མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེ་དགུ་མདོའི་བྱིས་པ་ཚོས་གྲང་ལྟོགས་མྱོང་གིན་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

གནམ་གཤིས་དྲོད་གྲང་ཀླད་གོར་མན་གྱི་ཏུའུ་ ༡༠ ལ་སླེབས་པའི་དགུན་འཁྱག་གི་དུས་ཚིགས་ནང་། ཁམས་སྐྱེ་དགུ་མདོའི་སློབ་ཕྲུག་རྣམས་ལ་སྡོད་ཁང་མེད་པར་གྲང་ལྷག་གི་འཚོ་བ་བསྐྱལ་དགོས་བྱུང་ཡོད་འདུག 

དེ་རིང་ཕྱི་ཚེས་ ༢༣  ཉིན་རྒྱ་ནག་ལ་ལྟ་བ་ཞེས་པའི་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཟླ་གཅིག་གི་སྔོན་ནས་བཟུང་ཁམས་སྐྱེ་དགུ་མདོའི་གནམ་གཤིས་དྲོད་གྲང་ཀླད་གོར་མན་གྱི་ཏུའུ་ ༡༠ ལ་སླེབས་ཏེ་ས་གཞི་འཁྱག་པས་བསྡམས་ཡོད་འདུག ཡིན་ནའང་། ཧ་ཅང་གྲང་ལྷག་ཆེ་བའི་དགུན་ཁའི་དུས་ཚིགས་འདིར་ཁམས་སྐྱེ་དགུ་མདོའི་གནོད་ཐེབས་ས་ཁུལ་ཁག་ཅིག་ཏུ། ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཁག་ནང་སྔར་བཞིན་སློབ་མའི་སྡོད་ཁང་གསར་རྒྱག་བྱེད་མ་ཐུབ་པར་སློབ་ཕྲུག་རྣམས་དྲོད་ཆས་ཀྱི་མཐུན་རྐྱེན་མེད་པའི་སྡོད་གུར་ནང་འདུག་དགོས་བྱུང་ཡོད་པར་མ་ཟད། དགུན་ཆས་གྱོན་གོས་དང་ཟ་མའི་ཐད་ལའང་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་འདུག 

ཉེ་ཆར་རྒྱ་ནང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་བའེ་པའོ་སོགས་སུ། ཁམས་སྐྱེ་དགུ་མདོའི་ས་ཁུལ་ཁག་ནང་སློབ་ཕྲུག་རྣམས་ལ་དགུན་ཆས་དང་ཟ་མའི་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་དང་པར་རིས་སོགས་ཐོན་ཡོད་འདུག   དྲ་མིང་ལ་རྒྱ་སེའི་བུམ་པ་ཟེར་བའི་ཟིན་བྲིས་པ་ཞིག་གིས་རང་གི་བའེ་པའོ་ཐོག་གནས་ཚུལ་སྤེལ་པ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༩ པའི་ཟླ་མཇུག་ལ་རྒྱ་ནག་ཞིན་ཧྭ་གསར་ཁང་གི་གསར་འགོད་པ་ཞིག་ཁམས་སྐྱེ་དགུ་མདོའི་ར་ཕྱུག་ཞོལ་མ་གྲོང་རྡལ་དུ་བསྐྱོད་སྐབས།   ས་ཁུལ་དེར་སློབ་ཕྲུག་ ༡༥༥༡ ལ་ད་དུང་ཁང་པ་གསར་རྒྱག་བྱེད་མ་ཐུབ་པར་མུ་མཐུད་དྲོད་ཆས་མེད་པའི་སྡོད་གུར་ནང་གྲང་ལྷག་གི་འཚོ་བ་སྐྱེལ་བཞིན་པའི་གནས་སྟངས་བྱུང་ཡོད་པ་ངོས་ལེན་བྱས་ཡོད་པའི་སྐོར་དང་། དེ་མིན་ད་དུང་ས་ཡོམ་གནོད་འཚེ་ཐེབས་ཡུལ་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་མང་པོ་ཞིག་ཏུ་དེ་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་བཀོད་འདུག  

ལོ་སྔོན་མའི་ཕྱི་ཟླ་ ༧ ཚེས་ ༩ ཉིན་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཁམས་སྐྱེ་དགུ་མདོའི་གནོད་སེལ་རོགས་དངུལ་བསྡོམས་རྩིས་གསལ་བསྒྲགས་སྐབས།  ཁམས་སྐྱེ་དགུ་མདོའི་ས་ཡོམ་གནོད་འཚེ་ཐད་རྒྱ་གཞུང་གིས་རོགས་དངུལ་རྒྱ་སྒོར་དུང་ཕྱིར་ ༧༣་༠༢ བཏང་ཡོད་པ་དང་། མང་ཚོགས་ཀྱིས་ཞལ་འདེབས་སུ་ཕུལ་བའི་རོགས་དངུལ་རྒྱ་སྒོར་དུང་ཕྱུར་ ༡༠༦་༥༧ ལ་སླེབས་ཡོད་སྐོར་བསྒྲགས་ཡོད་པ་རེད། ཉེ་ཆར་བའེ་པའོ་དྲ་རྒྱུའི་སྟེང་བསམ་ཚུལ་སྤེལ་མཁན་མང་པོ་ཞིག་གིས་ཁམས་སྐྱེ་དགུའི་ས་ཡོམ་གནོད་སེལ་ཐད་ཁྱོན་བསྡོམས་རྒྱ་སྒོར་དུང་ཕྱིར་ ༡༧༩་༥༩ སྤྲོད་ཡོད་པ་དེ་དག་གིས། ས་ཁུལ་ཆུང་ཆུང་དེ་འདྲ་ཞིག་གི་སློབ་ཕྲུག་རྣམས་ལ་སྡོད་ཁང་གསར་བ་ཞིག་དང་དགུས་ཆས་དྲོན་མོ་ཞིག་གི་མཐུན་རྐྱེན་ཀྱང་བསྐྲུན་ཐུབ་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་གཞུང་གི་འབྲེལ་ཡོད་སྡེ་ཁག་དག་གིས་མི་དམངས་ཀྱིས་ཕུལ་བའི་ཞལ་འདེབས་རྣམས་སྒེར་གཅོད་དང་། ས་གནས་དཔོན་རིགས་ཚོས་གཞུང་དངུལ་ལྐོག་ཟ་བྱས་པ་ལ་རྟེན་ནས་བྱུང་བ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

གཞན་ཡང་། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ དང་སྐར་མ་ ༣ གྱི་སྟེང་། ཁམས་སྐྱེ་དགུ་མདོའི་གནོད་སེལ་སྡོད་གུར་མང་པོ་མཉམ་དུ་གོ་སྒྲིག་བྱས་ཡོད་པའི་ས་ཁུལ་ཞིག་གི་ཚོང་རར་མེ་ཤོར་ཏེ་དགོང་མོའི་ཆུ་ཚོད་ ༣ དང་ཕྱེད་ཀའི་བར་མེ་གསོད་ཐུབ་མེད་པ་རེད། དོན་རྐྱེན་དེའི་ཁྲོད་ས་ཁྱོན་རྨིད་གྲུ་བཞི་མ་ ༤༠༠༠ ལྷག་ལ་མེ་སྐྱོན་བྱུང་ཡོད་པ་དང་། ཤིང་ལེབ་དང་འགྱིག་གིས་བཟོས་པའི་སྡོད་ཁང་ ༢༠༠ དང་། སྡོད་གུར་ ༤༠ ལྷག་མེར་བསྲེགས་ཐེབས་ཡོད་འདུག 

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༢༡ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 11

  1. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ཆབ་བྲག་ཕུད་པས་བསམ་བྲི་བ་ཚང་མས་བླ་སྤྲུལ་དག་ལ་བཤད
    འདུག. སྲན་མ་མ་ཆོད་པས་ཡོས་ལ་རང་རེད. རྒྱ་སྒོར་དུང་ཕྱིར་༡༧༩:༥༩དེས་མ་འདེང་བ་རེད་དམ. བླ་སྤྲུལ་ཚོས་འཁྱེར་ནས་དེ་ཙམ་ལས་མ་སྤྲད་པ་རེད.
    མ་གཞི་ནས་རྒྱ་སྒོར་༡༧༩༥༩༠༠༠༠༠༠:༠༠ཐམ་པ་དེ་བླ་སྤྲུལ་ཚོར
    སྤྲོད་དང. ངེད་ཅག་གིས་གླ་མེད་ཐོག་འཆར་འགོད་ཇི་ཡོད་བཞིན
    དུས་བཀག་ནང་འགྲུབ་པར་བྱོས་ཆོག་གོ ཧ་ཨེ་གོ་ཐལ

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གནོད་ཐེབས་ས་ཁུལ་ལ་རོགས་དངུལ་རག་གིན་མེད་པ་དང་ལྷག་པར་སྡོད་གནས་ཀྱི་དཀའ་ངལ་དང་ལྟོགས་སྐོམ་འབྱུང་གིན་ཡོད་ན་ཐོག་མར་ས་གནས་མི་དམངས་ཀྱིས་གཏུགས་བཤེར་དང་སྐད་འབོད་གནང་དགོས་ངེས་ཤིག་རེད། འདི་ལ་ཆབ་སྲིད་ཀྱི་རྣམ་པ་ཐོན་དགོས་པ་མེད། ས་ཁུལ་གཞན་དག་ལ་མཚོན་ན་འདི་འདྲའི་འཚོ་བའི་དཀའ་ངལ་མེད་ན་ཡང་ངོ་རྒོལ་ཅི་འདྲ་བྱས་དང་བྱེད་བཞིན་པ་རེད་ཨང།

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གཞིས་བཞུགས་ཀྱི་འབྱུང་བའི་གནོད་འཚེ་འོག་ཏུ་ཉམ་ཐག་པའི་སྐྱེ་དགུ་མདོའི་རྒན་བྱིས་ཡོངས་ལ། ཁྱེད་རྣམས་མྱུར་བ་ཉིད་དུ་སྡུག་བསྔལ་དེ་དག་ལས་གྲོལ་ཏེ་སྔར་རྒྱུན་བཞིན་འཚོ་བ་བཟང་པོ་ལ་རོལ་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ། སྐུ་ཚེ་རིང་།

    Reply
  4. མངའ་རིས་བུ། says:
    ལོ་ 15 སྔོན།

    གདན་ས་ཁྱོད་རྫིག་ང་རྫིག
    སྐུ་གདུང་ཁྱོད་ཆེ་ང་ཆེ།
    སྐྱ་མིན་སེར་མིན་དག་ལས།
    དྭ་ཕྲུག་གསོ་སྐྱོང་གནང་རོགས།

    སེམས་མེད་གསེར་དངུལ་རག་སྐུར།
    གཟུང་འཇུག་འབུལ་བ་དག་ལས།
    སེམས་ལྡན་མི་བུའི་སྐུ་ལ།
    གཟུང་འཇུག་འབུལ་ནེ་ལེགས་སྙམས།

    Reply
  5. དུག་མདའ། says:
    ལོ་ 15 སྔོན།

    འོག་འདི་ན་ཡང་སྙིང་རྗེ་དགོས་པ་འགའ་འདུག

    Reply
  6. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    བཀྲ་ཤེས་ལགས། ཡིག་ནོར་་་་ཡིག་ནོར་་

    Reply
  7. བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་ཀྱི་བླ་སྤྲུལ་འདི་དག་གིས། །
    འབྱོར་ལྡན་ས་ནས་སློང་བའི་དུས། །
    འབྱོར་མེད་རྣམས་ཀྱི་སྐྱོབ་གསོ་ཞེས།།
    བྱམས་བརྩེའི་གསུང་གིས་སློང་ན་ཡང་།།
    རང་ལ་རོགས་དངུལ་ཐོབ་པ་དང་།།
    འགའ་ཡིས་རླང་འཁོར་གཟིགས་པོ་དང་།།
    འགའ་ཡིས་བླ་བྲང་གཟིགས་པོ་དང་།།
    འགའ་ཡིས་ལྷ་ཁང་གཟིགས་པོ་དང་།།
    ཀུན་གྱིས་བྱང་གསེར་ལས་གྲུབ་པའི།།
    སྐུ་དང་མཆོད་རྟེན་སྣ་མང་དང་།།
    འགྲན་དུ་མེད་པའི་མཆོད་ཆ་སོགས།།
    རིན་བྲལ་ཅ་དངོས་སྒྲུབ་པ་ལས།།
    འབྱོར་མེད་བྱིངས་ལ་སྨིན་པ་ཡི། །
    མཐུན་རྐྱེན་མཁོ་སྤྲོད་བྱས་པ་མེད།།
    མདོར་ན་ཚང་སོ་སོའི་ཆེད།།
    དེས་ན་འབྱོར་མེད་འདི་ཚོ་ཡིས།།
    བོད་ཀྱི་བླ་སྤྲུལ་མདུན་ས་ནས།།
    ནམ་ཡང་རོགས་སྐྱོར་ཐུབ་པ་དཀའ།།

    Reply
  8. སྨྱུག་མདའ། says:
    ལོ་ 15 སྔོན།

    བོད་ཕྱི་ནང་གི་བླ་སྤྲུལ་འབྱོར་ལྡན་ཚོ་སྤྱན་གྱི་གཟིགས་རན་རེད།
    སྙིང་རྗེ་ན་རྗེ་གྱི་དེ་ན་འདུག

    Reply
  9. སྨྱུག་མདའ། says:
    ལོ་ 15 སྔོན།

    བླ་སྤྲུལ་འབྱོར་ལྡན་ཚོའི་སྤྱན་གྱི་གཟིགས་རན་རེད།
    བོད་ཕྱི་ནང་གཉིས་ཀྱི་བླ་སྤྲུལ་ཚོ་སྙིང་རྗེ་ན་རྗེ་གྱི་དེ་ན་འདུག

    Reply
  10. གཙང་ཞོལ་བདེ་གསལ། says:
    ལོ་ 15 སྔོན།

    དམར་ཤོག་ཚོགས་པས། དྭ་ཕྲུག་དེ་དག་ལ་ལྟོ་གོས་ཙམ་གྱི་རོགས་སྐྱོར་དང་འགན་མི་འཁུར་བར།
    སློབ་གྲྭ་གསར་བ་དང་། ཁྱིམ་གཞིས་གསར་བ་སྟེ། ཡུལ་ཤུལ་གསར་བ་འཛུགས་སྐྲུན་གྱི་ཁ་ཕོ་བསྒྲགས་པ་ཙམ་གྱིས། སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་གི་དཀའ་ངལ་སེལ་ཐུབ་པ་མ་ཞིག་རེད།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བླ་སྤྲུལ་དང་དད་ལྡན་སྦྱིན་བདག་ཚོས།

    སངས་རྒྱས་གསེར་སྐུ་བཞེངས་པ་ལས། །
    དད་ལྡན་ལུས་སེམས་བསོས་ན་ལེགས། །
    ཡིན་དང་མིན་པ་ཐུབ་པར་དྲིས། །
    ཡང་ན་ཁོང་གི་གསུང་ལ་དཔྱད། །

    ལྟོག་བཀྲེས་ཚ་གྲང་ལས་གྲོལ་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese