མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གད་སྙིགས་བསྡུས་ཏེ་སློབ་མའི་མཁོ་ཆས་བཟོ་བའི་སྤྱི་ཚོགས་ཞབས་ཞུ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་ཁྱིམ་དབྱིན་ཡིག་སློབ་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་འོ་མའི་ཤོག་སྒམ་དང་། ཤིང་ཏོག་ཁུ་བའི་སྣོད་ཆས་རིགས་ཀྱིས་བཟོས་པའི་སློབ་མའི་མཁོ་ཆས་རིགས་ཁག་ཅིག་འགྲེམས་སྟོན་གནང་བཞིན་འདུག

དེ་རིང་ཕྱི་ཚེས་ ༢༥ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་དབྱིན་ཡིག་སློབ་སྟོན་པ་རྒན་བསྟན་འཛིན་དཔལ་མོ་ལགས་ཀྱིས་༼གད་སྙིགས་སྐོར་གྱི་ཤེས་ཡོན་འགྲེམས་སྟོན་༽ (Trash for education exhibition ) ཞེས་པ་ཞིག་དབུ་འབྱེད་གནང་སོང་ལ། འགྲེམས་སྟོན་དེ་ནི་ངྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཐབ་དང་། བྱིས་གཉོར་ཁྱིམ་ཚང་ ༤༢ ། དེ་བཞིན་དགེ་ལས་དག་གིས་བཀོལ་སྤྱོད་བྱས་པའི་འོ་མའི་ཤོག་སྒམ་དང་ཤིང་ཏོག་ཁུ་བའི་སྣོད་ཆས། འོད་སྡེར་དང་ཧྥི་ལཱོ་པེ་(floppy)ཤེལ་དམ་ཁ་གཅོད། དུས་དེབ་དང་ཚགས་པར་རྙིང་པ་སོགས་བསྡུ་རུབ་ཀྱིས་སློབ་མའི་མཁོ་ཆས་རིགས་སྣ་ཚོགས་ཤིག་བཟོས་ཏེ། བོད་ཁྱིམ་སློབ་གྲྭ་ཁག་ ༡༧ ནང་འགྲེམས་སྤེལ་གྱིས་བེད་སྤྱོད་གཏོང་བཞིན་ཡོད་ཅིང་། དེ་ནི་གཙོ་བོ་བོད་ཁྱིམ་སློབ་གྲྭ་ཁག་གི་ཁོར་ཡུག་སྲུང་སྐྱོབ་དང་ཤེས་ཡོན་སློབ་སྦྱོང་ལ་དམིགས་པ་ཞིག་ཡིན་འདུག

 

དེ་དག་སྐོར་ལ་བོད་ཁྱིམ་དབྱིན་ཡིག་སློབ་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། ལས་གཞི་དེ་ནི་ ༢༠༠༦ ལོར་ཁོ་མོ་སྒེར་ངོས་ནས་དང་བླང་ཐོག་མགོ་འཛུགས་བྱས་པ་ཞིག་ཡིན་རུང་། ཐོག་མའི་ཀུན་སློང་དེ་༧གོང་ས་མཆོག་གི་བཀའ་སློབ་ཅིག་ཏུ།  “མི་ཞིག་ཡིན་ན་རང་ཉིད་ལ་གོ་སྐབས་དང་ལས་འགན། ནུས་པ་གསུམ་ ” ཡོད་སྐོར་གསུངས་ཡོད་པ་མཇལ་རྗེས། རང་ཉིད་ལ་ཆ་རྐྱེན་དེ་གསུམ་ཚང་ཡོད་པ་ཤེས་ཏེ། ལས་ཀ་འདི་བསྒྲུབ་རྒྱུའི་སེམས་ཐག་བཅད་པ་ཞིག་ཡིན་སྐོར་དང་། ད་ཆར་འཛམ་གླིང་སྟེང་ཁོར་ཡུག་གཅེས་ཉར་དང་ཤེས་ཡོན་སློབ་གསོ། བཟང་སྤྱོད་ཡར་རྒྱས་ཐོག་དོ་སྣང་དང་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་སྟབས། བོད་པ་ཚོས་ཀྱང་བོད་པར་ཕྱི་ལ་ངོམས་རྒྱུ་རྩ་ཆེན་པོ་ཞིག་ཡོད་པ་ནི་ནང་ཆོས་དང་བཟང་སྤྱོད་གཉིས་ཆགས་ཀྱི་ཡོད་དུས། ཚང་མས་མཉམ་རུབ་ཐོག་སོ་སོའི་ཁོར་ཡུག་གཙང་ཉར་དང་། མི་སྒེར་གྱི་བཟང་སྤྱོད་ཐོག་ནས་སྤྱི་ཚོགས་ལ་ཞབས་ཞུའི་ལས་དོན་བསྒྲུབ་དགོས་སྐོར་སོགས་བརྗོད་སོང་།   

 

འོ་མའི་ཤོག་སྒམ་གཙོས་པའི་གད་སྙིགས་རིགས་གཙང་ཉར་དང་བེད་སྤྱོད་བྱེད་སྟངས་ཐད་ལ་ཁོ་མོས། ཐོག་མར་འོ་མའི་ཤོག་སྒམ་གཙོས་པའི་སྣོད་ཆས་རིགས་བསྡུ་རུབ་གནང་རྗེས་གཙང་མ་ཞིག་བཀྲུས་ཏེ་ཉིན་གཅིག་རིང་ཉི་མར་སྐམ་གྱི་ཡོད་པ་དང་། དེ་ནས་སོ་སོས་རིག་པ་རྩལ་དུ་བཏོན་ཏེ་ཆེ་བ་ཡ་མཚན་དངོས་བྱུང་རིགས་དང་། ༧གོང་ས་མཆོག་གི་བཀའ་སློབ་བཞེངས་སྐྲུན། སློབ་མའི་དཔེ་ཁུག་དང་དངུལ་ཁུག་སོགས་བཟོ་བཞིན་ཡོད་འདུག་ལ། ཆུང་བ་སློབ་མའི་སྨྱུག་སྒམ་དང་རྩེད་ཆས་སྣ་ཚོགས། བོད་ཡིག་དང་དབྱིན་ཡིག་གི་དབྱངས་གསལ་དང་། བོད་དབྱིན་གྱི་རྨང་གཞིའི་ཤེས་བྱ། ཨང་རྩིས། ཤིང་ཏོག་རིགས་དང་མེ་ཏོག་རིགས།  ཚལ་རིགས། སེམས་ཅན་སྣ་ཚོགས་ཀྱི་འགྲེལ་བཤད་བཅས་བཟོས་ཏེ་སློབ་ཁྱིམ་སློབ་གྲྭ་ཁག་ཏུ་བེད་སྤྱོད་གཏོང་བཞིན་ཡོད་འདུག

 

གསར་འགོད་པས་བསྟན་འཛིན་དཔལ་མོ་ལགས་སུ་ལས་གཞི་འདིར་སྤྱི་ཚོགས་ནང་རྒྱབ་སྐྱོར་གང་འདྲ་ཡོད་མེད་དྲིས་པར།  “ ལས་གཞི་འདིར་༧གོང་ས་མཆོག་གིས་ཐུགས་ཧ་ཅང་མཉེས་པོ་གནང་གི་འདུག བོད་ཁྱིམ་སློབ་གྲྭའི་ངོས་ནས་ཀྱང་རྒྱབ་སྐྱོར་ཆེན་པོ་གནང་གི་འདུག  ལྷག་པར་དུ་ད་ཆར་སོ་སོ་འོ་མའི་ཤོག་སྒམ་བསྡུ་རུབ་བྱེད་དུ་མང་པོ་འགྲོ་དགོས་ཀྱི་མི་འདུག བོད་ཕྲུག་ཁྱིམ་སྡེའི་ཁྱིམ་ཚང་ ༤༢ དང་། དགེ་ལས་ཚོས་འོ་མའི་སྒམ་གཙང་མ་བཟོས་ཏེ་དུས་ཐོག་ང་ལ་སྤྲོད་ཀྱི་ཡོད་སྟབས། སྔོན་མ་དང་བསྡུར་ན་ལས་ཀའི་ཐོག་སྟབས་བདེ་རུ་སོང་ཡོད། ང་རང་གིས་བཟོས་པ་དེ་ཚོར་སློབ་ཕྲུག་ཚོས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག སློབ་ཕྲུག་ཁ་ཤས་ཀྱིས་ང་ཚོར་འོ་མའི་ཤོག་སྒམ་རག་ན་རྒན་ལགས་སྤྲད་ཀྱི་ཡིན་ཟེར་མཁན་ཡང་འདུག སློབ་ཕྲུག་ནང་གད་སྙིགས་རེད་ཟེར་ནས་མི་དགའ་མཁན་དེ་འདྲ་གཅིག་ཀྱང་བྱུང་མ་སོང་ ” ཟེར།  

 

མ་འོངས་པར་ལས་གཞི་འདི་རྒྱ་ཇེ་ཆེར་གཏོང་འཆར་ཡོད་མེད་དྲིས་པར།  “ འོ་མའི་གད་སྙིགས་བསྡུས་ཏེ་ཤེས་ཡོན་ཐོག་བེད་སྤྱོད་གཏོང་བ་འདི་བོད་ཁྱིམ་སློབ་གྲྭའི་ཁོར་ཡུག་གཙང་མ་ཡོང་ཆེད་རེད། བོད་ཁྱིམ་གྱི་གད་སྙིགས་ང་ཚོས་གཙང་མ་བཟོ་ཐུབ་དགོས་པ་རེད། ཡིན་ནའང་། སྤྱི་ཚོགས་ནང་འོ་མའི་སྒམ་ང་ཚོར་སྤྲོད་མཁན་ཡོད་ན། འོ་མའི་སྒམ་གཙང་མ་བཟོས་ཏེ་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ལ་ཕུལ་ན་འགྲིག་གི་རེད། ཁོར་ཡུག་སྲུང་སྐྱོབ་ནི་བཟང་སྤྱོད་ཐོག་བཤད་ན་ང་ཚོའི་ལས་འགན་ལྟ་བུ་ཆགས་ཡོད་དུས། ངས་ལས་གཞི་འདི་བརྒྱུད་བོད་པའི་སྤྱི་ཚོགས་ནང་ཁོར་ཡུག་ཐོག་གོ་རྟོགས་གསར་པ་ཞིག་ཡོང་བའི་རེ་བ་རྒྱག་བཞིན་ཡོད་ཅེས་ ” བརྗོད་སོང་།  

ལས་ཀའི་ཐོག་དཀའ་ངལ་འདྲ་ཡོད་མེད་དྲིས་པར།  “ ང་རང་ལས་ཀ་འདི་ལ་དོ་སྣང་ཆེན་པོ་ཡོད་སྟབས། དཀའ་ལས་ག་ཚོད་ཡོད་ཀྱང་ཉོབ་སྣང་ཡོང་གི་མི་འདུག སྔོན་མ་ལས་ཀ་བྱེད་མཁན་ང་རང་ལས་ཡོད་པ་མ་རེད། ད་ཆར་རོགས་པ་མི་གཉིས་ཡོད་པ་རེད། ཁོང་གཉིས་ཀྱི་གཅིག་ལ་བོད་ཁྱིམ་གྱི་གླ་ཆ་སྤྲོད་ཀྱི་ཡོད། གཞན་དེར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་རོགས་ཕོག་གནང་གི་ཡོད་ཅེས་ ” ཅེས་བརྗོད་བྱུང་།

བོད་ཁྱིམ་དབྱིན་ཡིག་སློབ་སྟོན་པ་བསྟན་འཛིན་དཔལ་མོ་ལགས་ནི། ཕྱི་ལོ་ ༡༩༦༥ ལོར་སིམ་ལར་སྐྱེས་ཤིང་། ད་ཆར་བོད་ཕྲུག་ཁྱིམ་སྡེའི་དབྱིན་ཇིའི་སློབ་སྟོན་པའི་འགན་འཁུར་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

 

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 15

  1. ཁ་བའི་འདབ་མ། says:
    ལོ་ 14 སྔོན།

    བོད་ཁྱིམ་དབྱིན་ཡིག་སློབ་སྟོན་པ་བསྟན་འཛིན་དབལ་མོ་ལགས་ལ་ནམ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་ག་འདི་རིགས་སྤྱི་ཚོགས་ནང་དུ་དར་སྤེལ་བཏང་བ་ལ་རེ་བ་ཡོད། མུ་མཐུན་དུ་་་་་་་

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ལས་ཀ་དེ་དངོས་གནས་ཡག་པོ་ཞིག་རེད་ཕྱིས་སུ་ངས་ཀྱད་ཁོང་དང་འདྲ་བར་འོ་མའི་ཤོག་སྒམ་དག་གིས་ཤེས་ཡོན་ཐོག་ཕན་ཐོག་ཡོད་པའི་རིག་གང་མང་བཟོ་བར་བརྩོན་ངེས་ཡིན། ངའི་ངོས་ནས་ཐད་ཀར་རྒན་ལགས་ཁོང་དང་འབྲེལ་བ་ཞིག་བྱེད་འདོད་བྱུང་བས་གལ་སྲིད་ཁོང་གི་གློག་འཕྲིན་ཁ་སྦྱང་ཤེས་མཁན་འདྲ་ཡོད་ན་ངའི་གློག་འཕྲིན་ཁ་སྦྱང་དེའི་ཐོག་གཏང་རོག་གནང།
    tsephel_lama@yahoo.com

    Reply
  3. བཞག་སྲས། says:
    ལོ་ 15 སྔོན།

    མི་རིགས་ཀྱི་ལས་ལ་བརྩོན་པའི་དཔའ་མོ་བསྟན་འཛིན་དཔལ་མོ་མཆོག་ལ་རྟེན་འབྲེལ་ཞུ།
    འོན་ཀྱང་འདི་ན་ཡི་གེའི་གད་སྙིགས་སྤུངས་གསོག་བྱེད་བཞིན་པའི་མི་བུ་ཚོར་རྒྱབ་སྐྱོར་མེད།

    Reply
  4. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 15 སྔོན།

    སློབ་སྟོན་པ་རྒན་བསྟན་འཛིན་དཔལ་མོ་ལགས་ནས་༧གོང་ས་མཆོག་གི་བཀའ་དགོངས་དངོས་སུ་ལག་ལེན་བགྱིས་པའི་བྱ་བཟང་ལ་ཤིན་ཏུ་ཡིད་རང་ཞུ་རྒྱུ། ང་ཚོའི་སྤྱི་ཚོགས་ནང་ཁྱེད་འདྲ་བའི་སློབ་མ་འབུམ་ཡོད་ན་ཉུང་དྲགས་པ་དང་། བཀའ་དྲིན་བསམ་མེད་ལོག་ཅན་ང་རློམ་པ་གཅིག་ཡིན་ན་མང་དྲག་པའི་སྐྱོན་ཡོད།

    Reply
  5. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 15 སྔོན།

    སློབ་སྟོན་པ་རྒན་བསྟན་འཛིན་དཔལ་མོ་ལགས་ནས་༧གོང་ས་མཆོག་གི་བཀའ་དགོངས་དངོས་སུ་ལག་ལེན་བགྱིས་པའི་བྱ་བཟང་ལ་ཤིན་ཏུ་ཡིད་རངས་ཞུ་རྒྱུ། ང་ཚོའི་སྤྱི་ཚོགས་ནང་ཁྱེད་འདྲ་བའི་སློབ་མ་འབུམ་ཡོད་ན་ཉུང་དྲགས་པ་དང་། བཀའ་དྲིན་བསམ་མེད་ལོག་ཅན་ང་རློམ་པ་གཅིག་ཡིན་ན་མང་དྲག་པའི་སྐྱོན་ཡོད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གད་སྙིགས་མ་ཡིན་པ་ཅིག གད་སྙིགས་ཆགས་འགྲོ་བ་དང་། གད་སྙིགས་ཅིག གད་སྙིད་མ་ཡིན་པ་བཟོ་རྒྱུ་ཡོད་པ་འདི་ལ་བརྟེན་ནས་སངས་རྒྱས་ཀྱིས་ལས་འབྲས་དང་འཁོར་བ་འགོ་འཇུག་མ་ངེས་པར་གསུངས་ནས། མཐར་སེམས་ཅན་ཐམས་ཅད་འཚང་རྒྱ་རྒྱུ་ཡོད་པ་ཐག་བཅད་ནས་གསུངས་པ་རེད། ད་དུང་མང་པོ་བྱ་རྒྱུ་ཡོད་ངེས་རེད་ལགས།

    Reply
  7. ཤག་སྒང་པ། says:
    ལོ་ 15 སྔོན།

    ཤིན་ཏུ་ལེགས། ཁྲིད་ཆས་ཀྱི་དགོས་མཁོ་ཛ་དྲག་འདུག གསར་བཏོད་ཀྱི་མཁོ་གནད་དེ་བའི་ཆེ། གསར་པ་འདྲ་ཡིན་ན་བོད་ཁྱིམ་སློབ་སྡེ་ཁག་ཚང་མར་འཕྲལ་དུ་མཁོ་སྤྲོད་བྱོས།

    ཤེས་རིག་གི་ཕལ་ཆེར་ལེན་མདོག་ཁ་པོ་མ་རེད། ཐུགས་རྗེ་ཆེ།

    Reply
  8. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    ངོ་ནས་ཡག་པོ་འདུག. ཚང་མས་རྒྱབ་སྐྱོར་གནང་རོགས. ལྷག་པར་ཏུ་བོད་ཁྱིམས་ནང་དུ་སྡོད་མཁན་ཚོས. གད་སྙིགས་རིགས་སོ་སོ་སོ་སོར་གཙང་ཉར་གྱིས་སྤྲོད་བཞིན་པའང་བཀའ་དྲིན་ཆེའོ
    གུང་སེང་སྐབས་དེངས་བླངས་སློབ་ཕྲུག་ཚོ་རེས་མས་ཀྱིས་ལས་དེར་བཀོད་དེ. སྦྱོང་བསྡུར་སྤྲད་ན་ཧ་ཅང་ལེགས་པ་ཡོང་སྙམས
    དྲི་བ་ཞིག་ནི། ད་དུང་གད་སྙིགས་ཀྱི་ངོ་བོར་སྡད་ཡོད་པས. དེའི་རྗེས་སུ་གང་འདྲ་བྱེད་ཀྱིན་ཡོད་དམ

    Reply
  9. རྒྱལ་བསྟན། says:
    ལོ་ 15 སྔོན།

    གསར་གཏོད་པ་བསྟན་འཛིན་དཔལ་མོ་ལགས་ཁྱེད་ཀྱི་མཛད་རྗེས་ཡི་རང་དང་ཐུགས་རྗེ་ཆེ་ཞུ།

    བོད་མི་ཚང་མས་ཁོང་ལྟར་རང་ནུས་ལ་དཔག་པའི་བློ་གྲོས་ཀྱི་རྩལ་སྟོན་ནས་འབད་བརྩོན་བྱས་ན་འབྲས་བུ་བཟང་པོ་ཐོབ་ངེས་རེད།

    Reply
  10. བཀྲ་ཤིས། says:
    ལོ་ 15 སྔོན།

    ཨ་མ་བསྟན་འཛིན་དཔལ་མོ་ལགས་ཐུགས་རྗེ་ཆེ།
    ཁྱེད་ཀྱིས་དངོས་གནས་རླབས་ཆེན་གྱི་བྱ་བཞག་ཅིག་བསྒྲུབས་ཤག་

    Reply
  11. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    ཆབ་བྲག་པ་ཁྱེད་རང་གིས་སྐད་ཆ་ཁྱེད་རང་ཉིད་ལ་སློབ་སྟོན་ཐེངས་གཅིག་བྱས་ན་ག་འདྲ་འདུག 

    Reply
  12. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རང་བྱུང་ཁམས་ཀྱི་གད་སྙིགས་དེ་སུས་བཟོས་སམ། གད་སྙིགས་བཟོ་མཁན་དེ་ཡང་གད་སྙིགས་ཡིན་ནམ།

    གད་སྙིགས་གད་སྙིགས་མ་ཡིན་པའི་ཐོན་དངོས་ཤིག་ཏུ་བསྐྲུན་པའི་ལག་རྩལ་འདི་ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་གྲོན་ཆུང་གི་ངོས་ཐད་བཅས་ནས་ཀྱང་ཕན་ནུས་ཆེ་བ་ཞིག་ཅི་ལ་མིན།
    དེ་བཞིན་དུ་གད་སྙིགས་སུ་འགྱུར་བཞིན་པའི་མི་རྣམས་ཀྱང་གད་སྙིགས་མ་ཡིན་པའི་མི་གསར་བ་ཕན་ནུས་ཅན་ཞིག་ཏུ་བསྐྲུན་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བའི་བློ་གྲོས་ཀྱི་ཐབས་རྩལ་ཞིག་ངོ་མཚར་ཞིག་ལོས་ཡིན།

    Reply
  13. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ཨ་མ་བསྟན་འཛིན་དཔལ་མོ་ལག་ནས་ལས་ཀ་དེ་ལྟར་བྱས་པ་ཐུགས་རྗེས་ཆེ་ཞུ།།

    Reply
  14. བརྩོན་རྒྱམ། says:
    ལོ་ 15 སྔོན།

    མི་རིགས་ལ་ཕན་ཐོག་ཡོད་པའི་བྱ་བ་གང་འདྲ་ཞིག་ཡིན་རུང་ཁྱེད་པར་མེད་པས་ངོ་མ་དེ་ནི་ཕན་པའི་བྱ་བ་གལ་ཆེན་ཞིག་ཡིན་པས་ཡི་རིང་ཡོད།  ད་དུང་འདི་ལྟར་ལམ་བསྟོན་གནང་ཐུབ་ན་དེ་བས་དགེ་མཚན་ཆེ་ན་ཐང་།

    Reply
  15. གདོང་གཡུ་ལོང་། says:
    ལོ་ 15 སྔོན།

    རང་ས་ནས་ནུས་བ་གང་ཡོད་ཀྱི་འགུལ་བསྡད་ན་ཡག་པོ་རེད།་་ཡི་རངས་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese