མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཇིབ་ནང་ཟིང་འཁྲུག་བསྐྱར་ལངས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཨེ་ཇིབ་རྒྱལ་ས་ཁའེ་རོ་ནང་མི་མང་སྟོང་མང་པོ་འཛོམས་ཏེ། ད་ལྟའི་དམག་མིའི་བར་རྒལ་གཞུང་གི་རྩ་ཁྲིམས་བསྐྱར་བཅོས་བྱེད་པའི་ངོ་རྒོལ་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨེ་ཇིབ་རྒྱལ་ས་ཁའེ་རོ་ (Cairo) ནང་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ། ད་ལྟའི་དམག་མིའི་བར་རྒལ་གཞུང་གིས་གཏན་འབེབ་བྱས་པའི་རྩ་ཁྲིམས་ལ་བསྐྱར་བཅོས་བྱ་དགོས་པའི་ངོ་རྒོལ་བྱས་པར། དམག་མིས་དྲག་གནོན་གྱིས་ད་སྔ་མི་ ༡༣ ལྷག་རྐྱེན་ལམ་དུ་བཏང་ཡོད་ཅིང་། མི་བརྒྱ་ཕྲག་ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག གཟའ་ཉི་མའི་ཉིན་བྱུང་བའི་མི་མང་དང་དྲག་ཆས་དམག་མའི་བར་གྱི་ཟིང་ཆ་ཧ་ཅང་ཛ་དྲག་ཏུ་གྱུར་ཞིང་། མི་མང་གི་ངོ་རྒོལ་ལས་འགུལ་དེ་གྲོང་ཁྱེར་གཞན་ཁག་ཅིག་ནང་ཁྱབ་བཞིན་ཡོད་སྟབས། དོན་རྐྱེན་དེའི་ཐད་ཨེ་ཇིབ་བར་རྒལ་དམག་མིའི་གཞུང་གི་སྲིད་བློན་ཤཱ་ར་ཧྥི་(Essam Sharraf) ཡིས་ཛ་དྲག་ཚོགས་ཆེན་སྐོང་འཚོགས་བྱས་ཡོད་པ་རེད།

དམག་མིའི་བར་རྒལ་གཞུང་ནི་སྲིད་དབང་སྒེར་འཛིན་པ་མུ་བྷ་རག་ཕྱིར་འབུད་བཏང་རྗེས། གཞུང་གསར་པ་མ་བཙུགས་པར་རྒྱལ་ཁོངས་བདེ་འཇགས་དང་རྩ་ཁྲིམས་གཏན་འབེབས།འོས་བསྡུ་ལག་བསྟར་སོགས་ཀྱི་འགན་ཁུར་ཡོད་ཀྱང་། ཉེ་ཆར་བར་རྒལ་དམག་མིའི་གཞུང་གིས་རྩ་ཁྲིམས་གཏན་འབེབ་ཀྱི་ཟིན་བྲིས་ཤིག་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཐེངས་འདིའི་རྩ་ཁྲིམས་ཟིན་བྲིས་དེ་འབྱུང་འགྱུར་གཞུང་གི་རྩ་ཁྲིམས་ལམ་སྟོན་དམག་དོན་ལྷན་ཁང་གི་འོག་འགྲོ་དགོས་པར་བཀོད་ཡོད་སྟབས། མི་མང་གིས་བློ་འཚབ་བྱེད་ཡུལ་ནི་གཞུང་གསར་འཛུགས་དང་སྲིད་འཛིན་འོས་འདེམས་བྱུང་ཡང་དབང་ཆ་དམག་གི་ལག་ཏུ་ཤོར་ཉེན་ཡོད་པས། རྩ་ཁྲིམས་ཟིན་བྲིས་ལ་བསྐྱར་བཅོས་དང་གང་མགྱོགས་འོས་བསྡུའི་ལམ་ནས་གཞུང་གསར་པ་བཙུགས་ཏེ། བར་རྒལ་གཞུང་གི་དབང་ཆ་མི་མང་གིས་འོས་འདེམས་བྱས་པའི་གཞུང་གསར་པར་སྤྲོད་དགོས་པའི་ངོ་རྒོལ་བྱས་པ་ཞིག་ཡིན་འདུག

ཏོའུ་ནེ་ཤི་ཡ་དང་ཨེ་ཇིབ་གཉིས་ནི་དཀྱིལ་ཤར་གླིང་གི་མེ་ཏོག་བ་སྤྲུའི་གསར་བརྗེའི་མགོ་རྩོམ་ས་དང་། སྲིད་དབང་སྒེར་འཛིན་གཞུང་མགོ་རྟིང་སློག་རྗེས་གསར་བརྗེ་ལས་འགུལ་ཀྱི་ཤུགས་རྐྱེན་དཀྱིལ་ཤར་གླིང་གང་སར་ཁྱབ་ཅིང་། ད་ཆར་དཀྱིལ་ཤར་གླིང་གི་རྒྱལ་ཁབ་ཕལ་ཆེ་བའི་ནང་དམངས་གཙོ་བཅོས་སྒྱུར་གྱི་ལས་འགུལ་མེ་ལྟར་འབར་བཞིན་ཡོད་པ་རེད།

 
གསར་འགོད་པ། བནྡེ་སྐྱབས།
 

 

 

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 4

  1. ཐོ་རེངས། says:
    ལོ་ 15 སྔོན།

    དུས་ནང་རྙི་མ་བར་ཆད་མང་། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །

    Reply
  2. ཤར་མདའ། says:
    ལོ་ 15 སྔོན།

    མི་མང་གི་འདོད་བློ་དང་མ་འཚམ་པའི་སྲིད་ཁྲིམས་ཤིག་ལག་ལྟར་བྱས་ན་འདི་ལས་ཡོང་ཡ་ཡོད་པ་མ་རེད།  རྒྱལ་ཁབ་གང་དང་གང་ཞིག་ཡིན་རུང་ཁྲིམས་ལུགས་ཡག་པོ་ཞིག་དགོས་པ་གལ་ཆེན་རེད་ཡིན་པར་མ་ཟད་མང་གཙོ་དང་རང་དབང་ལྡན་པའི་ཁྲིམས་ལུགས་ཞིག་ངེས་པར་དགོས་པ་ཡིན།་དེ་ལྟར་ཨེ་ཇེབ་མི་མང་རྒྱལ་ལོ།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས། ཁྲིམས་ལུགས་བཟང་པོ་ཞིག་དགོས། མི་དམངས་ཀྱི་འདོད་མོས་ཁེངས་པའི་ཁྲིམས་ལུགས་ཤིག་ཆགས་ན་གཞི་ནས་ཁྲིམས་ལུགས་བཟང་པོར་ངོས་འཛིན་འོས། དམངས་གཙོའི་མང་གཙོའི་ཁྱད་ཆོས་གཙོ་བོ་འདི་ཉིད་ལ་རག་ལས་ཡོད།

    Reply
  4. གཟི་མིག་༣པ says:
    ལོ་ 15 སྔོན།

    ད་དེ་ལྟར་བོད་དང་རྒྱ་ནག་ནང་ལ་ལོ་ངོ་གཅིག་གཉིས་རྗེས་ལ་མི་ཡོང་དཀའ་མེད་རེད་
    བོད་རྒྱལ་ལོ་
    རྒྱ་ནག་མི་དམངས་རྒྱལ་ལོ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese