མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་ནི་བོད་དོན་འཐབ་རྩོད་ཀྱི་རྩ་བ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་མཆོག་གིས་སུད་སི་དང་འཇར་མན་གྲོས་ཚོགས་འཐུས་མི་ཚོར་ཐུག་འཕྲད་དང་བོད་རིགས་མང་ཚོགས་ལ་གཏམ་བཤད་གནང་ཡོད་འདུག 

ཉིན་འདི་འགར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བཀའ་ཁྲི་མཆོག་སུད་སི་རི་ཀོན་དགོན་པའི་མཁན་པོ་དང་། དབུས་བོད་མིའི་སྒྲིག་འཛུགས་སྐུ་ཚབ་དོན་གཅོད་གཙོས་པའི་ས་གནས་བོད་རིགས་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་ཛིའུ་རིག་གནམ་ཐང་དུ་འབྱོར་འདུག་ལ། ཉིན་དེར་བཀའ་ཁྲི་མཆོག་གིས་ཡུལ་དེའི་ཨལ་ཊིར་བྷ་སི་ཞེས་པའི་ཚོགས་ཁང་དུ་བོད་རིགས་མི་དམངས་ ༦༠༠ ཙམ་ལ་གཏམ་བཤད་སྤེལ་ཏེ།  “ འཛམ་གླིང་སྟེང་སྐྱབས་བཅོལ་བ་མང་པོ་ཡོད་པའི་ནང་བོད་པ་སྐྱབས་བཅོལ་པ་ཚགས་ཚུད་ཤོས་ཆགས་ཡོད་པ་དེ། གཙོ་བོ་༧གོང་ས་མཆོག་གི་ལམ་སྟོན་འོག་བོད་མི་ཚོས་ཆིག་སྒྲིལ་གྱི་ནུས་ཤུགས་བཏོན་པ་ཞིག་རེད། ཆིག་སྒྲིལ་ནི་བོད་དོན་འཐབ་རྩོད་ཀྱི་རྩ་བ་ཆགས་ཡོད་སྟབས། མ་འོངས་པར་བོད་པ་ཚོས་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད། ཕོ་མོ་འདྲ་མཉམ་ཐོག་བོད་དོན་ཐོག་དམིགས་བསལ་ནུས་པ་འདོན་དགོས་ཀྱི་འདུག ” ཅེས་བརྗོད་འདུག  ཕྱི་ཚེས་༢༡ཉིན་རྒྱལ་ས་བྷར་ཎའི་ནང་ཡུལ་དེའི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་རྒན་གྲས་ཤིག་དང་མཇལ་འཕྲད་བྱས་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་དང་། སུད་སི་གཞུང་གིས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་ཡོད། སྐབས་དེར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་མཱ་ཡཱ་གྷབ་རབ་ལགས་ཀྱང་། “ སུད་སི་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གནད་དོན་གཉིས་གལ་ཆེན་དུ་འཛིན་དགོས ” ཞེས་བརྗོད་འདུག  

ཕྱི་ཚེས་༢༢ཉིན་བཀའ་ཁྲི་མཆོག་འཇར་མན་དུ་ཕེབས་ཏེ་ཡུལ་དེའི་གྲོས་ཚོགས་བོད་དོན་གླེང་མོལ་ཚོགས་ཆུང་དང་། ཕྱི་འབྲེལ་ལས་དོིན་ཚོགས་ཆུང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧན་སི་ཨུལ་རིག་ཀོ་ལོ་སི་ (Hans-Ulrich Klose) ལགས་དང་། སྐུ་ཞབས་ཧ་རལ་ཌི་ལེབ་རི་ཆི་ (Mr.Harald Leibrecht) རྣམ་གཉིས་གཙོས་པའི་འཐུས་མི་༡༥ ཙམ་ལ་ཐུག་འཕྲད་ཀྱིས། ད་ལྟའི་བོད་ནང་གི་གནས་སྟངས་དང་། ༧གོང་ས་མཆོག་གིས་བོད་མིིའི་ཆབ་སྲིད་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་ཕྱོགས། བཙན་བྱོལ་བོད་མིའི་མང་གཙོ་ཡར་རྒྱས་སོགས་ངོ་སྤྲོད་དང་། འཇར་མན་གཞུང་དམངས་གཉིས་ཀྱིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ཡོད་འདུག ཕྱི་དྲོ་འཇར་མན་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཀ་ལིའོ་ཌོ་རོ་ཐ་ (Mrs. Claudia Roth) ལགས་དང་ཐུག་འཕྲད་སྐབས། འཇར་མན་ལྗང་ཁུ་ཚོགས་པའི་འགྱུར་བ་མེད་པའི་རྒྱབ་སྐྱོར་ལ་བསྔགས་བརྗོད་དང་། འབྱུང་འགྱུར་བོད་དོན་ཐོག་སྔར་ལས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སོགས་ཞུས་འདུག དེའི་རྗེས་ AFP གསར་འགོད་པའི་བཅར་འདྲི་དང་ལེན་དང་། འཇར་མན་གནས་སྡོད་བོད་རིགས་ཚོར་ཆིག་སྒྲིལ་ནི་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཡིན་སྐོར་གྱི་གཏམ་བཤད་བཅས་གནང་ཡོད། འཇར་མན་གྱི་གཟིགས་སྐོར་གྲུབ་རྗེས་བཀའ་ཁྲི་མཆོག་སུ་ཝེ་ཌིན། ནོར་ཝེ། ཧྥ་རན་སི། བྷེལ་ཇམ། དབྱིན་ཡུལ་བཅས་སུ་ཕེབས་རྒྱུ་ཡིན་འདུག

འདི་ནི་བཀའ་ཁྲི་མཆོག་ཡུ་རོབ་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་པ་ཐོག་མ་ཆགས་ཡོད་འདུག

གསར་འགོད་པ། དཔལ་ལྡན།
 
 

འབྲེལ་ཡོད་གསར་འགྱུར།

Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༣ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠

མཆན། 8

  1. འཇིག་རྟེན་ says:
    ལོ་ 14 སྔོན།

    འཛིགས་མེད་ལགས་ཀྱི་སྐད་ཆ་དེ་ཚོ་དྲ་གྲོགས་དག་གིས་མ་ལྟོས་ན་ཡག་ས་རེད་ཆིག་སྒྲིལ་གཏོར་མཁན་སུ་ཡིན་གསར་པོ་རེད་་་་་་་་་་སྐད་ཆ་ཚོད་ཞིག་དགོས་བ་མ་རེད་དམ།

    Reply
  2. འཇིག་རྟེན་ says:
    ལོ་ 14 སྔོན།

    གྲོགས་པོ་རྒྱང་འཁྱམས་ལགས་དེ་འདྲ་མ་གསུངས་སྐད་ཆ་དེ་ཚོ་གཞན་ཀྱི་གོ་ན་ངོ་ཚ་རེད་བློ་ནང་དུ་ཁུག་ནས་བསམ་བློ་ཡག་པོ་བཏང་།

    Reply
  3. རྒྱང་འཁྱམས་པ། says:
    ལོ་ 14 སྔོན།

    ཆིག་སྒྲིལ་མེད་པའི་མི་རིགས་དེ་མི་ལོ་ལྔ་བཅུ་ལས་མི་ལོ་ལྔ་བརྒྱ་ལ་འཐབ་རུང་རང་བཙན་མ་དགོས་རང་དབང་ཡང་ལོན་པར་མི་མཐོང་ངོ་།།

    Reply
  4. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    ཆིག་སྒྲིལ་དགོས་ན། བོད་ཀྱི་བཀའ་བློན་ལ་བོད་ཀྱི་ཕ་སྐད་མི་དགོས་པའི་བཀའ་མོལ་མ་གནང་།
    ཆིག་སྒྲིལ་དགོས་ན། ཆོལ་ཁུངས་རིས་མེད་ཀྱི་བཀའ་བློན་འདེམས་རྒྱུའི་དམ་བཅའ་ཞིག་རུལ་ཆགས་པར་དགོངས་སེལ་ཞུ་དགོས།
    ཆིག་སྒྲིལ་དགོས་ན། གསར་འབྱོར་བ་ཚོས་ཨིན་ཡིག་མི་ཤེས་པས་བཀའ་བློན་དུ་མ་འདེམས་གསུངས་པར་དགོངས་སེལ་ཞུ་དགོས།
    ཆིག་སྒྲིལ་དགོས་ན། བཀའ་ཁྲི་ཟམ་གདོང་ལྟར་རང་གི་མཁས་ཚད་ལྷག་བསམ་གྱིས་མི་རྣམས་ཁུ་སིམ་པོར་ཞོག་ཅིག
    ཆིག་སྒྲིལ་དགོས་ན། པཱ་པཱ་ཅུག་ཅུག་ཅུག་གི་སྐད་ཆ་བཤད་པ་དེ་ལ་དགོངས་སེལ་ཞུ་དགོས།
    ཆིག་སྒྲིལ་དགོས་ན། དགའ་ཉེ་འཁོར་དུ་བསྡུ་བའི་ལས་དོན་བྱེད་ཕྱོགས་ལ་གསལ་བཤད་གནང་དགོས།
    ཆིག་སྒྲིལ་དགོས་ན། རང་ཉིད་ཡ་རབས་བཟང་སྤྱོད་དང་བདེན་པའི་རྣམ་པར་རྒྱལ་ཏེ་བཀའ་ཁྲི་ཐོབ་ཚུལ་གྱི་གཏམ་བཤད་ལ་དགོངས་སེལ་ཞུ་དགོས།

    Reply
  5. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་ཡོ་རོབ་ནང་དུ་གཟིགས་སྐོར་དང་འབྲེལ་བོད་ཀྱི་གནས་དོན་ཐོག་མང་ཚོགས་ལ་གཏམ་བཤད་གནང་བ་གུས་བོད་མི་ཞིག་ཡིན་པས་ཆ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ།

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཁ་ཡོད་ཚད་ཀྱིས་བཅར་འདྲི་བྱེད་སྲིད་པས་བཅར་འདྲི་ཡོད་ཚད་དེང་ལེན་བྱེད་མི་དགོས་ཞེས་ང་རང་ཆབ་འབང་ཞིག་ཡིན་པས་གནང་བ་ཡོད་དོ།།
    སྒེར་ལས་སྤྱི་བ་གལ་ཆེ. སྤྱི་བ་ལས་རྩ་དོན་གལ་ཆེ. བཀའ་ཁྲིས་གསུང་བའི་ཆིག་སྒ྄ིལ་ཐད་ཀྱི་རིག་པའི་གཞུང་ལུགས་རེད་. ང་ཚོས་སེམས་སུ་བཅིངས་ནས་རྩ་དོན་ལ་འབོད་ཅིག་གུ

    Reply
  7. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    ཆིག་སྒྲིལ་དགོས་ན་མི་མང་དང་མཉམ་དུ་ལྷུག་ལྷུག་གིས་བཀའ་མོལ་གནང་རོགས། མི་མང་གི་དྲི་བར་ཞེད་སྣང་མ་གནང་བར་ལན་གནོང་། ལྷག་བསམ་རྣམ་དག་གིས་འགན་ཁུར་བྱས་ན་ད་གཟོད་ཆིག་སྒྲིལ་ཡོང་གི་རེད། ཁ་སང་VOA བཅའ་འདྲི་བཀག་པ། ཡོ་རོབ་ནང་དུ་བོད་མི་རེ་ཤོས་ཀྱི་དྲི་བར་ལན་མ་བཏབ་པ་སོགས་ནི་བྱ་སྤྱོད་ཡག་པོ་མ་རེད་ལགས།

    Reply
  8. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    ཨ་རོ། བློ་སེང་ཡ་བློ་སེང་། ཆིག་སྒྲིལ་ད་གལ་ཆེ་གདའ་ཆེ། ཡིན་ཡང་མགོ་ནས་ཆིག་སྒྲིལ་གཏོར་མཁན་གྱི་རྒད་པོ་བཀའ་བློན་དུ་ཉར། རང་གིས་ཆིག་སྒྲིལ་གཏོར་མགོ་བརྩམས་ན་ད་སུས་ཆིག་སྒྲིལ་ཆིག་སྒྲིལ་ཟེར་ནས་འདུག་གྱི་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese