཡོད་པ་དང་) འཇང་དགུན་ཆོས་ཚོགས་སྟངས་མི་ཤེས་པར་གནས་ཚུལ་འདི་འདྲ་འདོན་ཁྱད་མཚར་རེད། མདང་དགོང་སེར་བྱེས་ལེའུ་གཉིས་པའི་དམ་བཅའ་བཞག་པ་ལ་རྟགས་གསལ་སྐྱེ་བ་སྔ་ཕྱིའི་ཁ་ཐུག་ནས་བཏང་སོང་། བྱང་རྩེ་ལེའུ་དང་པོའི་དམ་བཅའ་བཞག་ནས་རྟགས་གསལ་རྟོག་པ་ཕན་ཚུན་ཐད་ནས་བཏང་སོང་། སྒོ་མང་ལེའུ་དང་པོའི་དམ་བཅའ་བཞག་ནས་རྟགས་གསལ་བྱས་མི་རྟག་གི་འབྲེལ་བའི་ཐད་ནས་བཏང་སོང་། གང་ལྟར་རྣམ་འགྲེལ་ལེའུ་གཉིས་པའི་མཚན་ཕུད་དམ་བཅའ་ཟེར་བ་ཞིག་དེ་སྔོན་འཚོགས་མྱོང་ཡོད་ཀྱི་མ་རེད།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དགེ་འདུན་འདུས་བ་རྒྱ་མཚོའི་བྱིན་མཐུས་བདེན་པ་ཐམས་ཅད་རྣམ་པར་རྒྱལ་གྱུར་ཅིག

    Reply
  8. དོན་འགྲུབ། says:
    ལོ་ 12 སྔོན།

    ལེའུ་དང་གཉིས་གཉིས་ཀའི་དམ་བཅས་རེད་དམ་གཉིས་པ་གཅིག་པོ་རེད། ངས་ནི་ལེའུ་དང་པོ་དང་གཉིས་པ་གཉིས་ཀའི་དམ་བཅའ་བཞག་པ་མཐོང་སོང་།

    མཚམས་མཚམས་ཚད་ཕུད། མཚམས་མཚམས་མཚན་ཕུད་མགོ་འཐུམ་སོང་།

    Reply
  9. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 12 སྔོན།

    མཚན་ཕུད་ཡིན་རྒྱུ་རེད། འཇང་དགུན་ཆོས་འཚོགས་པ་ལ་ཡི་རངས་དང་དགའ་བོ་བྱུང་ཡིན་ནའང་། ད་ལོ་༸གོང་ས་མཆོག་གིས་དེའི་སྐོར་ལ་བཀའ་ཞིག་བསྩལ་ཡོད་པ་རེད། དེ་ནི་ད་ལོར་དབུ་འཛུགས་བྱས་ཡོད་ཚོད་མི་འདུག དགོན་ཁག་བཅུ་གཅིག་ཅེས་པ་དེ་ནི་ཕལ་ཆེར་གྲྭ་པ་ཁ་ཤས་རེས་ཆ་ཤས་བླངས་པ་ཙམ་ཡིན་རྒྱུ་རེད། དེ་ནི་གསར་འགོད་བརྒྱུད་ལམ་ལ་རྫིག་རྫིག་བྱེད་སྐྱེད་དུ་རུང་ནའང་། ་གནས་ལུགས་དང་དོན་དངོས་ལ་དགོན་ཁག་ལྔ་ལས་ཡོད་རྒྱུ་མ་རེད་སྙམ་པ་བྱུང་སོང་། དགོན་པ་ཞིག་གིས་ཆ་ཤས་ལེན་པ་ལ་དེར་དམ་བཅའི་ས་མིག་གནང་དགོས་པ་རེད། ཡིན་ནའང་། དམ་བཅའི་ས་མིག་སེ་འབྲས་དགེ་གསུམ་དང་ར་བསྟོད། བཀྲ་ཤིས་ལྷུན་པོ་བཅས་ལྔ་ལས་གཞན་དུ་མེད་ཚོད་ཡིན། སྔོན་ཆད་དེ་འདྲ་ཡིན། ད་ལོར་ཡང་དེ་འདྲ་ཡིན་ན། འཇང་དགུན་ཆོས་ཀྱི་བཀོེད་སྒྲིག་ཚོགས་པ་བཙུགས་མ་བཙུགས་དང་། ཚོགས་གཙི་འདེམས་མ་འདེམས། གསར་འགྱུར་བརྒྱུད་ལམ་ལ་ཁྱབ་བསྒྲགས་བྱས་མ་བྱས་གང་ཡང་ཡོད་པ་མ་རེད། ད་ལོར་གོང་ས་མཆོག་གིས་བསྩལ་བའི་བཀའ་སློབ་བཞིན་བྱུང་ཡོད་པ་མ་རེད།

    Reply
  10. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 12 སྔོན།

    མཚན་ཕུད་རེད་དམ་ཚད་ཕུད་རེད། ངས་ནི་ད་བར་དུ་མཚན་ཕུད་ཡིན་ཤག་བྱས་པ་ཡིན། གནས་ཚུལ་གཏོང་མཁན་གྱིས་ཚད་ཕུད་ཟེར་ནས་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist